[423A] །།བོད་སྐད་དུ། འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་ པ་འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་སུ་གྲུབ་པར་རྣམ་པར་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་ འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱད་ཁྲི་དང། བྱང་ཆུབ་སེམས་ དཔའི་དགེ་འདུན་སུམ་ཁྲི་དྲུག་སྟོང་དང་ཐབས་ཅིག་ཏུ་བཞུགས་ཏེ་དེ་དག་ཀུན་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། སྒྲིབ་པ་ཐམས་ཅད་དང་ཡོངས་སུ་བྲལ་བ། གཟི་བརྗིད་དང་དཔལ་གྱི་ དབང་ཕྱུག་དང་ལྡན་པ། དེ་བཞིན་གཤེགས་པ་ལ་གསང་བའི་དོན་ཐབས་ཀྱིས་བསྐུལ་བ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ། སངས་རྒྱས་ཀྱི་བྱ་བ་ལྷུན་གྱི་གྲུབ་པ་ སངས་རྒྱས་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་རྣམ་པར་བཀོད་པ། ཆོས་ཀྱི་སྡེ་སྣོད་སྲུང་ཞིང་སྐྱོབ་པའི་ཕྱིར་ཐེག་པ་ཆེན་པོའི་མདོ་གཟུངས་སུ་འཛིན་ཅིང་སེངྒེའི་སྒྲས་ཕྱོགས་བཅུར་ཆོས་ཀྱི་ [423B] དེ་དག་གི་ཡོན་ཏན་གྱི་གོ་འཕང་ནི། རི་རབ་དང་འདྲ་ལ་ཤེས་རབ་ཟབ་ཅིང་རྒྱ་ཆེ་བ་ནི་རྒྱ་མཚོ་དང་འདྲ་སྟེ། བདུད་ཀྱི་སྡེ་དཔུང་དང་བཅས་པར་བཏུལ་བ། མུ་སྟེགས་ ཐམས་ཅད་སྡུད་ཅིང་སེམས་རྣམ་པར་བྱང་བ་ལ་འཇོག་པ། མཐུ་སྟོབས་དང་ལྡན་པས་རྣམ་པར་གྲོལ་བ་ལ་ཐོགས་པ་མེད་པ། མཉམ་པ་ཉིད་ལ་བདེ་བར་གནས་པ། དྲན་པ་དང་ཏིང་ངེ་ འཛིན་ཀུན་ཏུ་བཟུང་བ། བསྟན་པ་ལ་མོས་ཤིང་བློ་གྲོས་དང་ལྡན་པ། བསྡུ་བའི་དངོས་པོ་བཞི་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཐབས་ལ་མཁས་པ་དཔག་ཏུ་མེད་པས་ཆོས་ཐམས་ཅད་ ཀྱི་དོན་དང་མི་ལྡན་པ་མེད་པ། སྐྱེ་བོ་རྣམས་ཀྱི་ཡིད་བཞིན་དུ་ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར་བ། ཡོད་པ་དང་མེད་པ་ཤེས་པའི་ཤེས་རབ་དང་ལྡན་པས་ཆོས་ཀྱི་རྣམ་གྲངས་ལ་མཁས་པ་ མངོན་པར་ཤེས་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ་སྤྱན་ལྔས་སེམས་ཅན་རྣམས་ཀྱི་དབང་པོ་རྟོགས་པ། གཟི་བརྗིད་དང་དཔལ་དཔག་ཏུ་མེད་པ། སྐྱེ་བོ་མང་པོ་རྣམས་ཀྱི་བསམ་གཏན་དང་ཤེས་ རབ་ཀྱིས་སེམས་སུ་སྦྱངས་ཏེ་མཚན་དང་དཔེ་བྱད་བཟང་པོས་བརྒྱན་ཅིང་མཆོག་དང་ལྡན་པར་བྱེད་པ། སེམས་ནམ་མཁའ་དང་འདྲ་བ་འཇིག་རྟེན་གྱི་གཟུགས་དང་ཁ་དོག་ཡོངས་སུ་བཏང་སྟེ་ ཆོས་རྣམས་ཀྱི་ཆོས་ཉིད་ལ་མཁས་པ། རང་གི་རིག་པ་དང་ལྡན་པའི་ཤེས་རབ་ཀྱིས་སེམས་ཅན་གང་ནས་གང་དུ་འཁོར་བར་ཤེས་པ་ཏིང་ངེ་འཛིན་ཐམས་ཅད་དང་ལྡན་པས་མཉམ་པ་ [424A]༄༅། །མེད་པ་ལ་བསྙེན་པ། དགེ་བའི་རྩ་བ་ཡུན་རིང་བོ་ནས་བསྐྱེད་པས་སངས་རྒྱས་ཀྱི་དབང་ཕྱུག་ཐོབ་པ། ཡེ་ཤེས་དང་སྟོབས་བཅུ་དང། མི་འཇིགས་པ་བཞི་ དང། མ་འདྲེས་པ་བཅོ་བརྒྱད་དང་ལྡན་པ། བཟང་འགྲོའི་སྒོ་ནི་ཕྱེ། ངན་འགྲོ་རྣམས་ཀྱི་སྒོ་ནི། བཀག་སྟེ། སེམས་ཅན་ཀུན་ལ་བུ་གཅིག་དང་འདྲ་བར་སྙོམས་པར་བསྟན་པའི་ ཕྱིར་ལམ་རྒྱུད་ལྔར་སྐྱེ་ཞིང་ལུས་སྟོན་པར་བྱེད་པ། སེམས་ཅན་རྣམས་ཉོན་མོངས་པ་ལས་བསྒྲལ་བའི་ཕྱིར་སྨན་པའི་རྒྱལ་པོ་ལྟར་རྫུ་ཞིང་འཁོར་བ་ལ་གནས་ཏེ། ནད་གསོ་བའི་ ཆོ་ག་ལ་མཁས་པས་ནད་ཀྱི་རྐྱེན་བཞིན་དུ་སྨན་བྱིན་ནས་འཁོར་བ་ལས་ཡོངས་སུ་ཐར་པར་བྱེད་པ། གང་གིས་ཐོས་ཀྱང་མ་གྲོལ་བ་མེད་པ་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ ལྡན་པ༑ སྔོན་འདས་པའི་སངས་རྒྱས་གྲངས་མེད་པ་ལ་མཆོད་པ་མྱོང་བ། སངས་རྒྱས་ཀྱི་ངོ་བོ་ཉིད་ཤིན་ཏུ་རིག་པ། དེ་བཞིན་གཤེགས་པ་ཡུན་དུ་གནས་པར་ཤེས་པ། རྟག་ པར་ཡང་སེམས་ཅན་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་པར་བཤད་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དང། བྱང་ཆུབ་སེམས་ དཔའ་འོད་མི་གཡོ་དང། བྱང་ཆུབ་སེམས་དཔའ་ཀླུ་ཤིང་ལྗོན་པ་དང། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་ [424B] བྱང་ཆུབ་སེམས་དཔའ་སྨན་གྱི་བླ་དང། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་རྒྱལ་པོ་ དང། བྱང་ཆུབ་སེམས་དཔའ་སེངྒེའི་སྒྲ་དང། བྱང་ཆུབ་སེམས་དཔའ་གཟུངས་འཛིན་དང། བྱང་ཆུབ་སེམས་དཔའ་རིན་ཆེན་མཛོད་དང་བྱང་ཆུབ་སེམས་དཔའ་རྟག་འགྲུས་དང། བྱང་ ཆུབ་སེམས་དཔའ་རྒྱུན་མི་གཏོང་དང། བྱང་ཆུབ་སེམས་དཔའ་མཚན་ཉིད་ལ་དད་པ་དང། བྱང་ཆུབ་སེམས་དཔའ་ཐུབ་མེད་དང། བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་དྲུག་སྟོང་དང། མཐུ་སྟོབས་དང་ལྡན་པའི་ལྷ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ཅུ་དང་དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་དང་ དགེ་བསྙེན་མ་རྣམས་དང། ལྷ་དང། ཀླུ་དང། གནོད་སྦྱིན་དང། མི་དང་མི་མ་ཡིན་པ་ལ་སོགས་པ་དང། ཚངས་པ་དང། བརྒྱ་བྱིན་ལ་སོགས་ཏེ་གྲངས་མེད་དཔག་ཏུ་མེད་པའི་ལྷ་དང་ལྷན་ ཅིག་ཏུ་ནམ་མཁའ་ལ་འཁོད་དེ་ལྷའི་རིན་པོ་ཆེའི་མེ་ཏོག་གི་ཆར་ཕབ་ནས་རོལ་མོ་སིལ་སྙན་ཡང་གྲངས་མེད་དཔག་ཏུ་མེད་པ་སྒྲ་རང་འབྱིན་པ་བྱས་ཏེ། ལྷ་ཚངས་པས་སམྦྷ་རའི་སྤོས་ཀྱི་ བདུག་པ་དྲི་ཞིམ་པོས་བདུགས་ཏེ། དེ་བཞིན་གཤེགས་པ་ལ་མཆོད་པའི་སྤྲིན་ཕུང་ཕྱོགས་བཅུའི་འཇིག་རྟེན་གྲངས་མེད་པའི་ཁམས་ཀུན་ཁྱབ་པར་གྱུར་ཏེ། ཕྱོགས་བཅུའི་སངས་རྒྱས་ [425A]༄༅། །ཐམས་ཅད་དང། ཕྱོགས་བཅུའི་ཆོས་ཐམས་ཅད་དང་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་ལ་ཀུན་ཏུ་མཆོད་ཡོན་གསོལ་བར་གྱུར་ ཏོ༑ ༑དེ་ལྟར་ལྷ་རྣམས་ཀྱིས་མཆོད་པ་གུལ་བ་ཡང་ཐེག་པ་ཆེན་པོ་བླ་ན་མེད་པའི་ལམ་ཚོལ་བའི་ཕྱིར་རོ། །དེ་ནས་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་འཁོར་ཆེན་པོ་གྲངས་མེད་ དཔག་ཏུ་མེད་པས་བསྐོར་བ་དེ་དག་དང་ཐབས་གཅིག་ཏུ་ཤིང་སཱ་ལ་ཆེན་པོ་ག་ལ་བ་དེ་ལོགས་སུ་གཤེགས་ནས་དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ལ་མྱ་ངན་ལས་འདའ་བའི་ཁར་ དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་སྡུད་ཅིང་སྐྱོབ་པར་དགོངས་ཏེ། གསུང་དབྱངས་ཆེན་པོ་ཕྱུང་ནས་སྒྲ་དེས་ཕྱོགས་བཅུ་ ཀུན་ཏུ་ཁྱབ་པར་སོ་སོའི་སྐད་བཞིན་དུ་སེམས་ཅན་ཐམས་ཅད་ལ་བཀའ་སྩལ་པ། དེང་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ སེམས་ཅན་ལ་ཐུགས་བརྩེ་བར་དགོངས་སོ། །སེམས་ཅན་ལ་སྲུང་ཞིང་སྐྱོབ་པར་དགོངས་སོ། །སེམས་ཅན་སྡུད་ཅིང་ཞེས་པར་དགོངས་སོ་།སེམས་ཅན་ལ་སྙོམས་པར་གཟིགས་པ་ ནི༑ དཔེར་ན། བུ་གཅིག་ལ་ལྟ་བ་དང་འདྲ་བར་རྟེན་མེད་པ་ལ་རྟེན་བྱའོ། །སངས་རྒྱས་ཀྱི་བདག་ཉིད་མ་མཐོང་བ་ནི། མཐོང་བར་བྱའོ། །ཉོན་མོངས་པ་དང་མ་བྲལ་བ་ནི། བྲལ་བར་བྱའོ། ། [425B] བདེ་བར་བྱའོ། །མ་གྲོལ་བ་ནི། རྣམ་པར་གྲོལ་བར་བྱའོ། །ལོངས་སྤྱོད་མེད་པ་ནི། ལོངས་སྤྱོད་དང་ལྡན་པར་བྱའོ། །ཐེ་ཚོམ་དང་མ་བྲལ་བ་ནི། ཐེ་ཚོམ་དང་བྲལ་བར་བྱའོ། ། འགྱོད་ཚངས་མ་བྱས་པ་ནི། འགྱོད་པ་ཚངས་པར་བྱའོ། །མྱ་ངན་ལས་མ་འདས་པ་ནི། མྱ་ངན་ལས་བཟླ་བར་བྱའོ། །ཞེས་བཀའ་སྩལ་པ་དང། དེའི་ཚེ་དེའི་དུས་ན་ལམ་གྱི་གཡས་གཡོན་ དུ་ས་གཞི་མཉམ་པ་ཐང་བཟང་པོ་ཡོངས་སུ་དག་པ། བཀྲ་ཤིས་ཀྱིས་ཆུ་ཞེང་དུ་མཉམ་པར་དཔག་ཚད་སྟོང་ཕྲག་བཅུ་བཅུ་ཡོད་པར་བཅོམ་ལྡན་འདས་ཀྱིས་གཟིགས་ནས་མོད་ལ་དེར་གཞེས་ ཏེ་དགེ་སློང་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གནས་འདིར་ནི་ཆོས་བཤད་པའི་སར་འོས་སོ། །ཞེས་བཀའ་སྩལ་བ་དང། དགེ་སློང་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ནི་སྔོན་རྟག་ཏུ་རི་དང། ཚལ་དང། ཆབ་གཙང་མ་འབབ་པ་དང་བཟའ་ཤིང་གི་ར་བ་དང། མེ་ཏོག་དག་མཆིས་ པ་ལ་དགྱེས་ན། དེང་འདིར་ནི། ཆར་འབབ་པའང་མ་མཆིས། ཤིང་དང་ཚལ་ཡང་མ་མཆིས། གྲོང་ཁྱིམ་དང། བཟའ་ཤིང་གི་ར་བ་དང། མི་ཕལ་ཡང་མ་མཆིས་པར་བཅོམ་ལྡན་འདས་ འདིར་ཅི་ལ་དགྱེས་ཏེ་བཞུགས་ཤིང་ཆོས་བཤད་ཅེས་གསུངས། ཕལ་ཤུལ་རིང་པོ་ནས་མཆི་བ། བཀྲེས་སྐོམ་པའི་སྡུག་བསྔལ་གྱིས་གདུངས་པའི་སེམས་ཅན་རྣམས་སྲོག་ཀྱང་མི་ [426A]༄༅། །འཚོ་སྟེ༑ ཟས་མཆིས་ན་ནི། སྲོག་མཆིས། སྲོག་མཆིས་ན་ནི། ལུས་མཆིས། ལུས་མཆིས་ན་ནི། ཆོས་ལམ་ཡང་མཆིས་སོ། །ཟས་མ་མཆིས་ན། སྲོག་མ་ མཆིས༑ སྲོག་མ་མཆིས་ན། ལུས་མ་མཆིས། ལུས་མ་མཆིས་ན། ཆོས་ལམ་ཡང་མ་མཆིས་ལགས་ན། ད་འདིའི་ནང་དུ་འདི་ལྟ་བུ་ཡིད་ལ་བབ་བོ་གང་ཡང་མ་མཆིས་པར་བཅོམ་ ལྡན་འདས་ཅིའི་སླད་དུ་འདིར་ཆོས་བཤད་ཅེས་གསུངས། དེ་ནས་ཤེས་རབ་ཆེན་པོ་ཤཱ་རད་ཏིའི་བུས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཀུན་དགའ་བོ་ལ་སྨྲས་པ། སྔར་ཆོས་ཀྱི་ཕྱིར་ ཞུ་བའི་རིགས་ཀྱི། གཞན་བསམ་མི་དགོས་སོ། །དེ་བཞིན་གཤེགས་པ་ནི་སྟོབས་བཅུ་དང། མི་འཇིགས་པ་བཞིར་མ་ཟད་ཀྱི། དེ་བཞིན་གཤེགས་པ་ལ་སྟོབས་དཔག་ཏུ་མེད་པ་ དང། ཅིས་ཀྱང་མི་བསྙེངས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དཔག་ཏུ་མེད་པ་དང། གཟི་བརྗིད་དང། རྫུ་འཕྲུལ་དཔག་ཏུ་མེད་པ་མངའ་སྟེ། གང་རྟེན་མེད་པ་དེའི་ནི། རྟེན་དུ་མཛད་ སངས་རྒྱས་ཀྱི་ངོ་བོ་ཉིད་མ་མཐོང་བ་ནི། མཐོང་བར་མཛད་ཉོན་མོངས་པ་དང་མ་བྲལ་བ་ནི། ཉོན་མོངས་པ་དང་བྲལ་བར་མཛད། བདེ་བ་མེད་པ་ནི། བདེ་བ་ལ་རེག་པར་མཛད། མ་གྲོལ་ བ་ནི༑ རྣམ་པར་གྲོལ་བར་མཛད། ལོངས་སྤྱོད་དང་མི་ལྡན་པ་ནི་ལོངས་སྤྱོད་དང་ལྡན་པར་མཛད། མྱ་ངན་ལས་མ་འདས་པ་ནི་ཡོངས་སུ་མྱ་ངན་ལས་བཟླ་བར་མཛད་དེ། དེ་བཞིན་ [426B]མེད་པ་དང་ལྡན་ན། དེ་བཞིན་གཤེགས་པ་ལ་རང་འབྱུང་མེད་པའི་མྱ་ངན་བྱ་ཅི་དགོས། བདག་དྲན་པ་སྔོན་དྲ་མ་ཆེན་པོ་དྲི་ མ་མེད་པར་གྲགས་པས་ཕལ་མང་པོ་ལ་ཆོས་བསྟན་པ་ན་འཇིག་རྟེན་གྱི་ཁམས་གཞན་ནས་འོངས་པའི་བྱང་ཆུབ་སེམས་དཔའ་དང། ཉན་ཐོས་དང། རང་སངས་རྒྱས་དང། མཐུ་ སྟོབས་དང་ལྡན་པའི་ལྷ་དང། ཀླུ་ལ་སོགས་པའི་ཕལ་མང་པོ་ཁང་པའི་ནང་དུ་འདུས་ཏེ་འཁོད་པའི་ཚེ་ན་ཟས་དག་མི་སྣང་ནས་བདག་གིས་དེའི་ཚེ་ཕལ་མང་པོ་འདི་རྣམས་ཀྱི་ཟས་ཇི་ལྟར་ འབྱོར་སྙམ་བསམ་པ་ལས་དྲི་མ་མེད་པར་གྲགས་པས་བདག་ལ་སྨྲས་པ། ཉན་ཐོས་ཤེས་རབ་དམན་པ། ཡང་དག་པའི་ཆོས་བསམ་པའི་རིགས་ཀྱི། ཐོག་མ་ནས་ཟས་དང། གོས་དང། ཁྲི་ སྟན་ལ་སོགས་པ་སྒྱུ་མའི་རྫས་ལ་ཅིའི་ཕྱིར་རྣམ་པར་རྟོག་ཅེས་དྲི་མ་ཆེན་པོ་དྲི་མ་མེད་པར་གྲགས་པས་དེ་སྐད་སྨྲས་པའི་ཚེ་ལྷ་དང། མི་རྣམས་ནི། ཆོས་ལམ་ཐོབ། བདག་ནི། སྐྱེངས་ཏེ་ ཁྱོད་ད་ལྟར་སྨྲས་པའང་དེ་དང་འདྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དགའ་བོ། བློ་གྲོས་ཀྱི་མཆོག་ཤཱ་རད་ཏིའི་བུས་སྨྲས་པ་བདེན་ཏེ། ཐེག་པ་ཆེན་པོ་ བསམ་པའི་རིགས་ཀྱི་ལུས་བདེ་བའི་ཕྱིར་བསམ་པ་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ་ཏིང་ངེ་འཛིན་དུ་ཞུགས་ནས་བྱིན་གྱིས་བརླབས་ཀྱི་མོད་ལས་དེར་གསེར་གྱི་མེ་ཏོག་ཅིག་ [427A]༄༅། །འབུས་ནས་བྱུང་སྟེ། དེའི་འཕང་དུ་དཔག་ཚད་ཁྲི་ཕྲག་བཞི་བཅུ་ཡོད་ལ། སྟོང་ཁམས་ཀུན་ཀྱང་ཆུབ་པར་གཡོགས་ནས་བཻ་ཌཱུརྱའི་དྲ་བས་ཀྱང་གསེར་གྱི་མེ་ཏོག་ ཁྱབ་པར་གཡོགས་ཏེ། མེ་ཏོག་དེའི་འོག་ཏུ་རིན་པོ་ཆེའི་ཁྲུས་ཀྱི་རྫིང་བུ་ཡོན་ཏན་བརྒྱད་དང་ལྡན་པའི་ཆུ་གཙང་མས་ཡོངས་སུ་གང་བ། དེའི་ངོས་བཞིར་མེ་ཏོག་སྣ་ཚོགས་རྣམ་པ་མང་ པོ་ལ་འདི་ལྟ་སྟེ། མེ་ཏོག་ཨུཏྤ་ལ་དང། ཀུ་མུ་ད་དང། པདྨ་དང། པུཎྜ་རཱི་ཀ་ལ་སོགས་པ་རྣམ་པ་མང་པོ་དཔག་ཏུ་མེད་པས་རིན་པོ་ཆེའི་རྫིང་རྣམ་པར་བརྒྱན་པ་བྱུང་ནས་གང་ལ་ལ་ཞིག་ གིས་གསེར་གྱི་མེ་ཏོག་དང། རིན་པོ་ཆེའི་རྫིན་བུ་མཐོང་བ་ཙམ་གྱིས་ཆོས་ཀྱི་རྣམ་པར་དག་པ་ཐོབ་ན། ནང་དུ་ཞུགས་ཏེ་ཁྲུས་བྱས་པ་ལྟ་ཅི་སྨོས། གལ་ཏེ་ཞུགས་ཏེ་ཁྲུས་བྱས་པ་ནི། རྣམ་ པར་དག་པ་དང། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །གསེར་གྱི་མེ་ཏོག་དེའི་འོག་ཏུ་སེངྒེའི་ཁྲི་རིན་པོ་ཆེ་ལས་བྱས་པ། འཕང་དུ་དཔག་ཚད་བརྒྱ་པ་བྱུང་སྟེ། དེ་ནས་བཅོམ་ལྡན་འདས་ ཀྱིས་རིན་པོ་ཆེའི་ཁྲི་དེ་ལ་བཞུགས་ནས་སྐུའི་བ་སྤུའི་བུ་ག་དང། ཡན་ལག་ཀུན་ནས་འོད་ཟེར་ཆེན་པོ་བཏང་སྟེ། དེ་བཞིན་གཤེགས་པའི་འོད་ཟེར་ཡང་གསེར་གྱི་མེ་ཏོག་དག་གི་ ཁ་དོག་དང་མཐུན་པར་ཕྱོགས་བཞིར་བྱུང་བས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་པར་སྣང་བར་བྱས་པའི་གནས་ཐམས་ཅད་དུ་རི་ལུང་དང། ཡུལ་ས་ཀུན་ཀྱང་ [427B]སྨེ་གཙོག་པའང་མེད་ལ་སེམས་ཅན་དམྱལ་བའང་ཞི་ནས་ཡི་དྭགས་ཀྱང་རྣམ་པར་གྲོལ་ཏེ། ལོག་སྤྱོད་དང་དམ་པའི་ཆོས་ ལ་སྨོད་པ་ནི། མ་གཏོགས་སོ། །དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་གྱི་ཁམས་གཞན་དང། དབུས་ཀྱི་ཁམས་འདི་དང་འདྲ་བར་གྱུར་ནས་ཐ་དད་པ་མེད་དོ། །ཕྱོགས་ བཅུའི་སངས་རྒྱས་ཀྱིས་ཀྱང་འོད་ཟེར་དེ་གཟིགས་ནས་སོ་སོ་ནས་ཚིག་མཐུན་པར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལེགས་སོ། །ཞེས་པས་བསྟོད་ནས་ལེགས་སོ་ལེགས་སོ། །བཅོམ་ལྡན་ འདས་བྱམས་པ་ཆེན་པོས་འོད་ཟེར་བཏང་བ་འདི་ནི། སྔོན་གྱི་འོད་ཟེར་དང་མི་འདྲ་སྟེ། སྔོན་ཆད་ཀྱི་འོད་ནི། ཤར་ཕྱོགས་སུ་སྔར་ཤར་ན། དེང་གི་འོད་ནི། ཕྱོགས་བཞི་ནས་དུས་གཅིག་ཏུ་ ཕྱོགས་བཅུར་ཁྱབ་པར་ཤར་བ་ལས་བལྟས་ན། འོད་དེས་ནི། སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་ཁམས་གསུམ་ནས་བཏོན་ཏེ་མྱ་ངན་ལས་བཟླ་བར་མངོན་ནོ། །ཞེས་གསུངས་སོ། །དེ་ ནས་ཕྱོགས་བཅུའི་སངས་རྒྱས་རྣམས་སོ་སོའི་འཁོར་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་མི་ མཇེད་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་འོད་ཟེར་ཆེན་པོ་གཏོང་བ་ནི། གདོན་མི་ཟ་བར་དམ་པའི་ཆོས་བསྟན་ཅིང་སེམས་ཅན་ [428A]༄༅། །རྣམས་སྡུག་བསྔལ་བ་ལས་བསྒྲལ་གྱི་ཆ་ན། ཁྱེད་རྣམས་འཇིག་རྟེན་གྱི་ཁམས་དེར་སོང་ལ། སངས་རྒྱས་དེ་ལ་མཆོད་པ་ཕུལ་ནས་ཐེ་ཚོམ་རྣམས་ཞུ་ཞིང་ཆོས་ཀྱི་ རྣམ་གྲངས་ཉན་ཅིང་གསོལ་བའི་རིགས་སོ། །འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་ཡོངས་ཀྱིས་ངན་ཅིང་ཁྲོ་ལ་རྫུན་རྒྱུ་ཅན་ཏེ་ཐེག་པ་གཅིག་ལ་མ་དད་པས་དེ་བཞིན་གཤེགས་པ་ ཤཱཀྱ་ཐུབ་པར་བྱམས་པ་ཆེན་པོ་ཐབས་སྣ་ཚོགས་ཀྱིས་ཐེག་པ་གསུམ་དུ་ཕྱེ་སྟེ་སྲིད་པ་གསུམ་ལས་རྣམ་པར་གྲོལ་བར་བྱེད་དོ་།ཐེག་པ་གསུམ་དུ་བསྟན་གྱིས་ཀྱང་ཐོག་མར་དགེ་བ། བར་ དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་དགེ་བ། ཡོངས་སུ་དཀར་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་ནི། བསྐལ་པ་ཁྲི་ཕྲག་བརྒྱ་སྟོང་ དུའང་མཐོང་བར་མི་འགྱུར། །ཆོས་ཀྱི་རྣམ་གྲངས་བཤད་དོ་ཅིག་ཀྱང་ཐོས་པར་མི་འགྱུར། འཁོར་དེ་དག་ཀྱང་ཚོགས་འདུས་པར་མི་འགྱུར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གདན་ཁྲི་དང་ གསེར་གྱི་མེ་ཏོག་ཁྱད་པར་ཅན་ལ་བཞུགས་པའང་མཐོང་བར་མི་འགྱུར་རོ། །དེ་བས་ན། ཁྱེད་རྣམས་འཇིག་རྟེན་དེར་སོང་ལ་སངས་རྒྱས་དེ་མཐོང་ཞིང་ཐེ་ཚོམ་དག་ཞུ་ན། ཁྱེད་རྣམས་ཀྱང་ བསོད་ནམས་ཐོབ་ལ། སྐྱེ་བོ་ཀུན་ལ་ཕན་པ་དང། བདེ་བར་ཡང་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རེ་རེ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ [428B]རྒྱས་ལ་ཕྱག་བཙལ་ནས་ཐབས་གཅིག་ཏུ་དོང་སྟེ་བྱང་ཆུབ་སེམས་དཔའ་རེ་རེ་ཡང་རོལ་མོ་རྣམ་པ་བརྒྱ་སྟོང་ཐོགས་ཏེ་མེ་ཏོག་རིན་ པོ་ཆེ་མཆོག་ཏུ་བཟང་པོའི་ཆར་ཕབ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་ཕྱིན་ཏེ་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ལན་བདུན་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་ དེ་ནས་སོ་སོ་ནས་ཚིག་གཅིག་དང། ངག་གཅིག་དང། སྒྲ་གཅིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ལོ། །བཅོམ་ལྡན་འདས། བདག་ཅག་གསོལ་ཞིང་ཞུ་བ་ཞིག་མཆིས་ ན༑ སྐྱེ་བོ་རྣམས་ལ་སྨན་པ་དང་བདེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་ཞིང་བཤད་པར་སྨོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕས་བྱིན་པའི་བྱང་ཆུབ་སེམས་དཔའ་ རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཐེ་ཚོམ་ཡོད་ན་དེ་ཀུན་དྲིས་ཤིག་དང། ངས་ཁྱེད་རྣམས་ལ་བྱེད་བྲག་ཕྱེད་པར་བཤད་དོ་།དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གི་དེ་བཞིན་གཤེགས་པས་ནི། ཐེག་པ་གཅིག་ལས་མི་བཤད་ན། འདིར་ནི། བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་ཐེག་ པ་གསུམ་དུ་བཤད་ཅེས་གསོལ་པ་དང། དེ་ནས་བཅོམ་ལྡན་འདས་ཀྱིས་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ [429A]༄༅། །རྣམས་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་དོན་འདི་ལྟ་བུ་འདྲི་བ་ལེགས་ཀྱི། ཉོན་ཅིག་རིགས་ཀྱི་བུ་རྣམས། དཔེར་ན། མི་གཅིག་ལ་མིང་གསུམ་ཡོད་ པ་ལྟ་བུ་སྟེ། ཆུང་ངུའི་ཚེ་ན་ནི། བྱིས་པ་ཞེས་བྱ། ལོ་ཉི་ཤུ་ཡན་ཆད་ལ་སྐྱེས་བུ་ཞེས་བྱ། ལོ་བརྒྱད་ཅུ་ཡན་ཆད་འདས་པ་ནི། རྒན་པོ་ཞེས་བྱའོ། །ངའི་ཐེག་པ་གསུམ་ཡང་དེ་དང་འདྲ་སྟེ་ སེམས་རྒྱ་ཆུང་ངུ་ཉན་ཐོས་ལ་ནི། ཐེག་པ་ཆུང་ངུ་བསྟན་སེམས་རྒྱ་འབྲིང་པོ་རང་སངས་རྒྱས་ལ་ནི། ཐེག་པ་འབྲིང་པོ་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་ ཆེན་པོ་ལ་ཞུགས་པ་ལ་ནི། ཐེག་པ་ཆེན་པོ་བསྟན་ཏོ། །རིགས་ཀྱི་བུ་ཁྱེད་རྣམས་ཡང་ཉོན་ཅིག་མདོར་མཐའ་གཉིས་མེད་པ་དང་ཕྱོགས་གཅིག་ཏུ་མཐུན་ཏེ། ཤེས་པའི་སྒོ་ཐ་དད་ ཀྱང་མཐའ་གཅིག་ཏུ་འདུའོ། །མདོ་ནི། ཐེག་པ་གཅིག་སྟེ། ཐབས་སྤྱད་པས་གསུམ་དུ་བགོས་ཀྱིས་ཀྱང་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཐེག་པའང་ཐེག་པ་ཆེན་པོའི་ནང་དུ་འདུ་ལ་ཐེག་ པ་ཆེན་པོ་ནི། སངས་རྒྱས་ཀྱི་ཐེག་པའོ། །དེ་བས་ན་ཐེག་པ་གསུམ་ཡང་ཐེག་པ་གཅིག་གོ་ཞེས་ཆོས་འདི་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་མི་སྐྱེ་བའི་ཆོས་ལ་ བཟོད་པ་ཐོབ་བོ། །དགེ་སློང་བརྒྱད་བརྒྱས་ནི། དགྲ་བཅོམ་པའི་འབྲས་བུ་ཐོབ། ལྷ་ཉི་ཁྲིས་ནི། ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ། མི་ལས་ཁྲི་ཕྲག་བརྒྱ་སྟོང་ནི། མོད་ལ་བླ་ན་མེད་ [429B]།དེ་ནས་ཕྱོགས་བཅུ་ནས་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་ བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ནི། དེ་བཞིན་གཤེགས་པའི་མཐུ་དང། བྱིན་གྱི་རླབས་ཀྱིས་ཁམས་འདིར་ཕྱིན་ཅིང་བཅོམ་ལྡན་ འདས་ཀྱི་ཞལ་མཐོང་བའི་སྟེང་དུ་ཐེག་པ་ཆེན་པོའི་ཆོས་ཀྱང་ཐོས་ནས་ཆོས་ཀྱི་རྣམ་གྲངས་འདི་བདག་ཅག་གིས་བླངས་ཏེ་གཟུངས་སུ་འཛིན་པར་གནང་བར་མཛད་དུ་གསོལ། དེ་བཞིན་ གཤེགས་པ་མྱ་ངན་ལས་འདས་པའི་སླད་ན་འཇིག་རྟེན་གྱི་ཁམས་འདི་དང། འཇིག་རྟེན་གྱི་ཁམས་གཞན་དུ་རི་དང། ནགས་དང། ཚལ་དང་ཤིང་དྲུང་དང། རིག་པ་འཛིན་པའི་གནས་ དང། གྲོང་ཁྱེར་དང། གྲོང་རྡལ་དང། ལྗོངས་དང། དགོན་པ་དང། དུར་ཁྲོད་དང། མཆོད་རྟེན་དང། གཙུག་ལག་ཁང་དང། དགེ་འདུན་གྱི་གནས་ཁང་དང། ཆོས་སྟོན་པའི་ས་མང་པོ་འདུ་བ་ དང། ཁྱིམ་པའི་གནས་སོ་སོའི་ཁྱིམ་ཁྱིམ་དུ་རྒྱ་ཆེར་སྤེལ་ཞིང་རྒྱུན་མི་འཆད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་ན་ངན་འགྲོ་ཀུན་བཀག་པར་འགྱུར་ རོ༑ ༑སྔོན་དེ་བཞིན་གཤེགས་པས་བསྟན་པས་སེམས་ཅན་དམྱལ་བའི་སྒོ་བཅད་ཅེས་ཐོས་ཏེ། གང་གིས་མདོ་སྡེ་འདི་ལས་ཚིག་གཅིག་བཏོན་ན་ལྷ་རྣམས་ཀྱང་རབ་ཏུ་དགའ་བ་དང་ཚིམ་པ་ [430A]༄༅། །སྐྱེས་ཏེ་རྟག་ཏུ་བསྙེན་བཀུར་བགྱིད་ཅིང་རང་བཞིན་གྱིས་དགེ་བ་སྤྱོད་དོ། །གང་ལ་ལས་ཐར་པ་ཆེན་པོ་ཕྱོགས་སུ་རྒྱལ་བའི་མདོ་འདི་ཐོས་ཏེ་དགའ་བ་སྐྱེས་ནས་ དད་པ་དང་གུས་པའི་སེམས་ཀྱིས་ཡི་གེར་འྦྲིའམ། ཡི་གེར་འབྲིར་འཇུག་གམ། ཀློག་གམ། ཁ་ཏོན་དུ་བྱས་སམ། བླངས་སམ། འཆང་ངམ་ཕྱག་འཚལ་ཞིང་ཆོས་ཀྱི་རྣམ་གྲངས་ འདིའི་ནང་གི་སངས་རྒྱས་ཀྱི་མཚན་གཅིག་གམ། བྱང་ཆུབ་སེམས་དཔའི་མིང་གཅིག་བརྗོད་ན་གང་ཟག་དེ་ནི། ཚེ་འདི་ཉིད་ལ་བདེ་བ་ཐོབ་སྟེ། སྡིག་པ་རྣམས་མི་མཐོང་ཞིང་ཚེ་ཟད་དེ་འཆི་ འཕོས་ནའང་བྱང་ཆུབ་སེམས་དཔའ་བདག་ཅག་རྣམས་ཀྱིས་སྔོན་དུ་ལམ་དྲངས་ཏེ་བདག་ཅག་གི་འཇིག་རྟེན་གྱི་ཁམས་རྣམ་པར་དག་པར་གནས་གཅིག་ཏུ་སྐྱེ་བར་བགྱིའོ། །དེ་ཅིའི་སླད་ དུ་ཞེ་ན༑ མདོ་སྡེ་འདི་བླངས་པ་དང། གཟུངས་སུ་འཛིན་པའི་སླད་དུའོ། །མདོ་སྡེ་འདི་བླངས་ཏེ། གཟུངས་སུ་འཛིན་པ་ནི། སངས་རྒྱས་ཀྱི་སྐུ་འཛིན་པའོ། །སངས་རྒྱས་ཀྱི་སྐུ་འཛིན་པ་ནི་ བྱང་ཆུབ་སེམས་དཔའ་ལགས་པར་མངོན་ཏེ། དེ་བས་ན་དེ་དག་ནི། བདག་ཅག་དང་བསླབ་པ་གཅིག་གོ་རྒྱུ་དང་རྐྱེན་དེས་ན་མདོ་སྡེ་འདི་གཟུངས་སུ་འཛིན་པ་རྣམས་གཅིག་ཏུ་སྐྱེ་ཞིང་མི་ འབྲལ་བར་སྨོན་ཏོ། །དེ་ནས་ཚངས་པ་ཆེན་པོ་དང། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང། འཇིག་རྟེན་སྐྱོང་བ་རྒྱལ་པོ་ཆེན་པོ་བཞི་དང། གསང་བ་བའི་བདག་པོ་ལག་ན་རྡོ་རྗེ་དང། གནོད་ [430B]ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་བོ་དང། ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང། དབྱངས་ཅན་དང། འཕྲོག་མ་མོ་དང། རིའི་ ལྷ་དང། ཤིང་གི་ལྷ་དང། ཀླུང་གི་ལྷ་དང། མཚོའི་ལྷ་དང་སའི་ལྷ་དང། ཆུའི་ལྷ་དང། མེའི་ལྷ་དང། རླུང་གི་ལྷ་ལ་སོགས་པ་གྲངས་མེད་དཔག་ཏུ་མེད་པ་དག་རང་རང་གི་སྟན་ལས་ལངས་ ཏེ༑ བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཅིང་གུས་པས་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ནི། བཅོམ་ལྡན་འདས་ ཀྱིས་བསྟན་པའི་མདོ་སྡེ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འདྲི་ལ་རྟག་ཏུ་བསྲུང་ཞིང་འཛིན་པར་བགྱིའོ། །མདོ་སྡེ་འདི་གང་དུ་གནས་པ་དེར་བདག་ཅག་གིས་རྟག་ཏུ་མདུན་དུ་བདར་ཏེ་ཡོངས་སུ་ དག་པར་བགྱིའོ། །མདོ་སྡེ་འདི་མཆོད་རྟེན་དུའམ། གནས་ཁང་དུའམ་ཁྱིམ་པའི་ཁྱིམ་དུའམ། དགོན་པ་ན་གནས་ཀྱང་རུང་སྟེ། གལ་ཏེ་གང་ཟག་འགའ་ཞིག་གིས་སུག་པ་མི་གཙང་བས་མདོ་ སྡེ་འདི་བཟུང་ངམ། མ་གུས་པར་བཀླགས་སམ། ཁ་ཏོན་དུ་བགྱིས་ན་བདག་ཅག་གིས་གང་ཟག་དེ་འགྲོ་སྡོད་འདུག་ཉལ་སྤྱོད་ལམ་རྣམ་བཞིར་ལུས་དང་སེམས་མི་བདེ་བར་བགྱིའོ། །གང་ དུ་གནས་པ་དེར་འཇིགས་ཤིང་སྐྲག་པ་དང། གློ་བུར་དུ་གནོད་ལ་འབྱུང་བར་བགྱིའོ། །ཚེ་འདི་ལ་མི་བདེ་བ་སྣ་ཚོགས་དང། ཚེ་འཕོས་ནའང་སེམས་ཅན་དམྱལ་བར་ལྟུང་བར་བགྱིའོ། །གང་ [431A]༄༅། །ལ་ལ་ཞིག་གིས་མདོ་སྡེ་འདི་ལ་གུས་པར་བགྱིས་ཏེ་སུག་པ་གཙང་མས་བླངས་ཤིང་འཆང་ངམ། ཁྲུས་བགྱིས་ཏེ་བདུག་སྤོས་ཀྱིས་བདུག་ཅིང་བཀླགས་སམ། ཁ་ ཏོན་དུ་བགྱིས་སམ། འཆང་ངམ། འཛིན་ཏམ། ཡི་གེར་འྦྲིའམ། ཡི་གེར་འབྲིར་འཇུག་གམ། རྗེས་སུ་དྲན་ནམ། སྡིག་པའི་ཆོས་རྣམས་མ་སྤྱད་ན། བདག་ཅག་གིས་མདོ་སྡེ་འདི་ བསྲུང་བའི་སླད་དུ་གང་ཟག་དེའི་རིམ་གྲོ་བགྱིའོ། །བསྲུང་བར་བགྱིའོ། །གང་ཟག་དེ་ཉལ་ནའང་དེའི་མདུན་དུ་མཆིས་ཏེ་ལྟས་ངན་པ་རྣམས་མི་འབྱུང་བར་བགྱིའོ། །ཡང་གཅིག་ཏུ་ན་དགྲ་མ་ རུངས་པ་དང། གདོན་མ་རུངས་པ་རྣམས་ཀྱི་གནོད་པས་མི་ཚུགས་པར་བགྱིའོ། །དེ་གང་དུ་གནས་པའི་ཁང་ཁྱིམ་ཡང་བསྲུང་བར་བགྱིའོ་།དེ་སྟེ་མགྲོན་དུ་འཆི་ན། བདག་ཅག་རྣམས་ ཀྱིས་རྟག་ཏུ་འབྲང་ཞིང་ཅི་འཚལ་བ་སྦྱར་བར་བགྱིའོ། །ཕྱོགས་བཞིར་གང་དུ་མཆི་ནའང་བགེགས་མ་མཆིས་པར་རྒྱུན་དུ་དགེ་བའི་ཆོས་མཐོང་ཞིང་ཚེ་འཕོས་ནའང་ལྷར་སྐྱེ་བར་བགྱིའོ། ། རྒྱུ་དེ་དང་རྐྱེན་དེས་ནི། སངས་རྒྱས་མཐོང་ཞིང་ཐེག་པ་ཆེན་པོ་མི་སྟོར་བར་བགྱིའོ། །ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ དང། ལྷ་དང། ལྷ་མ་ཡིན་གྱི་བདག་པོ་ལ་སོགས་པ་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཁྱེད་རྣམས་ཀྱིས་བཤད་པ་བཞིན་ཏེ། མདོ་སྡེ་འདི་ཐོས་པར་ཡང་མི་འགྱུར་ [431B] མཐོང་བར་ལྟ་ག་ལ་འགྱུར། ག་ལ་ཏེ་མདོ་སྡེ་འདི་བླངས་ཏེ་བཟུང་ངམ། འཆང་ངམ། ཀློག་གམ། ཁ་ཏོན་དུ་བྱེད་པར་འདོད་ན། ཁྲུས་དག་པར་བྱས་ལ་གོས་གཙང་མ་བགོས་ཏེ་ཁང་བ་ དབེན་པ་གཙང་མའི་ནང་དུ་བ་དན་དང། རྒྱལ་མཚན་དང། གདུགས་ཀྱིས་བརྒྱན་ནས་བདུག་པ་སྣ་ཚོགས་དང། ཙནྡན་དང། ཕྱེ་མ་དང། བྱུག་པས་མཆོད་ཅིང་ཕྱག་བཙལ་ནས་དེ་ལྟར་ཉིན་ མཚན་དུས་དྲུག་ཏུ་ཐོག་མར་མགོ་བཙུགས་ནས་ཉིན་ཞག་བདུན་གྱི་བར་དུ་ཉིན་རེ་རེ་ཞིང་མདོ་སེ་འདི་བཀླགས་ཏེ། སེམས་མི་གཡེང་བ་དང་དྲན་པ་མི་གཡེང་བ་དང། རྟོག་པ་མི་གཡེང་བ་ དང། བསམ་པ་མི་གཡེང་བ་དང། གཟུངས་སུ་འཛིན་པ་མི་གཡེང་བ་དང། སྤྱོད་པ་མི་གཡེང་བ་དང། བསྟན་ཅིང་བསླབ་པ་མི་གཡེང་བར་ཉིན་མཚན་དུས་དྲུག་ཏུ་མདོ་སྡེ་འདིའི་ནང་ནས་བྱུང་ བའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། མདོ་སྡེ་བཅུ་གཉིས་རྣམས་ལ་ཕྱག་འཚལ་ཞིང་ཀློག་པའམ། ཁ་ཏོན་དུ་འདོན་ཅིང་མོས་པ་དང་གུས་པར་བྱེད་ནུས་ན། མདོ་སྡེ་འདིའི་ནང་ ནས་འབྱུང་བའི་སྡིག་ལྕི་བ་ཀུན་འབྱང་བར་འགྱུར་གྱི། དེ་ལ་ཐེ་ཚོམ་མམ་ཡིད་གཉིས་སུ་མ་བྱེད་ཅིག་དེ་ཅིའི་ཕྱིར་ཞེ་ན། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་སྡེ་འདི་ནི། ཕྱོགས་བཅུའི་ སངས་རྒྱས་ཀྱི་སྤྱད་པ་སྤྱོད་པའོ། །འདི་ནི། སྲུང་ཞིང་སྐྱོབ་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། །འདི་ནི། མདོ་སྡེ་ཀུན་གྱི་རྒྱལ་པོའོ། །འདི་ནི། དོན་དམ་པའི་སྙིང་པོའོ། །འདི་ནི། བྱང་ཆུབ་ [432A]༄༅། །སེམས་དཔའ་རྣམས་ཀྱི་ལམ་མོ། །ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་སྡེ་ཟབ་མོ་འདི་ནི། འཇིག་རྟེན་ན་ཆེན་པོ་དྲུག་དང་འདྲ་སྟེ། བསམ་གྱིས་མི་ཁྱབ་བོ། ། དྲུག་གང་ཞེ་ན། ས་ཆེན་པོ་དང། ཆུ་ཆེན་པོ་དང། མེ་ཆེན་པོ་དང། རླུང་ཆེན་པོ་དང། ཉི་མ་ཆེན་པོ་དང། ནམ་མཁའ་ཆེན་པོ་དང། མདོ་སྡེ་འདི་ནི། ས་ཆེན་པོ་དང་འདྲ་སྟེ། གཙང་སྨེ་ དང། བཟང་ངན་ཐམས་ཅད་ཐེག་པར་བྱེད་དོ། །མདོ་སྡེ་འདི་ནི། ཆུ་ཆེན་པོ་དང་འདྲ་སྟེ། སྨེ་གཙོག་ཐམས་ཅད་འཁྲུ་བར་བྱེད་དོ་།མདོ་སྡེ་འདི་ནི། མེ་ཆེན་པོ་དང་འདྲ་སྟེ། ཉོན་མོངས་པ་ དང། གཙོག་པ་དང། ལྗན་ལྗིན་ཐམས་ཅད་ཚིག་པར་བྱེད་དོ། །མདོ་སྡེ་འདི་ནི། རླུང་ཆེན་པོ་དང་འདྲ་སྟེ། སྨེ་གཙོག་ཐམས་ཅད་འབུད་པར་བྱེད་དོ། །མདོ་སྡེ་འདི་ནི། ཉི་མ་ཆེན་པོ་དང་འདྲ་ སྟེ༑ མུན་ནག་ཡོད་དོ་ཅོག་སྣང་བར་བྱེད་དོ། །མདོ་སྡེ་འདི་ནི། ནམ་མཁའ་དང་འདྲ་སྟེ། བཟང་ངན་ཡོད་དོ་ཅོག་ཐམས་ཅད་ཤོང་བར་བྱེད་དོ། །དེ་ལྟ་བུའི་ཐེག་པ་ཆེན་པོའི་མདོ་སྡེ་ཐར་པ་ཆེན་ པོ་ཕྱོགས་སུ་རྒྱས་པ་འདི་རྒྱ་ཆེ་བ་ནི། དཔེ་ཟླ་མེད་དེ། ཡར་བྱང་ཆུབ་སེམས་དཔའ་དང། བར་དུ་ཉན་ཐོས་དང། མར་འཇིག་ཚོགས་ཀྱི་གཟུགས་ཅན་ནོ་ཅོག་མི་ཤོང་བ་མེད་དོ། །དེ་བས་ན་ ཁྱེད་རྣམས་ཀྱིས་མདོ་སྡེ་འདི་གཟུངས་སུ་བཟུང་སྟེ་ཆོངས་ཤིག་ཀུན་ཏུ་སྤེལ་བར་གྱིས་ཤིག་དད་ཅིང་གུས་པར་བྱོས་ཤིག་དང། ཁྱེད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ [432B]སངས་རྒྱས་ཀྱི་བདག་ཉིད་མངོན་དུ་མཐོང་བར་བྱའོ། །ཁྱེད་ལྷ་རྣམས་ཀྱང་མདོ་སྡེ་འདི་བླངས་ཏེ་འཆང་ན། རྒྱུན་དུ་ངའང་ མཐོང་ལ། མ་བྱོན་པའི་སངས་རྒྱས་ཐམས་ཅད་མཐོང་བ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། དཀྱིལ་འཁོར་ཆེན་པོ་ལ་ཞུགས་པར་བྱའོ། །ཞེས་བཀའ་སྩལ་པ་དང། དེ་ནས་ འཁོར་མང་པོའི་ནང་ནས་བྱང་ཆུབ་སེམས་དཔའ་མཚན་ཉིད་དད་པ་ཞེས་བྱ་བ་དེ་འཁོར་འདུས་པའི་ནང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས་བཅོམ་ལྡན་ འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་རྣམས་གསོལ་ཞིང་ཞུ་བ་མཆིས་ན། དཔག་ཏུ་མ་མཆིས་ པའི་སྐྱེ་བོ་ལ་སྨན་པ་དང། བདེ་བའི་སླད་དུ་བཅོམ་ལྡན་འདས་སྐབས་དབྱེ་ཞིང་བཤད་པར་སྨོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཚན་ཉིད་དད་པ་ལ་བཀའ་ སྩལ་པ༑ ཤིན་ཏུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ། དྲི་བ་ཡོད་ན་ཅི་འདོད་པ་བཞིན་དྲིས་ཤིག་དང། ངས་ཁྱོད་ལ་བྱེ་བྲག་ཕྱེད་པར་བཤད་དོ། །ཁྱོད་ཀྱིས་དྲིས་པ་དེའང་སེམས་ཅན་ དཔག་ཏུ་མེད་པ་ལ་ཕན་པ་དང་བདེ་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་མཚན་ཉིད་དད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་དྲན་པ་སྔོན་ཡུན་རིང་པོར་ [433A]༄༅། །འདས་པ་ན་དེ་བཞིན་གཤེགས་པ་མཚན་རིན་ཆེན་གཙུག་ཕུད་ཅེས་བགྱི་བ་དེའི་མཚན་ལན་གཅིག་ཐོས་ན་ལྷར་སྐྱེ་བ་ཐོབ་བོ་།ཞེས་ཐོས་ཏེ། དེ་ལས་ཡུན་མི་ རིང་བ་ཞིག་ན་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་ཁམས་ན་དགོན་པའི་ནང་ཞིག་ལ་རྫིང་ཆེན་པོ་ཞིག་མཆིས་པའི་ཆབ་བསྐམས་ནས་དེ་ན་ཉ་ཆེན་པོ་སྟོང་ཕྲག་བཅུ་ཞིག་མཆིས་པ་ གདུགས་ཀྱིས་གདུངས་ཏེ་འགུམ་དུ་ཉེ་བ་ལས། དྲ་མ་ཆུ་འབེབས་ཞེས་བགྱི་བས་ཉ་དེ་དག་མཐོང་ནས་སེམས་ཅན་ལ་ཤིན་ཏུ་བྱམས་པ་དང་སྙིང་རྗེ་སྐྱེས་ཏེ་ཆབ་དང། ཁ་ཟས་སྩལ་ ཀྱང་དགུང་འགའ་ཙམ་ཞིག་ནི། གསོན་གྲང་ན། ཚེ་རིང་པོར་མི་ཐོགས་པར་འཚལ་བས་བཅོམ་ལྡན་འདས་རིན་ཆེན་གཙུག་ཕུད་ཀྱི་མཚན་ལན་གསུམ་བརྗོད་པ་ཉ་དེ་དག་གིས་ཐོས་མ་ ཐག་ཏུ་དུས་ལས་འདས་ཏེ་སུམ་ཅུ་རྩ་གསུམ་གྱི་སར་སྐྱེས་སོ། །ཞེས་གདའ་ན། དེང་བཅོམ་ལྡན་འདས་འཁོར་འདི་དག་དང། དུས་སླད་མའི་སེམས་ཅན་རྣམས་ཀྱི་སླད་དུ་སངས་ རྒྱས་རྣམས་ཀྱི་མཚན་བསྟན་ཅིང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་ཐོས་ན་ཚད་མ་མཆིས་དཔག་ཏུ་མ་མཆིས་པའི་སྐྱེ་བོ་ལ་སྨན་པ་དང། བདེ་བ་དང། དཔག་ཏུ་མ་མཆིས་ པའི་བསོད་ནམས་དང། རྟག་ཏུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་སངས་རྒྱས་ཀྱི་བདག་ཉིད་ཀྱང་མངོན་སུམ་དུ་རྟོགས་པར་འགྱུར་བའི་སླད་དུ་བཤད་དུ་གསོལ། སྡོམ་པའི་ [433B] ཉོན་མོངས་པས་འཁྲུལ་པའི་སེམས་ཅན་རྣམས་ཡོངས་སུ་གྲོལ་བར་འགྱུར་བའི་སླད་དུ་བཤད་པར་སྨོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་མཚན་ཉིད་དད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། གལ་ཏེ་ངས་ཕྱོགས་བཅུའི་སངས་རྒྱས་ཀྱི་མཚན་རྒྱ་ཆེར་བཤད་ན། བསྐལ་པ་བརྒྱ་སྟོང་ ཁྲིའི་བར་དུ་བཤད་ཀྱང་མི་རྫོགས་ཏེ། འདི་ལྟར་ཆུ་ཐམས་ཅད་ཀྱི་ཐིགས་པ་ནི། བགྲང་ཞིང་ཤེས་པར་རུང་གི་སངས་རྒྱས་ཐམས་ཅད་ཀྱི་མཚན་ནི། གྲངས་སུ་ཤེས་པ་མེད་དོ། །རི་རབ་ ཐམས་ཅད་ནི། སྲང་གྲངས་སུ་བགྲང་དུ་རུང་གི་སངས་རྒྱས་ཐམས་ཅད་ཀྱི་མཚན་ནི། གྲངས་སུ་ཤེས་པ་མེད་དོ། །ནམ་མཁའི་མཚམས་དང་མཐའ་ཐུག་པར་ཤེས་པར་རུང་གི་སངས་ རྒྱས་ཐམས་ཅད་ཀྱི་མཚན་ནི། གྲངས་སུ་ཤེས་པ་མེད་དོ། །ངས་ཁྱོད་ལ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་མཚན་མདོ་ཙམ་ཞིག་བསྟན་གྱི། གང་གིས་རྣ་བར་ལན་གཅིག་ཐོས་ན། གང་ ཟག་དེ་ཚེ་འཕོས་མ་ཐག་ཏུ་ལྷའི་གནས་སུ་སྐྱ་བར་འགྱུར་རོ་།ཐོས་ནས་ཀྱང་མོས་པ་དང་གུས་པར་བྱས་ཏེ་ཡི་གེར་བྲིས་ལ་མཚན་ནས་བརྗོད་ཅིང་ཕྱག་འཚལ་ན། བསྐལ་པ་གྲངས་མེད་ པ་ནས་འཁོར་བའི་སྡིག་པ་ཀུན་འབྱང་བར་འགྱུར། བསོད་ནམས་དཔག་ཏུ་མེད་པ་འཐོབ་པར་འགྱུར་རོ། །གང་ཟག་དེ་དུས་ཟད་ནའང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་ནས་ [434A]༄༅། །གང་དུ་དད་པ་དེ་དང་དེར་སྐྱེ་བར་འགྱུར། ང་ཡང་མཐོང་ལ་དུས་མ་འོངས་པ་ན་བསྐལ་པ་བཟང་པོའི་སངས་རྒྱས་རྣམས་ཀྱང་མཐོང་བར་འགྱུར་རོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་ཡང་འཁོར་མང་པོ་ལ་བཀའ་སྩལ་པ། ཁྱེད་རྣམས་ཚུལ་བཞིན་དུ་གོས་ཚགས་བཅོས་ལ་ལུས་མི་གཡེང་བ་དང། སེམས་མི་གཡེང་བ་དང། དྲན་པ་མི་ གཡེང་བ་དང། རྟོག་པ་མི་གཡེང་བར་བྱོས་ལ་ཆོས་ཐོས་པར་འདོད་ན་སེམས་རྩེ་གཅིག་ཏུ་སྡུས་ཤིག་བཅོམ་ལྡན་འདས་མར་མེ་རི་རབ་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ འདས་རིན་ཆེན་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རིན་ཆེན་གཙུག་ཕུད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རིན་ཆེན་མང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཆོས་ཐམས་ ཅད་སྡུད་ཅིང་འཛིན་པ་ལ་ཕྱག་འཚལ་ལོ། །བརྗོད་དཔག་འདས་ལ་ཕྱག་འཚལ་ལོ། །དཔེ་ཟླ་མེད་ལ་ཕྱག་འཚལ་ལོ། །མུ་མེད་ཆོས་ལ་ཕྱག་འཚལ་ལོ། །བསམ་ཁྱབ་དཀའ་ལ་ ཕྱག་འཚལ་ལོ། །སྟོབས་ལ་གནས་པའི་སྟོབས་ཀྱི་སྟོབས་ལ་ཕྱག་འཚལ་ལོ། །འཇིགས་པ་མེད་པའི་སྟོབས་བཅུ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་གཙོ་ལ་ཕྱག་ [434B] །ཐམས་ཅད་འདྲེན་པའི་སྟོན་པ་ཆེན་པོ་ལ་ཕྱག་འཚལ་ལོ། །འཆིང་བ་ཀུན་གཅོད་ལ་ཕྱག་འཚལ་ལོ། །ཕ་རོལ་གྱི་མཐར་ཕྱིན་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཀུན་ལས་ འདས་ཟིན་པ་ལ་ཕྱག་འཚལ་ལོ། །འཁོར་བའི་རྒྱུད་དང་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ཏིང་ངེ་འཛིན་རྣམ་པར་གྲོལ་བ་ལ་ཕྱག་འཚལ་ལོ། །ནམ་མཁའ་ལྟར་དམིགས་སུ་མེད་ པ་ལ་ཕྱག་འཚལ་ལོ། །མང་པོའི་ནང་ན་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བདུད་བཞི་ཚོགས་འཇོམས་ལ་ཕྱག་འཚལ་ལོ། །བུ་གཅིག་གི་ཕ་ལྟར་བྱམས་པ་ཆེན་པོ་ལ་ཕྱག་འཚལ་ ལོ༑ ༑ཚེ་རབས་འཆི་འཕོ་གར་བྱུང་གར་སྐྱེས་ཀྱང་སངས་རྒྱས་ཀྱི་ཞལ་རྟག་ཏུ་མཐོང་ཞིང་སངས་རྒྱས་ཀྱི་བདག་ཉིད་མངོན་པར་རྟོགས་ལ་མྱ་ངན་ལས་འདས་པ་ཆེན་པོར་ཕྱིན་པར་གྱུར་ ཅིག་དེ་ཅིའི་ཕྱིར་ཞེ་ན། འཇིག་ཚོགས་ཅན་ཀུན་ལ་སངས་རྒྱས་ཀྱི་བདག་ཉིད་ཡོད་པའི་ཕྱིར་རོ། །ཀྱེ་འཁོར་མང་པོ་རྣམས་སོར་མོ་བཅུའི་ཐལ་མོ་སྦྱོར་ལ་ཡང་དག་པར་མཉན་ཅིང་སེམས་ཐག་ པ་ནས་མཆོད་པ་ཕུལ་ཅིག་ངས་ནི་ཕྱོགས་བཅུ་དུས་གསུམ་གྱི། །སངས་རྒྱས་མཚན་རྣམས་བཤད་ཀྱིས་ཉོན། །སྡིག་པ་མཚམས་མེད་ལྔ་པོ་ཡངས། །རྣམ་གྲོལ་མཚན་ཉིད་བསྐྱེད་པར་ བྱས༑ ༑དགེ་རྩ་མེད་པའི་གང་ཟག་ལ། །ངས་ནི་དགྲོལ་ཞིང་བཤད་ཀྱིས་ཀྱང། །དེས་ཀྱང་ཆུང་བར་མི་ནུས་ཏེ། །ས་བོན་ཚིག་རྣམས་རང་བཞིན་དོང། །གྲུང་བརྟན་འབའ་ཞིག་གནས་པར་འགྱུར་ [435A]༄༅། །ཐེག་པ་ཆུང་དུ་བསལ་ནས་སུ། །ཐེག་ཆེན་ཉི་ཚེ་ཡོད་པར་འགྱུར། །ཐེག་པ་གཉིས་པོ་བསལ་ནས་སུ། །ཐེག་པ་གཅིག་པུ་ཡོད་པར་འགྱུར། །དགེ་རྩ་མེད་པའི་གང་ ཟག་གིས། །སྒྲ་འདི་ཐོས་པར་མི་འགྱུར་ཏེ། །སངས་རྒྱས་གྲངས་མེད་མཆོད་མྱོང་བས། །གདོད་དེས་སངས་རྒྱས་མཚན་ཐོས་སོ། །ལེན་ཅིང་འཛིན་པར་བྱེད་པ་ནི། །ཕྱོགས་ཙམ་རྣམ་ པར་གྲོལ་བ་སྟེ། །རྣམ་དག་ས་ལ་བདེ་བར་གནས། །ད་ཡང་ང་ཡི་ཆོས་འདི་ལ། །སངས་རྒྱས་སྤྱད་པ་ཀུན་སྤྱད་དེ། །སངས་རྒྱས་མཚན་ལ་ཕྱག་འཚལ་ཞིང། །མདོ་འདི་བླང་ཞིང་ཀློག་ འཆང་ན། །བདུད་ཀྱི་ལས་དང་བྲལ་བར་འགྱུར། །རྩ་བ་བཞི་དང་མཚམས་མེད་དང། །ལོག་སྤྱོད་རྣམས་ཀྱི་སྡིག་ཀྱང་འབྱང། །མ་འོངས་དུས་ན་གང་ཟག་དེ། །འཕགས་པའི་ལམ་ཡང་ ངེས་པར་འགྲུབ། །གང་ཞིག་དད་པ་མ་སྐྱེས་ན། །ངན་སོང་གསུམ་དུ་ལྟུང་ཡང་དག་དད་སྐྱེས་བརྩོན་འགྲུས་ཕྱག་བཙལ་ན། །ཚད་མེད་སངས་རྒྱས་མཐོང་བར་འགྱུར། །དེ་བས་རྩེ་ གཅིག་ཕྱག་འཚལ་ཞིང། །སྡིག་པ་དཔག་མེད་བྱང་བར་སྨོན། །དེ་ཕྱིར་གུས་པར་ཕྱག་འཚལ་ལོ། །དེ་ནས་འཁོར་མང་པོ་རྣམས་ཐལ་མོ་སྦྱར་ཏེ་ཡང་དག་པར་མཉན་ནས་ལུས་དང་ སེམས་རྩེ་གཅིག་ཏུ་བསྡུས་ཏེ་གཡེལ་ཞིང་འགྱུར་བ་མེད་པར་ཡན་ལག་ལྔ་ས་ལ་གཏུགས་ཏེ་སེམས་ཐག་པ་ནས་ཉན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ [435B]དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་ཟླ་མར་མེ་གསལ་ཉི་ཁྲི་ལ་ཕྱག་འཚལ་ལོ། །སངས་རྒྱས་མར་མེ་མཛད་ སུམ་ཁྲི་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐོགས་མེད་ཡེ་ཤེས་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱལ་བུ་བཅུ་དྲུག་ལ་ཕྱག་འཚལ་ལོ། །སངས་རྒྱས་ནམ་མཁའི་རྒྱལ་པོ་ལ་ཕྱག་ འཚལ་ལོ། །སངས་རྒྱས་རིན་ཆེན་མང་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྲིན་དབང་མར་མེ་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱིན་སྒྲ་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་དགེ་བར་བསམ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐུ་སྤྲུལ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་ཟླ་གསལ་གྱི་དཔལ་ལ་ཕྱག་འཚལ་ལོ། །སངས་ རྒྱས་པདྨ་དག་པ་རྒྱུ་སྐར་རྒྱལ་པོ་ཡེ་ཤེས་ལ་ཕྱག་འཚལ་ལོ་།སངས་རྒྱས་རྣམ་དག་བརྒྱན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ་།སངས་རྒྱས་ཀླུ་བཙུན་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ སྤྲིན་འབྲུག་སྒྲ་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྲིན་འབྲུག་སྒྲ་རྒྱུ་སྐར་རྒྱལ་པོ་ཡེ་ཤེས་པདྨ་ལ་ཕྱག་འཚལ་ལོ་།སངས་རྒྱས་རིན་ཆེན་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ ཤིང་སཱ་ལ་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་བླ་མ་དཔལ་གཟི་བརྗིད་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་སྣང་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་མི་ [436A]༄༅། །གཡོ་འབུམ་ཕྲག་བརྒྱ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་རྒྱང་རིང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོས་ཙནྡན་ལ་ ཕྱག་འཚལ་ལོ། །སངས་རྒྱས་རི་ལེགས་རྒྱལ་པོ་ལ་ཕྱག་འཚལ་ལོ་།སངས་རྒྱས་རི་རབ་ལྷའི་ཐུར་ཚུགས་ཅན་ལ་ཕྱག་འཚལ་ལོ་།སངས་རྒྱས་འོད་སྙོམས་རི་རབ་ལ་ཕྱག་འཚལ་ལོ། ། སངས་རྒྱས་ཟླ་གདུགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡང་དག་པའི་དྲན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་མ་བྲལ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆགས་མེད་ལ་ཕྱག་ འཚལ་ལོ། །སངས་རྒྱས་ཀླུའི་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ས་མི་གཡོ་བའི་ས་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་བཻ་ཌཱུརྱའི་མེ་ཏོག་ མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་བཻ་ཌཱུརྱ་དང་གསེར་གྱི་ཁ་དོག་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་མཛོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སའི་གདུང་ལ་ཕྱག་འཚལ་ལོ། ། སངས་རྒྱས་ཟླ་བའི་གཟུགས་བརྙན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་མའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་པདྨ་རྣམ་གྲོལ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་ རྣམ་པར་བརྒྱན་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་རྒྱ་མཚོ་མངོན་པར་ཤེས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆུ་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་དབྱངས་ཆེན་པོ་ལ་ཕྱག་ [436B] །སངས་རྒྱས་དྲི་མ་སྒྱུ་མ་དང་བྲལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡིད་སྐྱོ་སྤངས་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་པོ་ཆེ་འབར་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙུག་ དམ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དཔའ་བར་འཛུགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་ཡོན་ཏན་འཛིན་ལ་ཕྱག་འཚལ་ལོ་།སངས་རྒྱས་ཉི་ཟླའི་འོད་སྒྲིབ་ལ་ཕྱག་འཚལ་ ལོ༑ ༑སངས་རྒྱས་ཉི་ཟླ་བཻ་ཌཱུརྱའི་འོད་ལ་ཕྱག་འཚལ་ལོ་།སངས་རྒྱས་བླ་མེད་བཻ་ཌཱུརྱའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་མཆོག་གཙོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་ཆུབ་མེ་ ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་གསལ་ལ་ཕྱག་འཚལ་ལོ་།སངས་རྒྱས་ཉི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་མདོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆུ་ཟླའི་ འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐེ་ཚོམ་མུན་སེལ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྡུག་བསྔལ་བསྒྲལ་ལ་ཕྱག་འཚལ་ལོ་།སངས་རྒྱས་མོས་པ་དང་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ སྔོན་ལེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྫུ་འཕྲུལ་གཟི་བརྗིད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ཀྱི་ཤེས་རབ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཞད་སྒྲ་ལ་ཕྱག་འཚལ་ལོ། ། སངས་རྒྱས་སེངྒེ་སྒྲ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀླུའི་སྒྲ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིག་རྟེན་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། [437A]༄༅། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་མཐའ་ཡས་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ ཐོགས་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟླ་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་འབར་རྒྱལ་པོ་ལ་ཕྱག་འཚལ་ལོ་།སངས་རྒྱས་འབར་བའི་འོད་ལ་ཕྱག་འཚལ་ལོ། །སངས་ རྒྱས་འབར་བའི་རྩ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་དག་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་ཏུ་དགའ་བའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་འོད་ལ་ཕྱག་འཚལ་ ལོ༑ ༑སངས་རྒྱས་འོད་རྒྱུན་མི་འཆད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་བསམ་དཀའ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་བརྗོད་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་ཟླའི་འོད་ འཕགས་ལ་ཕྱག་འཚལ་ལོ། །སངས་རྒྱས་མཚན་བཟང་གསེར་བཙོ་མའི་མདོག་ལ་ཕྱག་འཚལ་ལོ། །སངས་རྒྱས་རིང་དུ་བརྟག་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་པོ་ཆེའི་མཛོད་ལ་ ཕྱག་འཚལ་ལོ། །སངས་རྒྱས་དབྱངས་དཔག་མེད་ལ་ཕྱག་འཚལ་ལོ་།སངས་རྒྱས་ཟིལ་མངར་གྱི་རོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀླུའི་རྒྱལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱལ་ བའི་སྟོབས་ལ་ཕྱག་འཚལ་ལོ། །སངས་རྒྱས་སེངྒེའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་མ་དང་བྲལ་བའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་དཔལ་མཆོག་ལ་ཕྱག་འཚལ་ལོ། ། [437B] །སངས་རྒྱས་རྡོ་རྗེ་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིགས་མེད་སྟོབས་ཀྱི་རྒྱལ་པོ་ལ་ ཕྱག་འཚལ་ལོ། །སངས་རྒྱས་ཀླུ་རྗེ་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་སེངྒེའི་གཟི་བརྗིད་རྒྱལ་པོ་ལ་ཕྱག་འཚལ་ལོ་།སངས་རྒྱས་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ འོད་ཁྱབ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་སྣང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་གཙང་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོས་ཏ་མ་ར་བ་ར་ཙནྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་ སྤོས་ཙནྡན་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ནོར་བུའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་དཀོན་མཆོག་བརྩེགས་རབ་ཏུ་དགའ་བའི་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བརྩོན་ འགྲུས་ཆེན་པོ་བླ་ན་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ནོར་བུའི་རྒྱལ་མཚན་མར་མེའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་སྒྲོན་མ་སྣང་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱ་མཚོའི་ དཔལ་འོད་སྣང་ལ་ཕྱག་འཚལ་ལོ། །སངས་རྒྱས་རྡོ་རྗེ་སྲ་བརྟན་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་འོད་ཀུན་ཏུ་དགྲམ་ལ་ཕྱག་འཚལ་ལོ། །སངས་རྒྱས་བརྩོན་འགྲུས་ཆེ་བཙན་ལ་ཕྱག་འཚལ་ ལོ༑ ༑སངས་རྒྱས་དཔའ་བརྩལ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐུགས་རྗེའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐུགས་རྗེ་སྟོབས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱམས་པའི་སྙིང་ [438A]༄༅། །པོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཙནྡན་གྱི་ཕུག་རྣམ་པར་བཀོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཟང་ལེགས་གཙོ་ལ་ཕྱག་འཚལ་ལོ། ། སངས་རྒྱས་ལེགས་པར་སད་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་པར་བཀོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་གྱི་རི་བོ་རིན་པོ་ཆེའི་གདུགས་ལ་ཕྱག་འཚལ་ལོ། ། སངས་རྒྱས་གསེར་གྱི་མེ་ཏོག་འབར་བའི་འོད་ཀྱི་མཚན་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲོན་ཆེན་འོད་སྣང་ལ་ཕྱག་འཚལ་ལོ་།སངས་རྒྱས་རིན་པོ་ཆེའི་བླ་བྲེ་སྟོང་པ་ཉིད་དུ་བརྟན་པའི་ སྟོབས་ཀྱི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་གྱི་མེ་ཏོག་གི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ནམ་མཁའི་རིན་ཆེན་མེ་ཏོག་གི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ བཻ་ཌཱུརྱ་རྣམ་པར་བཀོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐུ་ཀུན་ཏུ་མངོན་པར་སྟོན་པའི་འོད་ལ་ཕྱག་འཚལ་ལོ་།སངས་རྒྱས་ཡེ་ཤེས་འོད་མི་འགྱུར་ལ་ཕྱག་འཚལ་ལོ། ། སངས་རྒྱས་བདུད་ཀྱི་རྒྱལ་པོ་རྣམས་ཚར་གཅོད་ལ་ཕྱག་འཚལ་ལོ་།སངས་རྒྱས་འོད་སྣང་སྟོང་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱམས་པའི་ཤེས་རབ་རྒྱལ་བ་ལ་ཕྱག་འཚལ་ལོ། །སངས་ རྒྱས་བྱམས་པའི་འོད་གསལ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིག་རྟེན་དག་པའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་དགེ་དབེན་ཟླ་བའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོག་ [438B] །སངས་རྒྱས་གདུགས་རིན་པོ་ཆེའི་རྒྱལ་པོར་གནས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀླུའི་རིགས་བླ་ན་མེད་པ་ཡེ་ཤེས་གཙོ་བོའི་རྒྱལ་པོ་ལ་ཕྱག་ འཚལ་ལོ། །སངས་རྒྱས་ཉི་ཟླའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་ཟླ་ནོར་བུའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་ཀྱི་བ་དན་མཆོག་ཏུ་བརྒྱན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། སངས་རྒྱས་དྲི་མེད་མཛོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་སྣང་མཚན་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་འབར་བའི་འོད་སྣང་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་ འོད་སྣང་བའི་མཛོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སེངྒེའི་སྒྲའི་སྟོབས་ཀྱི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོག་དབྱངས་དམ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་ རྒྱས་བ་དན་འོད་རྟག་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིག་རྟེན་རྣམ་པར་རྟོག་པའི་མར་མེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་ཀྱི་ན་བཟའི་རྒྱལ་པོ་ཐོབ་པ་ལ་ཕྱག་འཚལ་ལོ། ། སངས་རྒྱས་ཆོས་ཀྱི་མཚན་ཉིད་དམ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རི་རབ་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་སུ་མ་ནའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་ ཨུཏྤ་ལའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྟོབས་བཙན་དམ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་ཀྱི་སྟོབས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་ཏུ་དགའ་ [439A]༄༅། །བའི་འཁྲུག་མེད་ཀྱི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲ་དབྱངས་བདག་མེད་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་གྲོས་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ གསེར་གྱི་རྒྱ་མཚོའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་ཀྱི་རི་དང་རྒྱ་མཚོའི་དབང་ཕྱུག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐར་པ་ཆེན་པོའི་འོད་ལ་ཕྱག་འཚལ་ལོ། ། སངས་རྒྱས་ཆོས་ཐམས་ཅད་རྟག་ཏུ་གང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བླུན་མི་སྟོན་ལ་ཕྱག་འཚལ་ལོ། །འདས་པའི་སངས་རྒྱས་སྤྲུལ་པའི་སྐུ་ཐམས་ཅད་ལ་ཕྱག་འཚལ་ ལོ༑ ༑འདས་པའི་སངས་རྒྱས་གཅིག་སངས་རྒྱས་བཅུ། སངས་རྒྱས་བརྒྱ། སངས་རྒྱས་སྟོང། སངས་རྒྱས་ཁྲི་ལ་ཕྱག་འཚལ་ན་བསྐལ་པ་གྲངས་མེད། དཔག་ཏུ་མེད་པའི་འཁོར་བ་ནས་ སྡིག་བགྱིས་པའི་མི་བཟད་པ་ཐམས་ཅད་འབྱང་བར་འགྱུར་རོ། །སངས་རྒྱས་འབུམ་ཕྲག་གཅིག་འབུམ་ཕྲག་བཅུ། འབུམ་ཕྲག་བརྒྱ། འབུམ་ཕྲག་སྟོང། འབུམ་ཕྲག་ཁྲི། བྱེ་བ་ཁྲག་ཁྲིག་ གངྒཱའི་བྱེ་མ་སྙེད་གྲངས་མེད་དཔག་ཏུ་མེད་པའི་སངས་རྒྱས་ལ་གུས་པར་ཕྱག་འཚལ་ལོ། །གལ་ཏེ་གང་ཟག་ལ་ལས་འདས་པའི་སངས་རྒྱས་གྲངས་མེད། དཔག་ཏུ་མེད་པའི་མཚན་ཐོས་ ན༑ དེ་བསྐལ་པ་ཁྲི་ཕྲག་བརྒྱད་ཅུའི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་དུ་མི་ལྟུང་སྟེ། དེ་བས་ན་གུས་པར་ཕྱག་འཚལ་ལོ་།གང་གིས་སངས་རྒྱས་འདས་པའི་མཚན། །དེ་ལ་ [439B] །སེམས་ཉིད་ཐོབ་ཅིང་སྡིག་ཀྱང་འབྱང། །མི་དགེ་བཅུ་དང་མཚམས་མེད་ལྔ། །ཕྱིན་ཆད་མི་བྱེད་སྡོམ་པར་ནུས། །དམ་པའི་ཆོས་ནི་རྟག་ཏུ་ཐོས། །ཐེག་ཆེན་ཚུལ་ཁྲིམས་ ལྡན་པ་སྟེ། །དེ་ཕྱིར་ད་ལྟར་ཕྱག་ཀྱང་འཚལ། །རྣམ་པ་གཉིས་ཤིག་མ་གཏོགས་ཏེ། །ཐེག་ཆེན་ཆོས་ལ་དམོད་པ་དང། །ལོག་སྤྱོད་རྣམས་སུ་ལྟ་བའོ། །གང་ཞིག་སེམས་ཉིད་རྣམ་དག་ན། ། ལོག་སྤྱོད་ཅེས་སུ་མི་བྱ་སྟེ། །སངས་རྒྱས་དཔག་མེད་རྟག་ཏུ་མཐོང། །སྡིག་པའི་རྩ་བ་བཞི་པོ་དང། །མཚམས་མེད་སྔར་བཅས་གང་བྱས་པ། །རྣམ་དག་སེམས་ཀྱིས་འགྱོད་ནུས་ན། །དེ་ནི་ ཚུལ་བཞིན་གནས་པ་ཡིན། །དེ་ཡང་གུས་པར་ཕྱག་འཚལ་ཕྱིར། །མི་དགེ་བཅུ་ཡི་ལས་འབྱང་ཞིང། །ཐེག་ཆེན་ཚུལ་ཁྲིམས་ཐོབ་ལས་ན་།དེ་བས་གུས་པར་ཕྱག་འཚལ་ལོ། །འདས་པའི་ སངས་རྒྱས་རྣམས་ཀྱི་མཚན་དེ་དག་བཤད་པའི་ཚེ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཉན་ཐོས་བརྒྱད་བརྒྱས་ནི། ཐེག་པ་ཆེན་པོའི་སེམས་ཤས་ ཙམ་སྐྱེས་སོ། །དགེ་སློང་ལྔ་སྟོང་ནི། དགྲ་བཅོམ་པར་གྲུབ་བོ་།ལྷ་དང་མི་ཁྲི་ཕྲག་བཅུ་ཞིག་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་བོ། །ད་ལྟར་བཞུགས་པའི་སངས་རྒྱས་གྲངས་མེད་དཔག་ ཏུ་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གསལ་རྒྱལ་འབུམ་ཕྲག་བཅུ་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་བཙོ་མའི་མདོག་དང་བྲལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ [440A]༄༅། །སྣང་བ་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་མའི་དཀྱིལ་འཁོར་འོད་སྣང་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོས་བརྩེགས་ལ་ཕྱག་འཚལ་ ལོ༑ ༑སངས་རྒྱས་སེངྒེ་འབུམ་གཟུགས་ལ་ཕྱག་འཚལ་ལོ། །སངས་རྒྱས་སེངྒེ་རྣམ་པར་རོལ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་ཀུན་ཏུ་འོད་ཀྱི་རིའི་རྒྱལ་པོ་ལ་ཕྱག་འཚལ་ ལོ༑ ༑སངས་རྒྱས་ཡོན་ཏན་བདེ་གནས་རིན་པོ་ཆེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་པོ་ཆེའི་མེ་ཏོག་རྣམ་པར་བརྒྱན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ དཀའ་ཐུབ་ལ་ཕྱག་འཚལ་ལོ། །སངས་རྒྱས་རི་རབ་མཚན་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་རི་རབ་རྒྱལ་པོ་ཐོབ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་དཔལ་ལ་ཕྱག་འཚལ་ལོ། ། སངས་རྒྱས་རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་འབར་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་པོ་ཆེའི་རྒྱན་ལ་ཕྱག་འཚལ་ལོ། །སངས་རྒྱས་དཀའ་ཐུབ་སེངྒེའི་ ང་རོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཆེན་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མི་འགྱུར་ལ་ཕྱག་འཚལ་ལོ། །སངས་རྒྱས་སྨན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ རྣམ་པར་བརྒྱན་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྡིང་ཁང་ཕྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བའི་གདུགས་ལ་ཕྱག་འཚལ་ལོ་།སངས་རྒྱས་འོད་ཁྱབ་ལ་ཕྱག་འཚལ་ལོ། ། [440B] །སངས་རྒྱས་རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་སྐྱོབ་ལ་ཕྱག་ འཚལ་ལོ། །སངས་རྒྱས་ལོག་པར་དད་སེལ་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་ཐུབ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་སྲུང་ལ་ཕྱག་འཚལ་ལོ། །སངས་རྒྱས་འབྲུག་སྒྲའི་རྒྱལ་པོ་ལ་ ཕྱག་འཚལ་ལོ། །སངས་རྒྱས་ཆོས་ཆེན་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཙནྡན་མེ་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཙནྡན་འདབ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡིད་མཆོག་ ལ་ཕྱག་འཚལ་ལོ། །སངས་རྒྱས་ཐུབ་ཟླ་མེད་ལ་ཕྱག་འཚལ་ལོ་སངས་རྒྱས་ཟིལ་མངར་རྔ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་ཟླའི་འོད་སྣང་ ལ་ཕྱག་འཚལ་ལོ། །སངས་རྒྱས་ཐུབ་མེད་འོད་ལ་ཕྱག་འཚལ་ལོ་།སངས་རྒྱས་རྣམ་པར་བརྒྱན་དང་ལྡན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་ཀུན་ཏུ་ཁྱབ་པའི་ཡོན་ཏན་གྱི་རྒྱལ་ པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བདུད་བཞི་འཇོམས་པའི་སེངྒེའི་སྒྲའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྡོ་རྗེ་འཇིགས་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་བཻ་ཌཱུརྱའི་འོད་ལ་ཕྱག་ འཚལ་ལོ། །སངས་རྒྱས་རི་རབ་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་གཙང་མའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགེ་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་ [441A]༄༅། །དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟུངས་རྣམ་པར་རོལ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྟོབས་ཀྱི་རྒྱལ་པོ་ལ་ ཕྱག་འཚལ་ལོ། །སངས་རྒྱས་དགེ་མཐོང་ཏིང་ངེ་འཛིན་གྱི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་བླ་ན་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་རྫུ་འཕྲུལ་དབང་ཕྱུག་ ལ་ཕྱག་འཚལ་ལོ། །སངས་རྒྱས་མཚན་མའི་གཟུགས་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟུགས་ཐོར་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་མཚན་མེད་ལ་ཕྱག་འཚལ་ལོ། །སངས་ རྒྱས་བྲོ་མཚན་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་རེག་མཚན་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཏིང་ངེ་འཛིན་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་ཏིང་ངེ་ འཛིན་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་པོ་ཆེའི་གཟུགས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་སྡུད་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲིན་དཔལ་ཀུན་ཏུ་ འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་སྐྱོབ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལོག་པར་དད་སེལ་ལ་ཕྱག་འཚལ་ལོ། །སངས་ རྒྱས་གསེར་ཐུབ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་སྲུང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡིད་སྒྲ་སྙན་སྲེད་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་ཏུ་དགའ་བ་ལ་ཕྱག་འཚལ་ལོ། ། [441B] །སངས་རྒྱས་རི་རབ་མཚན་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེངྒེ་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་སེངྒེའི་མཚན་མ་ལ་ཕྱག་འཚལ་ ལོ༑ ༑སངས་རྒྱས་སྤྲིན་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་རྟག་ཏུ་ཞི་ལ་ཕྱག་འཚལ་ལོ། །སངས་རྒྱས་དབང་པོའི་མཚན་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྣང་བ་མཐའ་ཡས་ལ་ ཕྱག་འཚལ་ལོ། །སངས་རྒྱས་ཚངས་པའི་མཚན་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ལས་འདས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཏ་མ་ར་བ་ར་ཙནྡན་ གྱི་སྤོས་ལ་ཕྱག་འཚལ་ལོ། །སངས་རྒྱས་རི་རབ་ཀྱི་གཟུགས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྲིན་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིག་རྟེན་གྱི་འཇིགས་པ་ཐམས་ཅད་ བཅོམ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ད་ལྟར་བཞུགས་པའི་སངས་རྒྱས་གཅིག་།སངས་རྒྱས་བཅུ། སངས་རྒྱས་བརྒྱ། སངས་རྒྱས་སྟོང་ སངས་རྒྱས་ཁྲི་ལ་གུས་པར་ཕྱག་འཚལ་ན། བསྐལ་པ་གྲངས་མེད་པ་ནས་འཁོར་བའི་སྡིག་ལྕི་བ་ཐམས་ཅད་འབྱང་བར་འགྱུར་རོ་།སངས་རྒྱས་འབུམ་ཕྲག་གཅིག་འབུམ་ཕྲག་བཅུ་ འབུམ་ཕྲག་བརྒྱ། འབུམ་ཕྲག་སྟོང། འབུམ་ཕྲག་ཁྲི། བྱེ་བ་ཁྲག་ཁྲིག་གངྒཱའི་ཀླུང་གི་བྱེ་མ་སྙེད་གྲངས་མེད་དཔག་ཏུ་མེད་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །གང་ལ་ལས་ད་ལྟར་བཞུགས་ [442A]༄༅། །པའི་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པའི་མཚན་ཐོས་ན། དེ་ནི། བསྐལ་པ་ཁྲི་ཕྲག་དྲུག་ཅུའི་བར་དུ་སེམས་ཅན་དམྱལ་བར་མི་ལྟུང་སྟེ། དེ་བས་གུས་པར་ ཕྱག་འཚལ་ལོ། །ད་ལྟར་ཕྱོགས་བཅུར་བཞུགས་པ་ཡི། །སངས་རྒྱས་རྣམས་ལ་ཕྱག་བཙལ་ན། །ལས་ངན་ཀུན་ལས་རྣམ་པར་གྲོལ། །མཚམས་མེད་ལྔ་པའི་སྡིག་ཀྱང་འབྱང། །རྣམ་ དག་ས་ལ་རྟག་ཏུ་གནས། །ཤཱཀྱའི་ཆོས་ལའང་བདེ་གནས་ཤིང་།མཐའ་རུ་ངན་སོང་གསུམ་དང་བྲལ། །སངས་རྒྱས་བྱམས་པའང་མཐོང་བ་དང། །སངས་རྒྱས་སྟོང་ཡང་མཐོང་བར་འགྱུར།། དེ་བས་ད་ལྟར་ཕྱག་ཀྱང་འཚལ། །ཕྱོགས་བཅུའི་སངས་རྒྱས་ཡང་མཐོང་སྟེ། །རྣམ་དག་ཞིང་དུ་རྟག་པར་སྐྱེ། །དམ་པའི་ཆོས་ཀྱང་ཐོས་གྱུར་ཅིང། །སངས་རྒྱས་རྟག་པའང་མངོན་པར་རྟོགས།། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱི་མཚན་བཤད་པའི་ཚེ་ཆུ་བོ་གངྒཱ་གཉིས་ཀྱི་བྱེ་མ་སྙེད་ཀྱི་བྱང་ཆུབ་སེམས་དཔས་གཟུངས་ཀྱི་སྒོར་ཆུད་པར་གྱུར་ཏོ། །ལྷ་དང་མི་འབུམ་ཕྲག་ བཞི་བཅུ་རྩ་གཉིས་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བསྐལ་པ་བཟང་པོའི་སངས་རྒྱས་མ་བྱོན་པ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱམས་པ་ལ་ཕྱག་ འཚལ་ལོ། །སངས་རྒྱས་རྣམ་དག་སྐུ་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་རྫོགས་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་སྣང་ལ་ཕྱག་ [442B] །སངས་རྒྱས་མིང་དང་མཚན་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཛམྦུ་ན་དའི་གསེར་འོད་ལ་ཕྱག་འཚལ་ལོ་།སངས་རྒྱས་ཆོས་སྣང་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་ སྣང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱབ་སྣང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་མཚན་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་ རི་དང་རྒྱ་མཚོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྫུ་འཕྲུལ་གྱི་དབང་ཕྱུག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་པོ་ཆེའི་རྣམ་པར་བཀོད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐྱེས་བུ་ དམ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དབང་ཕྱུག་ཐོབ་པའི་རྒྱལ་པོ་འབུམ་ཕྲག་བརྒྱ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་པོ་ཆེའི་མཚན་ཉིད་ལ་ཕྱག་འཚལ་ལོ། །སངས་རྒྱས་མཐོང་དགའ་ ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཀྱི་མཚན་མས་རྣམ་པར་བརྒྱན་པའི་རྒྱལ་པོ་ཉི་ཁྲི་ལ་ཕྱག་འཚལ་ལོ། །སངས་རྒྱས་མཚན་མཐུན་པ་ཀུན་ཏུདྤལ་སུམ་ཁྲི་ལ་ཕྱག་འཚལ་ལོ། །སངས་ རྒྱས་འབྲུག་སྒྲའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་མི་འགྱུར་བ་བཞི་ཁྲི་བརྒྱད་སྟོང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བ་རིན་པོ་ཆེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་ མ་དང་བྲལ་བའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟུགས་དམ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟུགས་དམ་པའི་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་བགེགས་ཀྱི་ཚོགས་ [443A]༄༅། །ཐམས་ཅད་བཅོམ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲིའི་ཚོགས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲའི་ཚོགས་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་རྣམ་ པར་བཀོད་པ་སྟོང་ཕྲག་བརྒྱད་ཅུ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་རྣམ་པར་བཀོད་པ་འབུམ་ཕྲག་བརྒྱད་ཅུ་ལ་ཕྱག་འཚལ་ལོ་།སངས་རྒྱས་རིན་པོ་ཆེའི་མེ་ཏོག་རྣམ་པར་ བརྒྱན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་མཆོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་བཙོ་མའི་འོད་སྣང་ལ་ཕྱག་འཚལ་ལོ། །སངས་རྒྱས་ལུང་བསྟན་པ་པདྨའི་ འོད་ལྔ་བརྒྱལ་ཕྱག་འཚལ་ལོ། །སངས་རྒྱས་མི་འཇིགས་སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་བཟང་པོས་རྣམ་པར་བརྒྱན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྡོ་རྗེ་ཏིང་ངེ་ འཛིན་གྱི་དབང་ཕྱག་ལ་ཕྱག་འཚལ་ལོ། །མ་བྱོན་པའི་སངས་རྒྱས་གཅིག་སངས་རྒྱས་བཅུ། སངས་རྒྱས་བརྒྱ། སངས་རྒྱས་སྟོང། སངས་རྒྱས་ཁྲི་ལ་ཕྱག་འཚལ་ན། བསྐལ་པ་གྲངས་ མེད་དཔག་ཏུ་མེད་པའི་འཁོར་བ་ནས་སྡིག་ལྕི་བ་རྣམས་འབྱང་བར་འགྱུར་རོ། །སངས་རྒྱས་འབུམ་ཕྲག་གཅིག་འབུམ་ཕྲག་བཅུ། འབུམ་ཕྲག་བརྒྱ། འབུམ་ཕྲག་སྟོང། འབུམ་ཕྲག་ ཁྲི་བྱེ་བ་ཁྲག་ཁྲིག་གངྒཱའི་བྱེ་མ་སྙེད་དཔག་ཏུ་མེད་གྲངས་མེད་པའི་སངས་རྒྱས་ཀྱི་མཚན་གང་ཟག་དང་ལ་ལས་ཐོས་པར་འགྱུར་ན། བསྐལ་པ་ཁྲི་ཕྲག་བཞི་བཅུའི་བར་དུ་སེམས་ [443B] དེ་བས་ད་ལྟར་ཕྱག་འཚལ་ལོ་།གང་ཞིག་སངས་རྒྱས་མ་བྱོན་རྣམས། །དེ་ལ་གུས་པར་ཕྱག་འཚལ་ན། །ལོག་སྤྱོད་རྣམས་ནི་མ་གཏོགས་ཏེ། །སྒྲིབ་པ་གསུམ་དང་ མཚམས་མེད་ལྔ། །སྡིག་པ་དེ་རྣམས་འབྱང་བར་འགྱུར། །སངས་རྒྱས་ཆོས་ལ་བདེ་གནས་ཤིང། །དཔག་མེད་སངས་རྒྱས་མཐོང་བར་འགྱུར་།དམ་པའི་ཆོས་ཀྱང་རྟག་ཏུ་ཐོས། །དེ་བས་ད་ལྟར་ གུས་ཕྱག་འཚལ། །གང་ཞིག་ཕྱོགས་བཅུ་དུས་གསུམ་གྱི། །སངས་རྒྱས་རྣམས་ལ་ཕྱག་འཚལ་ན། །ཁ་ན་མ་ཐོ་འདས་པ་དང། །མ་འོངས་པ་དང་ད་ལྟར་གྱི། །ལས་ངན་བཅུ་པོ་བྱས་པ་ཡང། ། ད་ལྟར་མངོན་དུ་བྱང་བར་འགྱུར། །ཕྱི་མའི་དུས་ལ་སངས་རྒྱས་ཀྱི། །ངོ་བོ་ཉིད་ཀྱང་མཐོང་བར་འགྱུར། །དེ་བས་དེ་ལ་མོས་པར་བྱོས། །ཁ་ཏོན་འབྲི་ཀློག་ཕྱག་འཚལ་ན། །ཚེ་རབས་གར་བྱུང་གར་ སྐྱེས་ཀྱང། །ལྟ་བ་ལོག་པར་མི་སྐྱེའོ། །རྣམ་པར་གྲོལ་བ་རྒྱུན་དུ་ཐོབ། །མཐའ་འཁོབ་ས་རུ་ཡོང་མི་སྐྱེ། །ངན་པའི་ཡུལ་དུའང་མི་སྐྱེ་ཞིང། །རྒྱལ་པོ་མ་རུངས་མཐོང་མི་འགྱུར། །བསྐལ་པ་འབུམ་ ཕྲག་བཞི་ཁྲིའི་བར། །སེམས་ཅན་དམྱལ་བར་མི་སྐྱེ་འོ། །དེ་བས་གུས་པར་ཕྱག་འཚལ་ན། །མི་དགེ་བཅུ་ཡི་ལས་འབྱང་ཞིང། །གཟུངས་ཆེན་རབ་ཏུ་ཐོབ་པར་འགྱུར། །བཅོམ་ལྡན་འདས་ ཀྱིས་སངས་རྒྱས་མ་བྱོན་པ་རྣམས་ཀྱི་མཚན་བསྒྲགས་པའི་ཚེ་བྱང་ཆུབ་སེམས་དཔའ་ལྔ་ཁྲིས་ཕྱིར་མི་ལྡོག་པའི་སར་གནས་སོ་།དགེ་སློང་མ་བདུན་བརྒྱས་ནི། དགྲ་བཅོམ་མར་གྲུབ་བོ། ། [444A]༄༅། །ལྷ་དང་མི་འབུམ་ཕྲག་དྲུག་ཅུ་རྩ་གཉིས་ནི། ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་བོ། །གཟུངས་ཆེན་པོ་དང། མདོ་སྡེ་བཅུ་གཉིས་ལ་ཕྱག་འཚལ་ལོ། །མདོའི་སྡེ་ལ་ ཕྱག་འཚལ་ལོ། །ལུང་དུ་བསྟན་པའི་སྡེ་ལ་ཕྱག་འཚལ་ལོ། །ཚིགས་སུ་བཅད་པའི་སྡེ་ལ་ཕྱག་འཚལ་ལོ། །དབྱངས་ཀྱིས་བསྙད་པའི་སྡེ་ལ་ཕྱག་འཚལ་ལོ། །ཆེད་དུ་བརྗོད་པའི་སྡེ་ལ་ ཕྱག་འཚལ་ལོ། །གླེང་གཞིའི་སྡེ་ལ་ཕྱག་འཚལ་ལོ། །རྟོགས་པ་བརྗོད་པའི་སྡེ་ལ་ཕྱག་འཚལ་ལོ། །འདས་པ་བརྗོད་པའི་སྡེ་ལ་ཕྱག་འཚལ་ལོ། །སྐྱེས་པ་རབས་ཀྱི་སྡེ་ལ་ཕྱག་འཚལ་ལོ། །ཤིན་ ཏུ་རྒྱས་པའི་སྡེ་ལ་ཕྱག་འཚལ་ལོ། །རྨད་དུ་བྱུང་བའི་སྡེ་ལ་ཕྱག་འཚལ་ལོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོའི་སྡེ་སྣོད་ཐམས་ཅད་ལ་ཕྱག་འཚལ་ལོ། ། གང་གིས་མདོ་སྡེ་བཅུ་གཉིས་དང། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མཚན་ཐོས་ནས་བསྟོད་པ་བྱས་སམ། ཕྱག་འཚལ་ལམ། བརྗོད་དམ། མོས་པ་བསྐྱེད་དམ། བླངས་སམ། འཆང་བར་བྱེད་ན་ གང་ཟག་དེ་བསྐལ་པ་ཁྲི་ཕྲག་ཉི་ཤུའི་བར་དུ་སེམས་ཅན་དམྱལ་བར་མི་ལྟུང་སྟེ། ཚེ་སྔ་ཕྱི་དྲན་པའི་ཡེ་ཤེས་དང་ལྡན་པར་འགྱུར་རོ། །དེའི་ཕྱིར་གུས་པས་ཕྱག་འཚོལ་ཅིག་བཅོམ་ལྡན་འདས་ ཀྱིས་མདོ་སྡེ་བཅུ་གཉིས་ཀྱི་མཚན་བཤད་པའི་ཚེ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་ལྔ་སྟོང་རྡོ་རྗེའི་ཏིང་ངེ་འཛིན་ཐོབ་བོ་།ཉན་ཐོས་འབུམ་ཕྲག་བཅུས་ཐེག་པ་ཆེན་པོའི་སེམས་བསྐྱེད་དོ། ། [444B] དགེ་སློང་མ་སྟོང་ཕྲག་བཅུས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །ལྷ་དང་མི་དཔག་ཏུ་མེད་པ་ཞིག་གིས་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་བོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་ འཚལ་ལོ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྟག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྒྱུན་མི་གཏོང་ལ་ཕྱག་འཚལ་ལོ། །བྱང་ ཆུབ་སེམས་དཔའ་རིན་ཆེན་ལག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དཔའ་བརྩོན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ དཔའ་རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཟླ་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཟླ་གང་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྟོབས་པོ་ཆེ་ལ་ཕྱག་ འཚལ་ལོ། །བྱང་ཆུབ་སེམས་དཔའ་སྟོབས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཁམས་གསུམ་འཕགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་ ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་རིན་ཆེན་བརྩེགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འདྲེན་མཁན་ལ་ཕྱག་འཚལ་ [445A]༄༅། །ལོ༑ ༑བྱང་ཆུབ་སེམས་དཔའ་དཔལ་གྱི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འཆད་མོས་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་ཀླུའི་སྡོང་པོ་ལ་ཕྱག་ འཚལ་ལོ། །བྱང་ཆུབ་སེམས་དཔའ་ཙནྡན་རིན་པོ་ཆེའི་མེ་ཏོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་བླ་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་མཐའ་ཡས་ལ་ ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་རྣམ་པར་བཀོད་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་རྣམ་དག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གཟུངས་འཛིན་ ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་སྲེད་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྟག་པར་གུས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྔོན་གྱི་རྒྱལ་པོའི་མེ་ ཏོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མཐོང་ན་དགའ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དབྱངས་དམ་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བརྩོན་ འགྲུས་ཡོན་ཏན་གྱི་སྟོབས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྙིང་པོ་རྣམ་དག་ལ་ཕྱག་འཚལ་ལོ། །བྱང་ཆུབ་ སེམས་དཔའ་སྤྱན་རྣམ་དག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ [445B] །བྱང་ཆུབ་སེམས་དཔའ་བསམ་ལེགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྟོང་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་མེ་ཏོག་ ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འོད་གསལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཤེས་རབ་འོད་གསལ་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་ཤེས་རབ་བླ་མ་ལ་ ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཡེ་ཤེས་རྒྱལ་མཚན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དབང་པོ་ཞི་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཤེས་རབ་སྨོན་ལམ་ལ་ ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤོས་ཀྱི་གཟུགས་བརྙན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་ཆེན་གསལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དཔུང་གནས་ལ་ ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འགོག་སྤྱོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྣམ་གྲོལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ ཆུབ་སེམས་དཔའ་མཉམ་པར་རྟོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མཉམ་པར་མི་རྟོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མཉམ་མི་མཉམ་རྟོག་ལ་ཕྱག་འཚལ་ལོ། །བྱང་ ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་དབང་ཕྱུག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་མཚན་ [446A]༄༅། །ཉིད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འོད་ཀྱི་མཚན་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འོད་ཀྱིས་བརྒྱན་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་ སེམས་དཔའ་རྒྱན་ཆེན་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དཀོན་མཆོག་བརྩེགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བློ་བརྩེགས་ལ་ཕྱག་འཚལ་ལོ། །བྱང་ ཆུབ་སེམས་དཔའ་རིན་ཆེན་ལག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེའི་ཕྱག་རྒྱ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ལག་རྒྱུན་དུ་བཏེག་ལ་ཕྱག་ འཚལ་ལོ། །བྱང་ཆུབ་སེམས་དཔའ་ལག་རྒྱུན་དུ་ཕབ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩེ་བ་ཅན་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་དགའ་བའི་དབང་ པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དགའ་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བློའི་དབྱངས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་ སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་ཆེན་སྒྲོན་མ་འཛིན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་ཆེན་དཔའ་བོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ དཔའ་རིན་ཆེན་བལྟ་བ་ལའྥྱག་འཚལ་ལོ། །བྱང་ཆུབ་སེམས་དྤ་བདེན་པའི་དྲ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དྲ་བ་སྣང་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ [446B] །བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་ཆེན་གཙུག་ཕུད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ ལྷའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བདུད་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གློག་གི་དཔལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་མཚན་གྱིས་རྣམ་པར་བརྒྱན་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེངྒེ་སྒྲ་ལ་ཕྱག་འཚལ་ལོ། །བྱང་ཆུབ་ སེམས་དཔའ་འབྲུག་སྒྲ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བཏང་བཟུང་རི་སྒུལ་བའི་སྒྲ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་ སེམས་དཔའ་སྤོས་ཀྱི་གླང་པོ་ཆེ་དཀར་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དམ་པ་སྐྱེས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མེ་ཏོག་རྒྱན་ལ་ཕྱག་འཚལ་ལོ། །བྱང་ཆུབ་ སེམས་དཔའ་ཚངས་པའི་དྲ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་དབྱུག་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དགྲ་ཐུབ་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ དཔའ་ཞིང་གི་རྒྱན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གསེར་གྱི་གཙུག་ཕུད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ནོར་བུའི་གཙུག་ཕུད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ [447A]༄༅། །དཔའ་གཞོན་ནུར་བརྒྱན་པའི་འོད་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་འཇིག་རྟེན་འཛིན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྣང་ཤར་ལ་ཕྱག་ འཚལ་ལོ། །བྱང་ཆུབ་སེམས་དཔའ་དཀའ་རྒྱལ་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་དགེ་བའི་ཡོན་ཏན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མེ་ཏོག་གི་འོད་ལ་ཕྱག་འཚལ་ ལོ༑ ༑བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཙནྡན་གྱི་མེ་ཏོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆོས་གསང་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་ལ་ ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དཔལ་གྱི་གཙོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མིག་མི་འཛུམ་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དཔལ་གྱི་གཙུག་ཏོར་ལ་ ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྔོན་གྱི་དགེ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དབང་མཆོག་ལ་ཕྱག་འཚལ་ ལོ༑ ༑བྱང་ཆུབ་སེམས་དཔའ་སྐྱེས་བུ་དམ་པ་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་སེངྒེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེངྒེའི་དབྱངས་ལ་ཕྱག་འཚལ་ལོ། །བྱང་ཆུབ་ སེམས་དཔའ་གཙང་ཤེས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ལེགས་ལྡན་སྲེད་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དགེ་ཡིད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ [447B] །བྱང་ཆུབ་སེམས་དཔའ་ཀུན་ཏུ་སྲུང་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གློག་གི་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མཐོང་ན་ དགའ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྣང་བའི་མཚན་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དམ་པའི་ཡིད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བློ་གྲོས་མི་ ཟད་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཟབ་མོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཞི་བའི་མཚན་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཐོགས་མེད་ལ་ ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དགེ་བའི་བླ་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཞིང་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་པདྨའི་རྒྱན་ལ་ཕྱག་འཚལ་ ལོ༑ ༑བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཟླ་བའི་བླ་མ་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེའི་ཕྱག་རྒྱ་ལ་ཕྱག་འཚལ་ ལོ༑ ༑བྱང་ཆུབ་སེམས་དཔའ་ནོར་བུའི་གཙུག་ཏོར་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བདེན་མོས་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་ཤེས་རབ་མཐོང་ལ་ཕྱག་ འཚལ་ལོ། །བྱང་ཆུབ་སེམས་དཔའ་རྒྱལ་པོ་ཐོབ་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྒྱལ་པོ་ཟབ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྒྱལ་པོ་མེ་ཏོག་ལ་ཕྱག་འཚལ་ལོ།། [448A]༄༅། །བྱང་ཆུབ་སེམས་དཔའ་གཟུགས་དམ་པ་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་འདྲི་མཁས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ལན་ལྡོན་མཁས་པ་ལ་ ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མཚན་ཉིད་མངོན་དུ་རྟོགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ངེས་པའི་མཚན་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ངེས་ པར་བརྩེགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དགའ་བསྐྱེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བདེ་བར་གནས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བདུད་ སྐྲག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཤེས་རབ་སྦྱིན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྐྱབས་མཛད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཤེས་རབ་གོ་ འཕང་འཕགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྦྱིན་པ་དཔལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཡེ་ཤེས་དམིགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ ཤེས་རབ་སྨོན་ལམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བསྡུ་བ་རྣམ་བཞི་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དབྱངས་སྟོན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ དཔའ་རྒྱ་མཚོ་མཆོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆོས་དགའ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ལམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ [448B] །བྱང་ཆུབ་སེམས་དཔའ་བྱམས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དབང་ཕྱུག་ཆེན་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ དཔའ་ཚངས་པའི་དབྱངས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཁ་དོག་དམ་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཙནྡན་ཚལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ སེངྒེའི་དབྱངས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྒྲ་མཆོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཁ་དོག་དམ་པའི་གཟུགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ རྣམ་པ་སྣ་ཚོགས་བརྒྱན་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཤཱཀྱའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤྱི་བོ་སྐྱེས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ དཔའ་སྣང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འོད་ཆེན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འཇིགས་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གསང་ བ་བརྩེགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མེ་ཏོག་འཚེར་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གཙོ་མཆོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ལུས་ཀུན་ཏུ་ མངོན་པར་སྟོན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མངོན་པར་ཤེས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྒྱ་མཚོ་དཔལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྐུ་ [449A]༄༅། །མཐའ་ཡས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འོད་སྲུང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དྲི་མེད་མཛོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་སྐྱོབ་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་མཐོ་བཙུན་དཔལ་གྱི་རྗེ་ལ་ ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བཻ་ཌཱུརྱའི་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འཇིགས་མེད་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་རྒྱ་མཚོའི་རྒྱལ་པོ་ལ་ ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེངྒེའི་སྒྲ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མཚན་ཉིད་དད་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་ས་ཆེན་འཛིན་ལ་ཕྱག་ འཚལ་ལོ། །བྱང་ཆུབ་སེམས་དཔའ་འོད་རྒྱན་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་འོད་ཟེར་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤོབས་པ་ཆེན་པོ་ལ་ཕྱག་འཚལ་ལོ། །བྱང་ ཆུབ་སེམས་དཔའ་བྱམས་པའི་སྟོབས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྟེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ ཆུབ་སེམས་དཔའ་རྟེན་པའི་སྟོབས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྟེན་པའི་དཔལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་ཕན་གདགས་ལ་ཕྱག་འཚལ་ལོ།། [449B] །བྱང་ཆུབ་སེམས་དཔའ་འོད་མི་འགྱུར་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ དཔའ་ཡང་དག་པའི་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ལོག་པར་དད་སེལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ལྷའི་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ རིན་པོ་ཆེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འོད་ཆུབ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྟོན་པའི་མཁན་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བཟོད་ པ་ཆེན་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མེ་ཏོག་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མེ་ཏོག་བརྩེགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བློ་བརྟན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཤཱཀྱའི་རིགས་ལ་ཕྱག་ འཚལ་ལོ། །བྱང་ཆུབ་སེམས་དཔའ་གསེར་གྱི་འོད་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་གསེར་གྱི་སྙིང་པོ་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་རྟག་ཏུ་སྙིང་རྗེ་ལ་ཕྱག་འཚལ་ ལོ། །བྱང་ཆུབ་སེམས་དཔའ་ཆོས་བླ་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ནོར་གྱི་དབྱིག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིའི་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་ [450A]༄༅། །སེམས་དཔའ་ཤེས་རབ་རི་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྣང་བ་ཆེན་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་འཛིན་ལ་ཕྱག་འཚལ་ ལོ༑ ༑བྱང་ཆུབ་སེམས་དཔའ་རི་ངར་ཅན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིའི་རྩེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །བྱང་ ཆུབ་སེམས་དཔའ་རིའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བདུད་འདུལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འབྲུག་སྒྲ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ དཔའ་ཆར་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འབྲུག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འཁོར་ལོ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་ སེམས་དཔའ་རིན་ཆེན་འཚེར་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་ཆེན་གཙོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་མཛོད་ལ་ཕྱག་འཚལ་ལོ། །བྱང་ ཆུབ་སེམས་དཔའ་རིན་ཆེན་སྣང་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་ཆེན་མི་འགྱུར་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཕྱག་རྒྱ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་དཀྱིལ་འཁོར་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་རྒྱན་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་རིན་ཆེན་ཆུ་ལ་ཕྱག་འཚལ་ [450B] ༑བྱང་ཆུབ་སེམས་དཔའ་རིན་ཆེན་འོད་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་རིན་ཆེན་འབར་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་ཆེན་སྟོན་ལ་ཕྱག་འཚལ་ལོ། །བྱང་ཆུབ་ སེམས་དཔའ་རིན་ཆེན་བྱེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆོས་མོས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྒྱལ་པོ་རྣམ་དག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ གཙུག་ཏོར་གྱི་མཚན་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གསེར་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཐོར་ཚུགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ དཔའ་འོད་སྟོང་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཡང་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བློ་རིག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བླ་བ་རྟོགས་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་ཟླ་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྣམ་དག་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ སྦྱིན་པ་རྟག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྣང་ཁྱབ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྒྱལ་མཚན་དམ་པ་ལ་ ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གཉེན་པའི་དབྱངས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དཔལ་འབར་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་མཚན་མའི་འོད་ལ་ཕྱག་ [451A]༄༅། །འཚལ་ལོ། །བྱང་ཆུབ་སེམས་དཔའ་རྒྱ་མཚོའི་ཟླ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྒྱ་མཚོའི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཟླ་བ་ དམ་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཤེས་རབ་གཙང་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འོད་འཕགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཟླ་བའི་ དཔལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཉི་མའི་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་འབར་བའི་རྒྱལ་མཚན་ལ་ ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དཔལ་བཙུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྒྱ་མཚོ་གསལ་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་རྒྱ་མཚོ་རྒྱ་ཆེ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་ཡུལ་རྣམ་པར་རྟོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཤེས་རབ་གསལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་ལ་ཕྱག་འཚལ་ལོ། །བྱང་ཆུབ་ སེམས་དཔའ་སྣང་ཐར་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གསང་བ་སྟོན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རབ་ཏུ་སྦྱིན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ གཟུགས་སྟོབས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རབ་ཏུ་འདུལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ལུས་སྤྱད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གཅིག་དང་ [451B] བརྒྱ་དང། སྟོང་དང། ཁྲི་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བརྒྱ། ཁྲི་ཕྲག་ཉིས་བརྒྱ་ཁྲི་ཕྲག་སུམ་བརྒྱ། ཁྲི་ཕྲག་བཞི་བརྒྱ། ཁྲི་ཕྲག་ལྔ་བརྒྱ། ཁྲི་ཕྲག་དྲུག་བརྒྱ། ཁྲི་ཕྲག་ བདུན་བརྒྱ། ཁྲི་ཕྲག་བརྒྱད་བརྒྱ། ཁྲི་ཕྲག་དགུ་བརྒྱ། ཁྲི་ཕྲག་སྟོང་རྣམས་ལ་ཕྱག་འཚལ་ན། བསྐལ་པ་དཔག་ཏུ་མེད་པ་ཚུན་ཆད་ཀྱི་འཁོར་བའི་སྡིག་ལྕི་བ་འབྱང་བར་འགྱུར་རོ། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་འབུམ་ཕྲག་གཅིག་འབུམ་ཕྲག་བཅུ། འབུམ་ཕྲག་བརྒྱ། འབུམ་ཕྲག་སྟོང། འབུམ་ཕྲག་ཁྲི། འབུམ་ཕྲག་ཁྲི་ཕྲག་ཁྲི་ལ་ཕྱག་འཚལ་ན། བསྐལ་པ་དཔག་ཏུ་མེད་པ་ ཚུན་ཆད་ཀྱི་འཁོར་བའི་སྡིག་པ་མི་ཟད་པ་ཐམས་ཅད་འབྱང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གངྒཱ་གཅིག་གི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། །གངྒཱ་གཉིས་ཀྱི་བྱེ་མ་སྙེད་ ལ་ཕྱག་འཚལ་ལོ། །གངྒཱ་གསུམ་གྱི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། །གངྒཱ་བཞིའི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། །གངྒཱ་ལྔའི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། །གངྒཱ་དྲུག་གི་བྱེ་མ་སྙེད་ལ་ཕྱག་འཚལ་ ལོ༑ ༑གངྒཱ་བདུན་གྱི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། །གངྒཱ་བརྒྱད་ཀྱི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། །གངྒཱ་དགུའི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། །གངྒཱ་བཅུའི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། །གངྒཱ་བརྒྱའི་ བྱེ་མ་སྙེད་ལ་ཕྱག་འཚལ་ལོ། །གངྒཱ་སྟོང་གི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། །གངྒཱ་ཁྲིའི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ་།གངྒཱ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། །དེ་རྣམས་ [452A]༄༅། །ལ་ཕྱག་འཚལ་ན། བསྐལ་པ་གྲངས་མེད་དཔག་ཏུ་མེད་པ་ཚུན་ཆད་ཀྱི་འཁོར་བའི་སྡིག་ལྕི་བ་ཐམས་ཅད་ཡོངས་སུ་འབྱང་བར་འགྱུར་རོ། །གང་ལ་ལ་ཞིག་གིས་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚན་འདི་དག་ཐོས་ན་བསྐལ་པ་སྟོང་ཕྲག་བཞི་བཅུའི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་དུ་མི་ལྟུང་ཞིང་སྲིད་པ་གསུམ་གྱི་ཁམས་སུ་ མི་གཏོགས་ཏེ། རྟག་ཏུ་རྣམ་པར་གྲོལ་བའི་ཁམས་སུ་གཏོགས་པར་འགྱུར་མཐའ་འཁོབ་ཏུ་མི་སྐྱེ། ཡུལ་ངན་པར་མི་སྐྱེ། ལུས་ངན་པར་མི་ལེན། ལོག་པར་མི་ལྟ། རིགས་ངན་དུ་ མི་སྐྱེ། མུ་སྟེགས་ཅན་དུ་མི་སྐྱེ། དབང་པོ་ཡན་ལག་ཚང་བར་འགྱུར། དམ་པའི་ཆོས་རྟག་ཏུ་ཐོས་པར་འགྱུར། སྡོམ་པའི་ཚུལ་ཁྲིམས་མ་མནོས་ཀྱང་ཁྲིམས་དང་རྟག་ཏུ་ལྡན་བར་ འགྱུར། ཐེག་པ་ཆེན་པོ་སྤྱོད་ལམ་མཛེས་པ་དང། སངས་རྒྱས་ཀྱི་བདག་ཉིད་ཀྱང་མཐོང་བར་འགྱུར། དེ་བས་གུས་པར་ཕྱག་འཚལ་ཏེ་སངས་རྒྱས་ཀྱི་ཆོས་ལ་བདེན་པར་གནས་ ཤིང་ཕྱི་མའི་ཚེ་སངས་རྒྱས་གྲུབ་པ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་མཚན་བཤད་པའི་ཚེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་ འབུམ་ཕྲག་བརྒྱད་ཅུ་རྩ་བརྒྱད་ཀྱིས་ནི། ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །ལྷ་འབུམ་ཕྲག་དགུ་བཅུ་རྩ་བཞི་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ། །དགེ་སློང་སེམས་སྟོར་བ་ [452B] སེམས་ཀྱི་བདག་ཉིད་སླར་རྙེད་དེ་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །བྱང་ཆུབ་སེམས་དཔའ་འབུམ་ཕྲག་བཅུས་ནི། གཟུངས་ཆེན་པོ་ཐོབ་སྟེ། མ་འོངས་པའི་ དུས་ན་མངོན་པར་འཚང་རྒྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་ཉིད་དད་ལ་བཀའ་སྩལ་པ་རིགས་ཀྱི་བུ། འདས་པའི་སངས་རྒྱས་ བཅོམ་ལྡན་འདས་རིན་ཆེན་གཙུག་ཕུད་ཅེས་བྱ་བ་དེའི་མཚན་སེམས་ཅན་སྡུག་བསྔལ་གྱིས་གཟིར་བ་ཅན་རྣམས་ཀྱིས་ལན་གཅིག་ཐོས་ན། འཆི་འཕོས་པའི་ཚེ་ལྷར་སྐྱེའོ། །ཞེས་ཁྱོད་ཉིད་ཀྱིས་ བཤད་པ་དང། ད་ཡང་ང་ལ་སངས་རྒྱས་ཐམས་ཅད་ཀྱི་མཚན་བཤད་པར་གསོལ་ཞིང་སེམས་ཅན་ཀུན་སྡུག་བསྔལ་དང་བྲལ་ཞིང་འཇིག་རྟེན་ལས་བཟླ་བར་འདོད་པ་དེའི་ཕྱིར་ངས་ཀྱང་ཁྱོད་ དང་སྐྱེ་བོ་ཀུན་ལ་དཀོན་མཆོག་གསུམ་གྱི་མཚན་རྫོགས་པར་བཤད་ཀྱི། དོན་དམ་པར་ན་དཀོན་མཆོག་གཅིག་ལ་བཀྲི་བའི་དབང་གིས་གསུམ་དུ་བཤད་པ་གང་ལ་ལ་དེའི་མཚན་ཐོས་ན་ སེམས་ཐག་པ་ནས་དྲན་པར་བྱས་ཏེ། འཆི་ཀར་དགེ་བའི་བཤེས་གཉེན་འགའ་ཞིག་གིས་དཀོན་མཆོག་གསུམ་གྱི་མཚན་ལན་གསུམ་དུ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿ་སཾ་གྷཱ་ཡ་ཞེས་དེ་ སྐད་ཆེད་དུ་བརྗོད་དུ་བཅུག་ན། མི་འདི་འཆི་འཕོས་ནས་ངན་སོང་གསུམ་དུ་མི་འགྲོ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་ནས་གང་དུ་དད་པ་དེ་དང་དེར་སྐྱེ་བར་འགྱུར་རོ། །སངས་རྒྱས་ [453A]༄༅། །ཐམས་ཅད་ལ་མཐར་གྱིས་རིམ་གྲོ་བྱེད་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་བར་འགྱུར། འཇམ་དཔལ་དང། ཀུན་ཏུ་བཟང་པོས་ཐེག་པ་ཆེན་ པོའི་ཕྱོགས་སུ་རྒྱས་པ་བཤད་པའང་ཐོས་པར་འགྱུར། ཐོས་ནས་ཀྱང་དེ་མ་ཐག་ཏུ་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར། རིགས་ཀྱི་བུ། གང་ཟག་དེའང་བསྐལ་པ་གྲངས་མེད་ པ་ནས་དགེ་བའི་རྩ་བ་ཤིན་ཏུ་བསགས་པས་གདོད་དཀོན་མཆོག་གསུམ་གྱི་མཚན་ཐོས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་མཚན་ཉིད་དད་ཀྱིས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན། དཀོན་མཆོག་གསུམ་ཞེས་བགྱི། དངོས་པོ་གཅིག་གམ། དངོས་པོ་གཉིས་སམ། དངོས་པོ་གསུམ་དུ་བགྱི། ཅི་སྟེ་དངོས་པོ་གཅིག་ན་ ནི༑ སྐྱབས་གཅིག་ཏུ་སོང་བས་དངོས་པོ་གསུམ་ལགས་ན་ནི། སྐྱབས་གསུམ་དུ་གྱུར་པས་སྐྱབས་གསུམ་དུ་གྱུར་ན་ནི་སངས་རྒྱས་དང་ཆོས་ཀྱང་དབྱིངས་ཐ་དད་པར་འགྱུར་ཏེ། དགེ་ འདུན་ཡང་དེ་བཞིན་ནོ། །གལ་ཏེ་སྐྱབས་གསུམ་ཞིག་ལགས་ན་ནི། སྐྱེ་བོ་རྣམས་རྣམ་པ་གསུམ་དུ་མཐོང་བས་བསྐལ་པ་གསུམ་གྱི་བར་ཆོས་སྤྱོད་ཀྱང་ཐེག་པ་གཅིག་ཏུ་བརྡ་མི་མཇལ་ བར་མཆི་ན། བཅོམ་ལྡན་འདས། སེམས་ཅན་རྣམས་ལ་སྨན་པ་དང་བདེ་བའི་སླད་དུ་བདག་ལ་བཤད་དུ་གསོལ། བདག་འདི་ཐོས་ནས་ཀྱང་སྐྱེ་བོ་ཀུན་ལ་བྱེ་བྲག་ཕྱེད་པར་བཤད་པར་ [453B] །བཅོམ་ལྡན་འདས། མྱ་ངན་ལས་འདས་པའི་སླད་ན་གང་ལ་ལས་མཚན་ཐོས་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་གནས་ཐོབ་པར་ཡང་འགྱུར་རོ། །ཞེས་གསོལ་པ་དང། དེ་ནས་བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཚན་ཉིད་དད་ལ་ལེགས་སོ་།ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ། ལེགས་སོ་ལེགས་སོ། །དོན་ཆེན་པོ་འདི་ལྟ་བུ་ང་ལ་ཞུ་བར་ནུས་པ་ནི། ཤིན་ཏུ་ ལེགས་སོ་ལེགས་སོ། །རིགས་ཀྱི་བུ། ཁྱོད་འདི་ལྟ་བུའི་དོན་ཆེན་པོ་འདྲི་བའང་ས་དང་པོ་དང། ས་གཉིས་པ་དང། ས་གསུམ་པ་དང་ས་བཞི་པ་དང། ས་ལྔ་པ་དང། ས་དྲུག་པ་དང། ས་བདུན་ པ་དང། ས་བརྒྱད་པ་ལ་གནས་པ་མ་ཡིན་ཏེ། ས་བཅུ་ཆོས་ཀྱི་སྤྲིན་ལ་གནས་པའི་སྐྱེས་བུ་ཆེན་པོ་ནི། དེ་བཞིན་གཤེགས་པ་ལ་དོན་ཆེན་པོ་འདི་ལྟ་བུ་འདྲི་བ་ཡིན་ནོ། །ཁྱེད་ལེགས་པར་ཉོན་ཅིག་ ངས་བྱེ་བྲག་ཕྱེད་པར་བཤད་དོ། །རིགས་ཀྱི་བུ། སྐྱེ་བོ་ཐམས་ཅད་ནི། ཐོག་མ་མེད་པ་ནས་མ་རིག་པས་བསྒྲིབས་ཏེ་ཁམས་གསུམ་གྱི་བཙོན་ར་ན་འཁོར་ཞིང་སྡུག་བསྔལ་སྣ་ཚོགས་ཀྱིས་ གཟིར་ཏེ། ལམ་རྒྱུད་དྲུག་ཏུ་ཕན་ཚུན་རྣམ་པར་རྒྱུ་བ་ལ་སྐྱབས་དང་རྟེན་པའི་གནས་མེད་ནས་ལྷ་མ་སྲིན་ལ་ཕྱོགས་ཏེ་སྐྱབས་ཚོལ་བ། མུ་སྟེགས་རྣམས་རང་གི་རྐང་ལག་བཅིངས་ཤིང་སྲོག་ བཏང་སྟེ་སྐྱབས་ཚོལ་ནའང་སྡུག་བསྔལ་ལས་ཐར་པ་མེད་དོ། །མེ་དང་མཚོའི་ནང་དུ་མཆོངས་ཏེ་སྲོག་བཏང་ཡང་འཁོར་བ་ལས་ཐར་པའི་དུས་མེད་དོ། །དེའི་ཕྱིར་མགོན་པོ་ཆེན་པོ་དེ་བཞིན་ [454A]༄༅། །གཤེགས་པས་བྱམས་པའི་ཏིང་ངེ་འཛིན་གྱིས་སྐྱེ་བོ་རྒྱུན་དུ་འཁྲུལ་པ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ་དཀོན་མཆོག་གསུམ་གྱི་མཚན་བསྟན་ཅིང་ཡང་དག་ པའི་རྟེན་གནས་སུ་བྱ་བའི་ཕྱིར་བསླབ་པ་དང་པོ་ཉན་ཐོས་དང་རང་བྱང་ཆུབ་པ་རྣམས་ལ་ཐེམ་སྐས་དང་འདྲ་བར་དཀོན་མཆོག་གསུམ་ཡང་དངོས་པོ་ཐ་དད་པར་བཤད་དོ། །དེའི་འོག་ ཏུ་རྒྱུན་རིང་དུ་ཚངས་པར་སྤྱད་པའི་སྐྱེས་བུ་དམ་པ་ལ་ཡང་དག་པ་མཐར་ཕྱིན་པའི་དཀོན་མཆོག་གསུམ་དངོས་པོ་གཅིག་པར་ཡང་བཤད་དེ། སངས་རྒྱས་དཀོན་མཆོག་གཅིག་གི་ནང་ ན་ཆོས་དང་དགེ་འདུན་གྱི་དཀོན་མཆོག་ཀྱང་ཡོད་པར་བཤད་དོ་།རིགས་ཀྱི་བུ། ཅིའི་ཕྱིར་དཀོན་མཆོག་ཅེས་བྱ་ཞེ་ན། དཔེར་ན། འཇིག་རྟེན་གྱི་རིན་པོ་ཆེ་སྣ་བདུན་པོ་ཕོངས་པ་རྣམས་ ལ་འཚོ་བ་བསྟངས་པ་དང་འདྲ་བར་དཀོན་མཆོག་གསུམ་ཡང་འཇིག་རྟེན་ན་སྐྱེ་བོ་རྣམས་ཀྱི་ཆོས་ཀྱི་སྐུ་བསྐྱེད་པ་དང། ཡེ་ཤེས་སྤེལ་བར་བྱེད་པས་དཀོན་མཆོག་ཅེས་བྱའོ། །དཀོན་ མཆོག་གསུམ་དངོས་པོ་ཐ་དད་པ་ནི། སངས་རྒྱས་རྒྱལ་པོའི་ཁབ་ཏུ་སྐུ་སྤྲུལ་ཅིང་བྱང་ཆུབ་སེམས་དཔའ་ཡིན་པ་སྐད་དུ་སེམས་ཅན་བསྒྲལ་བའི་ཕྱིར་བརྟུལ་ཞུགས་དང་དཀའ་ཐུབ་སྤྱད་ དེ༑ བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་བྱང་ཆུབ་ནས་བདག་དང་གཞན་གྱི་དོན་མཛད་ཅེས་བྱ་བ་ནི། སངས་རྒྱས་ཞེས་བྱའོ་།སངས་རྒྱས་ནི། མ་རིག་པའི་གཉིད་ལས་སད་པའོ། །དགེ་ [454B] མཆོད་པའི་གནས་སོ། །སྟོན་པ་ལས་སློབ་མས་དོན་རྙེད་པའི་ཕྱིར་དགེ་འདུན་ཞེས་བྱའོ། །དགེ་འདུན་ལ་རྣམ་པ་གཉིས་ཏེ། མཐུན་པ་དང། འདུས་མ་བྱས་པའོ། །འདུས་མ་ བྱས་ཐོབ་པ་ནི། ཡང་དག་པའི་སྟོང་པ་ཉིད་ཀྱིས་ཤེས་རབ་ཀྱི་མཚན་ཉིད་སྟོང་པ་ཉིད་གྲོལ་བ་ནི། འདུས་མ་བྱས་པའོ། །འཁྲུལ་པ་བར་མི་ཆད་པར་འབྱུང་བའི་ཟག་པ་ཟད་པའང་འདུས་མ་བྱས་ ཞེས་བྱའོ། །ཟག་པ་ཐམས་ཅད་འགགས་ནས་འཕགས་པ་རྣམས་དང་གནས་གཅིག་ཏུ་མཐུན་ཏེ། རྩོད་པ་མེད་པ་ནི། མཐུན་པ་སྟེ། དོན་དེ་གཉིས་དང་ལྡན་པ་ནི། དགེ་འདུན་ཞེས་བྱའོ། །རིགས་ ཀྱི་བུ༑ ཆོས་ནི། དགེ་སྡིག་གི་ཆོས་ཐམས་ཅད་དང། འདུས་བྱས་དང་འདུས་མ་བྱས་པ་རྣམས་སོ། །སྡིག་པའི་ཆོས་ནི། སྤང་བར་བྱ། དགེ་བའི་ཆོས་ནི། འཕེལ་བར་བྱའོ། །དེའང་སེམས་ཀྱིས་ དམིགས་སོ་ཅོག་ཆོས་ཀྱི་དཀོན་མཆོག་ཅེས་བྱའོ། །དེའི་ཕྱིར་སངས་རྒྱས་དང། དགེ་འདུན་གཉིས་དངོས་པོའང་མི་གཅིག་ལ། ངོ་བོ་ཉིད་ཀྱང་ཐ་དད་དོ། །ཆོས་ནི། དགེ་འདུན་དང་སངས་རྒྱས་སུ་ དབྱིངས་མཐུན་ཏེ། སོ་སོར་དབྱེ་བར་དཀའོ། །ཇི་ལྟར་སོ་སོར་དབྱེ་བར་དཀའ་ཞེ་ན། གལ་ཏེ་སངས་རྒྱས་དང་དགེ་འདུན་གཉིས་ཀྱི་མཚན་བླ་དྭགས་སུ་བཏགས་ཏེ་རྣམ་པར་དཔྱོད་པ་བས་རྣམ་ པར་གྲོལ་བའི་ཕུང་པོ་ལྔ་ཐོབ་པ་དང། དགེ་བའི་ཡོན་ཏན་ཐམས་ཅད་ཆོས་ཀྱི་དཀོན་མཆོག་གོ་ཞེས་བྱ་བར་དོན་དེ་ལྟ་བུའང་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་བའི་ཡོན་ཏན་དང་བསོད་ནམས་ཀྱི་ [455A]༄༅། །དབང་གིས་མི་ལུས་ཐོབ་པ་ཡིན་ནོ། །ཆོས་དང་བྲལ་ན་མི་མེད་ལ། མི་ལས་གུད་ནའང་ཆོས་ཀྱི་དཀོན་མཆོག་ཅེས་བྱ་བ་ག་ལ་ཡོད། དེང་འདིར་གླེང་བ་ནི། མི་དང་ཆོས་སུ་ གཅིག་ཏུ་མཐུན་ལ་ཐ་དད་པའང་ཡོད་དེ། ཆོས་ཀྱི་དབང་གིས་མིར་གྲུབ། མིའི་དབང་དུ་ཆོས་འགྲོ་བས་དེའི་ཕྱིར་རྣམ་པར་གྲོལ་བའི་ཕུང་པོ་དང། སྟོབས་བཅུ་དང། མི་འཇིགས་པ་བཞི་ དང། མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་དང། ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ། ཏིང་ངེ་འཛིན་གྲངས་མེད་པའང་སངས་རྒྱས་དཀོན་མཆོག་ཏུ་བཤད་དོ། །ཉན་ ཐོས་ཀྱི་རྣམ་པར་གྲོལ་བའི་ཕུང་པོ་ནི། དགེ་འདུན་དཀོན་མཆོག་ཏུ་བཤད་དོ། །ཡོན་ཏན་འདི་རྣམས་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཀྱི་རྣམ་གྲངས་དང། གཏན་ཚིགས་སུ་ དམིགས་པའི་སྦྱོར་བ་ནི། ཆོས་ཀྱི་དཀོན་མཆོག་ཅེས་བྱའོ། །ཡེ་ནི་དབྱིངས་གཅིག་སྟེ། དོན་གཉིས་སུ་བཤད་ཀྱིས་ཀྱང་ཆོས་ཀྱི་དབྱིངས་ལ་སངས་རྒྱས་དང་དགེ་འདུན་ཐ་དད་པའང་ཡོད་དེ་ དེའང་ཆོས་ཀྱི་དཀོན་མཆོག་ཏུ་བསྡུའོ། །དེ་ལྟར་རྣམ་པ་གསུམ་དུ་བཤད་ནས་སེམས་ཅན་གྱི་སྐྱབས་དང་རྟེན་དུ་བྱ་ན། ཁམས་གསུམ་ན་འཁོར་བའི་འཇིགས་པ་ལས་ཐར་པར་འགྱུར་ རོ༑ ༑སྤྱོད་པ་ཐམས་ཅད་ཀྱིས་སྡུག་བསྔལ་སྦོམ་པོ་ལས་ཐར་གྱིས་ཀྱང་སྡུག་བསྔལ་ཕྲ་མོ་མ་ཟད་དེ། དེའི་ཕྱིར་ཡང་དག་པ་མཐར་ཕྱིན་པའི་དཀོན་མཆོག་གསུམ་བཤད་པར་བྱའོ། ། [455B] །ཆོས་ནི། མི་རྟག་གོ་དགེ་འདུན་ཡང་མི་རྟག་སྟེ། སྡུག་བསྔལ་ཡིན་པས་ཡང་དག་པའི་རྟེན་གནས་མ་ཡིན་ཞེས་ཟེར་ན། དེང་འདིར་བཤད་པ་ ནི༑ རྟག་ཏུ་གནས་པ་ནི། རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས་ཆོས་ཉིད་སྟོང་པ་ཉིད་དུ་མངོན་པར་ཆུད་ཅིང། ཕྱིན་ཅི་ལོག་བརྒྱད་དང་བྲལ་བ། སྐྱེ་འགག་མེད་པ་ཡང་དག་པའི་རྟེན་གནས་སུ་གྱུར་པ་དེ་ནི་ སངས་རྒྱས་དཀོན་མཆོག་ཅེས་བྱའོ། །རྟག་པའི་ཆོས་རྙེད་དོ་ཅོག་དམིགས་པའི་མཐར་ཕྱིན་པར་སྤྱད་པ་ནི། ཡང་དག་པའི་ཆོས་དཀོན་མཆོག་ཅེས་བྱའོ། །སྤྱོད་པ་པ་རྣམས་ཀྱིས་ཡང་དག་པའི་ཆོས་ ཀྱི་ཆོས་ཉིད་ཁོང་དུ་ཆུད་ཅིང་རྟག་ཏུ་འདུས་མ་བྱས་པའི་གནས་སུ་གྲུབ་པ་ནི། དགེ་འདུན་ཞེས་བྱའོ། །ཡང་ཕྱིན་ཅི་ལོག་བརྒྱད་གཏན་དུ་བྲལ་བས་འཕགས་པ་དང་སྐྱེ་བོ་ཐམས་ཅད་མཐུན་ཞིང་ནམ་ དུའང་རྩོད་པ་མེད་པ་ནི། དགེ་འདུན་དཀོན་མཆོག་ཅེས་བྱའོ། །སྔོན་དཀོན་མཆོག་གསུམ་མི་དང་ཆོས་སུ་ཐ་དད་པར་བཤད། དེང་འདིར་སངས་རྒྱས་དངོས་པོ་གཅིག་ལ་ཆོས་དང་དགེ་འདུན་ཡང་ དེར་བྱུང་བས་དོན་དེའི་ཕྱིར་ནས་ཁྱོད་ལ་དངོས་པོ་གཅིག་པའི་དཀོན་མཆོག་གསུམ་བཤད་དེ། སྐྱེ་བོ་ཀུན་ཐེག་པ་གཅིག་ཏུ་ཕྱོགས་པར་བལྟའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་ དཔའ་མཚན་ཉིད་དད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས། གང་ལ་རྣམ་པར་རྟོག་སྟེ་ཐེག་པ་ཆེན་པོ་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ [456A]༄༅། །ཀྱི་བུ༑ ཁམས་གསུམ་མི་རྟག་པར་བསམ་སྟེ་ཐེག་པ་ཆེན་པོར་བསྒྲུབ་བོ། །བྱང་ཆུབ་སེམས་དཔའ་མཚན་ཉིད་དད་ཀྱིས་གསོལ་པ་ཇི་ལྟར་ན་མི་རྟག་པ་ལ་ རྣམ་པར་རྟོག་པར་བགྱི། བཀའ་སྩལ་པ། མི་རྟག་པ་ལ་རྣམ་པར་རྟོག་པར་བྱ་ན་ཉོན་མོངས་པ་རྣམ་པར་སྤངས་ཏེ་ཡང་དག་པའི་དྲན་པ་མངོན་དུ་བཞག་ལ་བྱམས་པ་དང་སྙིང་རྗེ་ཐོག་ མར་འགྲོ་བར་བྱ་སྟེ། སྐྱེ་བོ་རྣམས་ལ་ཆོས་བཤད་ཅིང་བསྒྲལ་ནའང་ལན་མི་རེ་བ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལ་སེམས་ཅན་ཡོངས་སུ་མི་གཏོང་སྟེ་ཐེག་པ་ཆེན་པོ་བསྒྲུབ་ པར་བྱའོ། །རིགས་ཀྱི་བུ། དཔེར་ན། གྲོང་ཁྱེར་ཆེན་པོ་གཅིག་འཁོར་རྒྱ་དཔག་ཚད་གཅིག་ལ། སྒོ་མང་པོ་ཞིག་ཡོད་པ་དེར་འགྲོར་ན། ལམ་ན་གཡང་ས་དང། མུན་ནག་པ་དང། ཤིན་ཏུ་ འཇིགས་པའི་ས་ཆེར་ཡོད་ཀྱིས་ཀྱང་གྲོང་ཁྱེར་དེར་ཕྱིན་ན་ཤིན་ཏུ་བདེ་སྐྱིད་པར་འགྱུར་བས་སྐྱེས་བུ་མི་གཅིག་ལ་བུ་གཅིག་པ་ཞིག་ཡོད་པ་ཤིན་ཏུའང་སྡུག་མོད་ཀྱི། གྲོང་ཁྱེར་དེ་ན་བདེ་སྐྱིད་ པའི་ལོངས་སྤྱོད་དཔག་ཏུ་མེད་པ་ཡོད་དོ། །ཞེས་ཐོས་པས་བུ་སྡུག་པ་དེར་བོར་ནས་གྲོང་ཁྱེར་དེར་འགྲོ་འདོད་པའི་ཕྱིར་ཐབས་སྣ་ཚོགས་ཀྱི་ལམ་འཇིགས་ས་རྒལ་ནས་གྲོང་ཁྱེར་དེའི་སྒོར་ ཕྱིན་པ་དང། རྐང་པ་ཡ་གཅིག་ནང་དུ་བཅུག་སྟེ། རྐང་པ་ཡ་གཅིག་མ་བཏེག་པའི་བར་དུ་བུ་དེ་དྲན་ནས་འདི་ལྟར་བསམ་མོ། །བདག་ལ་བུ་གཅིག་པུ་ཡོད་པ་བདག་ཆས་པའི་ཁར་ཅི་སྟེ་མ་ [456B] ད་སུ་ཞིག་སླད་ན་གསོ་ཞིག་གུ་ཞེས་བསམ་ནས་གྲོང་ཁྱེར་དེ་བཏང་སྟེ་སླར་བུའི་ཐད་དུ་ཆས་སོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའི་བྱམས་པ་དང་སྙིང་རྗེའང་དེ་དང་འདྲ་སྟེ་བྱམས་ ཤིང་སྙིང་བརྩེ་བའི་ཕྱིར་མངོན་པར་ཤེས་པ་ལྔ་བསྒོམ་པར་བྱའོ། །བསྒོམས་ཏེ་ཟག་པ་ཟད་ན་ཡང་མི་ཤེས་གྲུབ་པ་མི་ལེན་ཏོ་།དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་ཟག་ པ་ཟད་པ་དང། མངོན་པར་ཤེས་པ་སྤོང་སྟེ། སོ་སོའི་སྐྱེ་བོའི་སར་བགྲོད་པར་བྱའོ། །རིགས་ཀྱི་བུ། དཔེར་གྲོང་ཁྱེར་བདེ་སྐྱིད་པ་ཞེས་བྱ་བ་ནི། རྣམ་པར་ཐར་པ་ཆེན་པོ་ལ་བྱའོ། །དཔེར་སྒོ་ མང་པོ་ཞེས་བྱ་བ་ནི། ཏིང་ངེ་འཛིན་གྱི་སྒོ་བརྒྱད་ཁྲི་བཞི་སྟོང་ལ་བྱའོ། །དཔེར་ལམ་འཇིགས་ས་ཆེན་པོ་ཞེས་བྱ་བ་ནི། བདུད་དང་བགེགས་ལྟ་བུ་ལ་བྱའོ། །དཔེར་གྲོང་ཁྱེར་གྱི་སྒོར་ཕྱིན་ཞེས་ བྱ་བ་ནི། མངོན་པར་ཤེས་པ་ལྔ་ཐོབ་པ་ལ་བྱའོ། །དཔེར་རྐང་པ་ཡ་གཅིག་བཏེག་སྟེ་ཐེམ་པའི་ནང་དུ་འཇུག་པ་ནི། ཡེ་ཤེས་ལ་བྱའོ། །དཔེར་རྐང་པ་ཡ་གཅིག་མ་བཏེག་པ་ནི། བྱང་ཆུབ་ སེམས་དཔའ་གཞན་རྣམ་པར་མ་གྲོལ་བ་ལ་བྱའོ། །དཔེར་བུ་གཅིག་པུ་ལུས་ཞེས་སྨྲ་བ་ནི། ལམ་རྒྱུད་ལྔའི་སེམས་ཅན་ལ་བྱའོ། །དཔེར་བུ་ལ་དྲན་པ་ནི། སྙིང་རྗེ་ཆེན་པོ་ལ་བྱའོ། །དཔེར་བུའི་ ཐད་དུ་ལྡོག་པ་ནི། སེམས་ཅན་འདུལ་ཞིང་རྣམ་པར་གྲོལ་བ་ཐོབ་པར་བྱེད་པ་ལ་བྱའོ། །དཔེར་ལན་དང་གྲུབ་པ་མི་ལེན་པ་ནི། ཐབས་མཁས་པ་ལ་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་ [457A]༄༅། །དཔའ་སེམས་དཔའ་ཆེན་པོའི་བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོས་བསྡུས་ཏེ་མི་གཏོང་བ་ནི། བསམ་གྱིས་མི་ཁྱབ་བོ་།རིགས་ཀྱི་བུ། ཡང་འདི་ལྟ་སྟེ། བྱང་ ཆུབ་སེམས་དཔའ་སྐྱེས་བུ་དམ་པ་དང་པོ་སེམས་བསྐྱེད་པ་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་སེམས་ཅན་ལ་རྟག་ཏུ་དགེ་བ་བཅུ་དཔོག་པར་བྱའོ། །བཅུ་པོ་གང་ཞེ་ན། སྲོག་མི་ གཅོད་པ་དང། མ་བྱིན་པར་མི་ལེན་པ་དང། འདོད་པས་ལོག་པར་མི་གཡེམ་པ་དང། བརྫུན་དུ་མི་སྨྲ་བ་དང། ཕྲ་མ་དང་དབྱེན་མི་བྱེད་པ་དང། ངག་རྩུབ་པོ་མི་སྨྲ་བ་དང། དོན་མེད་ པའི་གཏམ་ཚིག་ཀྱལ་པ་མི་སྨྲ་བ་དང། བརྣབ་སེམས་མི་བྱེད་པ་དང། གནོད་སེམས་མི་བྱེད་པ་དང། ལོག་པར་མི་ལྟ་བ་སྟེ། བྱང་ཆུབ་སེམས་དཔའ་དེ་བཞིན་དུ་བྱམས་པ་དང། སྙིང་ རྗེ་ཕུན་སུམ་ཚོགས་པར་སྤྱད་ན། བྱམས་པས་ནི། དགེ་བ་སྟོན་ཅིང་བདེ་བ་ལ་འགོད་པར་བྱེད། སྙིང་རྗེས་ནི། སྡུག་བསྔལ་ལས་ཐར་པ་དང། དམྱལ་བ་ལས་སྒྲོལ་བར་བྱེད་དོ། །སྐྱེ་བོ་ རྣམས་མྱ་ངན་ལས་འདའ་བར་སྒྲུབ་འདོད་པའི་སྒོམ་ཤེས་པ་མཐོང་ན། བྱང་ཆུབ་སེམས་དཔའ་སྐྱེ་བོ་དེ་དག་ལ་སྙིང་རྗེ་བའི་སེམས་བསྒོམ་པར་བྱའོ། །སྙིང་རྗེ་བའི་དབང་གིས་སེམས་ཅན་ ཐམས་ཅད་མྱ་ངན་ལས་འདའ་བའི་སྒོ་འབྱེད་པས་བདེ་བའི་གནས་མངོན་པར་སྟོན་ཏེ། ཐེག་པ་ཆེན་པོའི་འབྲས་བུ་ཐོབ་པར་བྱེད་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ [457B] །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་མཚན་ཉིད་དད་ཀྱིས་འདི་སྐད་ཅེས་གསོལ་ཏོ་།བཅོམ་ལྡན་འདས། ཡང་དག་པའི་དྲན་པ་ཞེས་བགྱི་བ་གང་ བཀའ་སྩལ་པ། མི་སྐྱེ་མི་འགག་པའི་ཆོས་སྤྱད་པའོ། །གསོལ་པ་བཅོམ་ལྡན་འདས། ཆོས་མི་སྐྱེ་བ་ནི། གང། མི་འགག་པ་ནི། གང་བཀའ་སྩལ་པ། རིགས་ཀྱི་བུ། སྡིག་པའི་ཆོས་ནི་ མི་སྐྱེ་བར་བྱ། དགེ་བའི་ཆོས་ནི། མི་འགག་པར་བྱའོ། །དེ་ལྟ་བུ་སྤྱོད་པ་ཁམས་གསུམ་དུ་སྤྱད་པ་ནི། འདོད་པ་རྣམ་པ་ལྔའི་བག་ཆགས་ཀྱི་དྲི་མས་གོས་པར་མི་འགྱུར་རོ། །རིགས་ཀྱི་བུ། ཁམས་ གསུམ་ན་བགྲོད་ཅིང་སེམས་ཅན་བསྒྲལ་བར་འདོད་ན་ཆོས་རྣམ་པ་བཅུ་པོ་འདིས་ཁམས་གསུམ་དུ་བགྲོད་པར་བྱ་སྟེ། ཀུན་རྫོབ་ཀྱི་ཚིག་དང་ཡི་གེའི་རྗེས་སུ་ཁམས་གསུམ་ཡོད་པར་ བཤད་མོད་ཀྱི། བླ་ན་མེད་པའི་བྱང་ཆུབ་ནི། དུས་གསུམ་དུ་མི་གནས་ལ། མཐར་ཕྱིན་པའི་བྱང་ཆུབ་རྣམ་གྲངས་སུ་མི་ལྟུང་ན་དུས་གསུམ་དང་ཁམས་གསུམ་ལྟ་ཅི་སྨོས། ཆོས་བཅུ་པོ་གང་ ཞེ་ན༑ བསྟོད་པ་དང་སྨད་པ་ལ་སེམས་སྐྱེ་བྲི་མེད་པ་དང། སྙན་པ་དང་མི་སྙན་པར་ཐོས་པ་ལ་སེམས་རྣམ་པར་མི་རྟོག་པ་དང་ཤེས་རབ་ཅན་དང་གཏི་མུག་ཅན་ལ་འདྲ་བར་སྙིང་རྗེ་བསྐྱེད་ པ་དང། སེམས་ཅན་བླ་འོག་གང་ཡང་རུང་སྟེ་སྙོམས་པར་ལྟ་བ་དང། མཆོད་པ་གུས་མ་གུས་ལ་སེམས་རྣམ་པ་གཉིས་སུ་མི་འབྱེད་པ་དང། གཞན་གྱི་ཉེས་སྐྱོན་ལ་འཕྱགས་མི་འདོགས་པ་ [458A]༄༅། །དང། ཐེག་པ་རྣམ་པ་སྣ་ཚོགས་སུ་མཐོང་ནའང་ཐེག་པ་གཅིག་ཏུ་ལྟ་བ་དང། ངན་སོང་གསུམ་གྱི་སྒྲ་ཐོས་ནའང་འཇིགས་པ་དང་སྐྲག་པའི་སེམས་མི་སྐྱེད་པ་ དང། བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཞིན་གཤེགས་པ་དང་འདྲ་བར་བལྟ་བ་དང། བསྐལ་པ་སྙིགས་མ་ཅན་གྱི་དུས་སུ་སངས་རྒྱས་འབྱུང་བ་ལ་ངོ་མཚར་རྨད་དུ་བྱུང་བའི་འདུ་ ཤེས་བསྐྱེད་པ་དང་བཅུ་སྟེ། ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་བག་ཆགས་ཀྱིས་ཉོན་མོངས་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྐྱེས་བུ་ དམ་པ་ཁམས་གསུམ་ན་བགྲོད་པའི་ཚེ་སྙིང་རྗེ་ཆེན་པོས་གཞི་བྱས་ན་མནོལ་བའི་ཞིང་དེར་འོད་འདྲེས་ཀྱང་རྡུལ་མི་གཅིག་སྟེ། དེ་བས་ན། བསམ་གྱིས་ཁྱབ་དཀའ་ཞེས་བྱའོ། །གང་ཞིག་ འཇིག་རྟེན་རྣམ་དག་ན། །བསྐལ་པ་གཅིག་གི་བར་དག་ཏུ། །ཚུལ་ཁྲིམས་དམ་དུ་སྲུང་བ་ནི། །སྐྱེས་བུ་དེ་ནི་སྐད་ཅིག་ཙམ། །བྱམས་པ་སྤྱད་པས་དམ་པ་མཆོག་གང་ཞིག་འཇིག་རྟེན་ས་འདི་ རུ༑ ༑ལུས་དང་ངག་ཡིད་སྡིག་སྤྱད་དེ། །ངན་སོང་གསུམ་དུ་ལྟུང་ངེས་དག་བྱམས་སེམས་དེ་ཡིས་འཕྲལ་དུ་འབྱང། །བྱང་ཆུབ་སེམས་དཔའ་འགའ་ཞིག་གིས། འཇིག་རྟེན་ངན་པར་ སྐྱེས་ན་ཡང། །འཇིགས་དང་དོགས་པ་མ་སྐྱེད་ཅིག་ངན་སོང་ལྟུང་བའི་སྡིག་ཡོད་ཀྱང། །མགོ་སོན་བ་ཙམ་གྱིས་འབྱང། །གང་ཞིག་འཆིང་བ་གཅོད་འདོད་དམ། །ཉོན་མོངས་སྒྲིབ་པ་སྤང་ [458B] །འཇིག་རྟེན་ངན་འདིར་སྐྱེས་ན་ཡང། །དམ་ཆོས་སྲུང་བས་ཤེས་རབ་འཕེལ། །རྣམ་དག་ཞིང་དུ་བསྐལ་པ་འབུམ། །ཚུལ་ཁྲིམས་རྣམ་དག་སྤྱད་པ་བས། །དེང་ནས་སང་གི་བར་དག་ཏུ།། འཇིག་རྟེན་འདི་ན་གནས་ཀྱང་སླ། །དེ་ཅིའི་ཕྱིར་ཞེ་ན། ངས་ནི་མི་འཁྲུགས་འཇིག་རྟེན་དང། །བདེ་བ་ཅན་གྱི་འཇིག་རྟེན་གཉིས། །ཤིན་ཏུ་རྣམ་དག་མཐོང་བ་ན། །སྡུག་བསྔལ་བྱ་བའི་མིང་ཡང་མེད་།ཁམས་ དེར་བསོད་ནམས་བྱ་བ་ནི། །དཀའ་བ་སྙམ་དུ་མི་མཛད་དེ། །གང་ཞིག་འཇིག་རྟེན་འདི་དག་ཏུ། །རང་གིས་མི་བཟོད་བཟོད་བྱ་སྟེ། །ཕ་རོལ་པོ་ཡང་བཟོད་བཅུག་ན། །དེ་ནི་བསོད་ནམས་དམ་པ་མཆོག་དེ་ ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །འཇིག་རྟེན་ངན་འདིར་བགྲོད་པའི་ཚེ། །ཉོན་མོངས་མྱ་ངན་མ་བྱེད་པར། །སེམས་ཅན་ཐམས་ཅད་འདྲེན་བྱ་སྟེ། །བརྩོན་འགྲུས་བརྟན་པའི་སེམས་བསྐྱེད་ན། ། བླ་མེད་བྱང་ཆུབ་མྱུར་དུ་ཐོབ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་རྣམས་ ཀྱིས་དེང་འདིར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་རྒྱུ་དང་རྐྱེན་ཞིག་ཞུ་ཞིང་མཆིས་ན། དེ་བཞིན་གཤེགས་པས་སྐབས་དབྱེ་བར་གནང་ན་སྤོབས་པ་བསྐྱེད་དེ་ཞུ་བར་བགྱིའོ། །ཞེས་གསོལ་པ་དང་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །རིགས་ཀྱི་བུ། ཁྱོད་ཚྔོན་སངས་རྒྱས་བརྒྱ་སྟོང་དུ་མ་ལ་དགེ་བའི་རྩ་བ་རྣམས་བསྐྱེད་པ། བྱང་ཆུབ་སེམས་དཔའི་ཐབས་སྤྱད་པ་ལ་ [459A]༄༅། །མཁས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱིར་བྱང་ཆུབ་སྤྱོད་པའི་བརྩོན་འགྲུས་བརྟན་པ་དྲི་བ་ལེགས་ཀྱི། འདོད་པ་བཞིན་དྲིས་ཤིག་ངས་ཁྱོད་ལ་བྱེ་བྲག་ ཕྱེད་པར་བཤད་དོ། །བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་བར་གནང་ནས་བཅོམ་ལྡན་འདས་ལ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ་།བཅོམ་ལྡན་འདས། བྱང་ཆུབ་སེམས་ དཔས་ཅི་བགྱིས་ན། བརྟུལ་ཞུགས་དང་དཀའ་ཐུབ་ཀྱི་སེམས་ལ་གདུང་བ་མ་མཆིས་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན། ངེས་པའི་ཚིག་ལ་འགྱོད་པ་མ་མཆིས་པར་འགྱུར་ བྱང་ཆུབ་སེམས་དཔས་ཅི་བགྱིས་ན། དགེ་བའི་རྩ་བ་འཕེལ་བར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན། འཇིགས་པ་མ་མཆིས་ཤིང་ཚུལ་མི་གཡོ་བར་འགྱུར། བྱང་ཆུབ་སེམས་ དཔས་ཅི་བགྱིས་ན། དམ་པའི་ཆོས་ཡོངས་སུ་འགྲུབ་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན། ས་གཅིག་ནས་ས་བཅུའི་བར་དུ་ལེགས་པར་འཚལ་བར་འགྱུར། བྱང་ཆུབ་ སེམས་དཔས་ཅི་བགྱིས་ན། ཐབས་ཤིན་ཏུ་མཁས་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན། སེམས་ཅན་གྱི་སྟོན་པ་བགྱིད་པར་འགྱུར་བྱང་ཆུབ་སེམས་དཔས་ཅི་བགྱིས་ན་ ཚེ་ཚེ་རབས་རབས་སུ་བྱང་ཆུབ་ཀྱི་སེམས་ཆུད་མི་གཟོན་པར་འགྱུར་བྱང་ཆུབ་སེམས་དཔས་ཅི་བགྱིས་ན། སེམས་སྤྱོད་པ་རྣམས་གཅིག་ལས་རྣམ་པ་སྣ་ཚོགས་སུ་སྤྱོད་པ་མ་མཆིས་ [459B] བྱང་ཆུབ་སེམས་དཔས་ཅི་བགྱིས་ན། ཆོས་རིན་པོ་ཆེས་ལེགས་པར་སྒྲུབ་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་ཚུལ་ཁྲིམས་དང་འདུལ་བ་ལས་བཅས་པའི་ཁ་ན་ མཐོ་བ་ལས་འབྱུང་བར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་ཉོན་མོངས་པ་རྣམས་འགག་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན། ཚོགས་མང་པོ་ཀུན་དང་མཐུན་པར་ འགྱུར༑ བྱང་ཆུབ་སེམས་དཔས་ཅི་བགྱིས་ན། ཆོས་ཀྱི་སྦྱིན་པའི་སྒོ་ལེགས་པར་འབྱེད་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན། སྔོན་གྱི་དབང་གི་མཐུས་དགེ་བའི་རྩ་བ་མི་སྟོར་བར་ འགྱུར༑ བྱང་ཆུབ་སེམས་དཔས་ཅི་བགྱིས་ན། གཞན་གྱིས་བསྟངས་པ་ལ་རག་མི་ལུས་པར་རང་བཞིན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་ བསམ་གཏན་དང་ཏིང་ངེ་འཛིན་བཏང་སྟེ་འདོད་པའི་ཁམས་སུ་སྐྱེ་བར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན། སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པར་འགྱུར། བྱང་ཆུབ་སེམས་ དཔས་ཅི་བགྱིས་ན། དགེ་བའི་རྩ་བ་འཕེལ་བ་དང། ཁམས་གསུམ་དུ་བགྲོད་ཅིང་སེམས་ཅན་ལ་སྟོན་པ་བགྱིད་དེ། སངས་རྒྱས་ཀྱི་ངོ་བོ་ཉིད་བར་མི་འཆད་པར་འགྱུར་རོ། །ཞེས་བགྱིས་པ་དང་ དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། ཁྱོད་དེ་བཞིན་གཤེགས་པ་ལ་བྱང་ཆུབ་སེམས་དཔའི་བྱ་བ་རྣམས་ཞུ་ནུས་པའང་ [460A]༄༅། །ཤིན་ཏུ་ལེགས་སོ་ལེགས་སོ། །ཁྱོད་ལེགས་པར་ཉོན་ལ་དྲན་པ་མངོན་དུ་ཞོག་ཅིག་གསོལ་པ། བཅོམ་ལྡན་འདས། བཀའ་བཞིན་དུ་ཐོས་པར་སྨོན་ཏེ་མཉན་ ཅིང་མནོས་པར་འཚལ་ལོ། །ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ ཆོས་བཞི་དང་ལྡན་ན། བརྟུལ་ཞུགས་དང་དཀའ་ཐུབ་ཀྱི་སེམས་མི་གདུང་བར་འགྱུར་རོ། །ཆོས་བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེར་བསྐྱེད་པ་དང། བརྩོན་འགྲུས་ བསྐྱེད་ཅིང་ལེ་ལོ་མི་བྱེད་པ་དང། སྐྱེ་ཤིའི་འཁོར་བ་རྨི་ལམ་ཙམ་དང་འདྲ་བར་ཤེས་པ་དང། ཡང་དག་པའི་ཡིད་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་བསམ་པ་དང་བཞི་སྟེ། བྱང་ཆུབ་སེམས་ དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་སེམས་གདུང་བ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན། ངེས་པའི་ཚིག་ལ་བར་མ་ དོར་འགྱོད་པར་མི་འགྱུར་རོ། །བཞི་གང་ཞེ་ན། ངེས་པའི་ཚིག་ཆོས་ལ་བདག་མེད་པར་མངོན་པར་ཆུང་ཅེས་བརྗོད་པ་དང། ངེས་པའི་ཚིག་སྐྱེ་གནས་སོ་ཅོག་ལ་དད་པའི་འདུ་ཤེས་ བསྐྱེད་པ་མི་རིགས་ཞེས་བརྗོད་པ་དང། ངེས་པའི་ཚིག་གིས་ཐེག་པ་ཆེན་པོ་ལ་རྒྱུན་དུ་བསྔགས་པ་བརྗོད་པ་དང། ངེས་པའི་ཚིག་གིས་ལས་དགེ་སྡིག་གི་འབྲས་བུ་མི་བརླག་ཅེས་བརྗོད་ [460B] །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན། དགེ་བའི་རྩ་བ་རྣམ་པར་འཕེལ་བར་འགྱུར་རོ། །བཞི་གང་ཞེ་ན། ཚུལ་ཁྲིམས་སྲུང་བ་དང། མང་དུ་ཐོས་པ་དང། སྦྱིན་པ་ བྱིན་པ་དང། རབ་ཏུ་བྱུང་བ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན། འཇིགས་པ་མེད་ཅིང་ཚུལ་ལས་མི་གཡོ་བར་འགྱུར་རོ། །བཞི་གང་ཞེ་ན། ཁེ་སྟོར་བ་དང་མི་སྙན་ པར་གྲགས་པ་དང། སྨད་ཅིང་དམའ་དབབ་པ་དང། སྡུག་བསྔལ་གྱིས་ནོན་ཀྱང་མི་གཡོ་བ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན། ཆོས་དཀར་པོ་ཡོངས་སུ་འགྲུབ་ པར་འགྱུར་རོ། །བཞི་གང་ཞེ་ན། ཕ་རོལ་པོ་ལས་དགེ་སྡིག་ཡིད་ཆེས་པར་སྟོན་པ་དང། སྦྱིན་པ་ལ་ལན་མི་རེ་བ་དང། དམ་པའི་ཆོས་སྲུང་ཞིང་སྐྱོང་བ་དང། ཤེས་རབ་ཆེན་པོས་བྱང་ཆུབ་ སེམས་དཔའ་ཐམས་ཅད་ལ་སྟོན་པར་བྱེད་པ་དང་བཞིའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན། ས་གཅིག་ནས་ས་བཅུའི་བར་དུ་ལེགས་པར་ཤེས་པར་འགྱུར་རོ། ། ཆོས་བཞི་གང་ཞེ་ན། དགེ་བའི་རྩ་བ་ཡུན་དུ་བསྐྱེད་པ་དང་ཉེས་སྐྱོན་ཐམས་ཅད་སེལ་བ་དང། ཐབས་ལ་ཤིན་ཏུ་མཁས་པ་དང་དགེ་བའི་བརྩོན་འགྲུས་ཅི་སྤྱད་པ་བྱང་ཆུབ་ཏུ་བསྔོ་བ་དང་ བཞིའོ༑ ༑བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན། ཐབས་ལ་ཤིན་ཏུ་མཁས་པར་འགྱུར་རོ། །བཞི་གང་ཞེ་ན། སེམས་ཅན་གྱི་ཡིད་དང་མཐུན་པར་བྱེད་པ་དང། གཞན་གྱི་བསོད་ནམས་ [461A]༄༅། །དང་ཡོན་ཏན་ལ་རྗེས་སུ་ཡི་རང་བའི་སེམས་སྐྱེད་པ་དང། སྡིག་ཡོད་ན་འགྱོད་ཚངས་བྱེད་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་ གསོལ་བ་འདེབས་པ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན། སེམས་ཅན་གྱི་སྟོན་པ་བྱེད་པར་འགྱུར་རོ། །བཞི་གང་ཞེ་ན། རྟག་ཏུ་སེམས་ཅན་ལ་ཕན་པ་དང་བདེ་ བ་སྒྲུབ་པར་བྱེད་པ་དང། རང་གི་དགའ་བ་ཡོངས་སུ་འདོར་བ་དང་མཉན་དེས་བྱས་ཏེ་བཟོད་པ་སྒོམ་པ་དང། ལེ་ལོ་སྤོང་བ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ ཚེ་ཚེ་རབས་སུ་བྱང་ཆུབ་ཀྱི་སེམས་ཆུད་མི་ཟོས་པར་འགྱུར་རོ་།བཞི་གང་ཞེ་ན། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་རྟག་ཏུ་དྲན་པར་བྱེད་པ་དང། བསོད་ནམས་བྱས་སོ་ཅོག་ སེམས་ཅན་གྱི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་དང་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང། ཐེག་པ་ཆེན་པོ་ཡོངས་སུ་སྒྲོག་པར་བྱེད་པ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ ཡང་ཆོས་བཞི་དང་ལྡན་ན། སེམས་སྤྱོད་པ་རྣམ་པ་གཅིག་ལས་རྣམ་པ་སྣ་ཚོགས་སུ་མི་སྤྱོད་པར་འགྱུར་རོ། །བཞི་གང་ཞེ་ན། ཉན་ཐོས་ཀྱི་སེམས་སྤང་བ་དང། རང་སངས་རྒྱས་ཀྱི་སེམས་ སྤང་བ་དང། ཆོས་སྒྲུབ་བས་སྐྱོ་མི་ངས་པ་དང། ཆོས་ཅི་ཐོས་པ་གཞན་ལ་སྟོན་པར་བྱེད་པ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན། ཆོས་རིན་པོ་ཆེ་ལེགས་པར་ [461B] །བཞི་གང་ཞེ་ན། ཐེག་པ་ཆེན་པོའི་ཆོས་དཀོན་པའི་ཕྱིར་རིན་པོ་ཆེ་དང་འདྲ་བར་འདུ་ཤེས་བསྐྱེད་པ་དང་ཐེག་པ་ཆེན་པོའི་ཆོས་སེམས་ཀྱི་ནད་ཐམས་ཅད་སེལ་བའི་ཕྱིར་སྨན་ དང་འདྲ་བར་ལྟ་བ་དང། ཐེག་པ་ཆེན་པོའི་ཆོས་ནམ་ཡང་མི་བརླག་པའི་ཕྱིར་ནོར་གྱི་དབྱིག་དང་འདྲ་བར་ལྟ་བ་དང། ཐེག་པ་ཆེན་པོའི་ཆོས་མྱ་ངན་ལས་འདའ་བར་བྱེད་པའི་ཕྱིར་སྡུག་ བསྔལ་འགོག་པར་ལྟ་བ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན། ཚུལ་ཁྲིམས་ཉམས་པ་དང། ཉོན་མོངས་པའི་ཁ་ན་མ་ཐོ་བ་ལས་འབྱང་བར་འགྱུར་རོ། །བཞི་ གང་ཞེ་ན། ཆོས་རྣམས་འོང་བ་མེད་པའི་ཕྱིར་ཆོས་ལ་མི་སྐྱེ་བའི་བཟོད་པ་ཐོབ་པ་དང། ཆོས་རྣམས་སོང་བ་མེད་པའི་ཕྱིར་ཆོས་ལ་མི་འགོག་པའི་བཟོད་པ་ཐོབ་པ་དང། ཆོས་རྣམས་རྒྱུ་དང་ རྐྱེན་ལས་སྐྱེ་བ་ཤེས་པའི་ཕྱིར་ཆོས་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་བཟོད་པ་ཐོབ་པ་དང། ཐ་དད་པའི་སེམས་རྒྱུད་མེད་པའི་ཕྱིར་མི་གནས་པའི་བཟོད་པ་ཐོབ་པ་དང་བཞིའོ། །བྱང་ཆུབ་ སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན། ཉོན་མོངས་པ་རྣམས་འགག་པར་འགྱུར་རོ། །བཞི་གང་ཞེ་ན། ཡང་དག་པའི་དྲན་པ་མངོན་པར་བཞག་པ་དང། དབང་པོ་རྣམས་ཀྱི་སྒོ་བསྡམ་པ་ དང། དགེ་བའི་ཆོས་ཀྱི་སྟོབས་བསྐྱེད་ནུས་པ་དང། དབེན་པའི་གནས་སུ་དད་ཅིང་འདུ་འཛིན་སྤང་བར་བྱ་བ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན། ཚོགས་མང་པོ་ [462A]༄༅། །ཀུན་དང་མཐུན་པར་འགྱུར་རོ། །བཞི་གང་ཞེ་ན། བདག་ཆོས་སྒྲུབ་ནའང་ཁྱད་པར་ཐོབ་པར་མི་སྒྲུབ་པ་དང། ལེ་ལོ་མེད་པར་རྟག་ཏུ་བཀུར་སྟི་དང་གུས་པའི་སེམས་ སྐྱེད་པ་དང། ཆོས་ཀྱི་ཕན་པ་འབའ་ཞིག་ཚོལ་གྱི་བདག་མི་སྤྱོམ་པ་དང། གཞན་ལ་དགེ་བའི་ཆོས་བསྟན་ཀྱང་རྙེད་པ་དང། བཀུར་སྟི་དང། གྲགས་པ་མི་ཚོལ་བ་དང་བཞིའོ། །བྱང་ཆུབ་ སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན། ཆོས་ཀྱི་སྦྱིན་པའི་སྒོ་ལེགས་པར་འབྱེད་པར་འགྱུར་རོ། །བཞི་གང་ཞེ་ན། དམ་པའི་ཆོས་ཡོངས་སུ་བསྲུང་ཞིང་བསྐྱབ་པ་དང། རང་གི་ཤེས་ རབ་ལ་ཕན་པར་བྱེད་ཅིང་གཞན་ལ་སྟོན་པར་བྱེད་པ་དང། རྟག་ཏུ་ཡ་རབས་ཀྱི་ཆོས་སྤྱོད་པ་དང། རྣམ་པར་དག་པ་དང་མ་དག་པའི་ཆོས་ལ་མི་རྟོག་པ་དང་བཞིའོ། །བྱང་ཆུབ་སེམས་ དཔའ་ཡང་ཆོས་བཞི་དང་ལྡན་ན། སྔོན་གྱི་དབང་གྱི་མཐུས་དགེ་བའི་རྩ་བ་མི་བརླག་པར་འགྱུར་རོ། །བཞི་གང་ཞེ་ན། ཕ་རོལ་པོའི་ཉེས་སྐྱོན་ལ་དབང་མི་བཟའ་བ་དང། ཞེ་སྡང་ཅན་ལ་ རྟག་ཏུ་བྱམས་སེམས་བསྒོམ་པ་དང། རྟག་ཏུ་ཆོས་ཐམས་ཅད་རྟེན་འབྲེལ་དུ་བཤད་པ་དང། བླ་ན་མེད་པའི་བྱང་ཆུབ་ལ་རྟག་ཏུ་དྲན་པར་བྱ་བ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ ཡང་ཆོས་བཞི་དང་ལྡན་ན། གཞན་གྱིས་བསྟན་པ་ལ་རག་མ་ལུས་པར་རང་བཞིན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པར་འགྱུར་རོ་།བཞི་གང་ཞེ་ན། རྟག་ཏུ་ཆོས་ཀྱི་སྦྱིན་པ་གཞན་ལ་ [462B] གཞན་གྱི་ཁ་ན་མ་ཐོ་བ་མི་བརྗོད་པ་དང་ཆོས་ཀྱིས་བསྡུས་ཏེ་སེམས་ཅན་གྱི་སྟོན་པ་ལ་མཁས་པ་དང། ཆོས་ཟབ་མོ་ཆུབ་པར་ཤེས་པ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ ཡང་ཆོས་བཞི་དང་ལྡན་ན། བསམ་གཏན་དང་ཏིང་ངེ་འཛིན་བཏང་སྟེ་འདོད་པའི་ཁམས་སུ་མངོན་དུ་སྐྱེ་བར་འགྱུར་རོ། །བཞི་གང་ཞེ་ན། སེམས་མཉེན་དེས་སུ་བྱ་བ་དང། དགེ་བའི་རྩ་བའི་ མཐུ་རྙེད་པར་བྱ་བ་དང། སེམས་ཅན་ཐམས་ཅད་མི་གཏོང་བ་དང་ཤེས་རབ་དང་ཐབས་མཁས་པའི་མཐུ་སྟོབས་རྒྱུན་དུ་སྒོམ་ནུས་པ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་ དང་ལྡན་ན༑ སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །བཞི་གང་ཞེ་ན། སྐྱེ་ཤིའི་འཁོར་བ་གྲངས་མེད་པར་མྱོང་ནའང་སྐྱོ་བའི་སེམས་མི་སྐྱེད་པ་དང། རྟག་ཏུ་སངས་རྒྱས་ཚད་མེད་ པ་ལ་མཆོད་པ་བྱ་བ་དང། བྱམས་སེམས་ཚད་མེད་པར་བསྒོམ་པར་བྱ་བ་དང། སངས་རྒྱས་ཀྱི་ཡེ་ཤེས་ཚད་མེད་པ་ལ་མོས་པ་སྐྱེད་པ་དང་བཞིའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ཡང་ ཆོས་བཞི་དང་ལྡན་ན། སངས་རྒྱས་ཀྱི་བདག་ཉིད་རྒྱུན་མི་འཆད་པར་འགྱུར་རོ། །བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྨོན་ལམ་མི་གཏོང་བ་དང། སྦྱིན་པའི་སྤྱོད་ལམ་ལ་དད་པ་ དང། བརྩོན་འགྲུས་ཆེན་པོ་ལ་འདུན་པ་དང། སངས་རྒྱས་ཀྱི་ཆོས་ལ་སེམས་ཟབ་མོས་རྒྱུན་དུ་སྤྱོད་པ་དང་བཞི་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་དུ་བགྲོད་ [463A]༄༅། །ཅིང་སྤྱོད་པ་རྣམ་པ་བཞི་པོའི་རྣམ་གྲངས་སྤྱད་དེ་སེམས་ཅན་ལ་ཕན་པ་དང་བདེ་བར་བྱས་ཤིང་འཇིག་རྟེན་ལས་བཟླ་བར་བསྒོམས་ན་སངས་རྒྱས་ཀྱི་བདག་ཉིད་རྒྱུན་ མི་འཆད་པར་འགྱུར་རོ། །དེའི་ཚེ་ཐེག་པ་ཆེན་པོའི་ཆོས་རྣམ་པ་བཞི་བཞིར་བཤད་པའི་ཚེ་ན་ལྷ་བཞི་ཁྲིས་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །མི་ལས་ཉི་ཁྲི་ལྔ་སྟོང་ནི་ཆོས་ལ་ མི་སྐྱེ་བའི་བཟོད་པ་ཐོབ་བོ། །བྱང་ཆུབ་སེམས་དཔའ་བཞི་ཁྲི་བརྒྱད་སྟོང་ནི། ཆོས་ཀྱི་ཁམས་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་སྟེ་སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་པར་ཆུད་དོ། །དེའི་ཚེ་ དེའི་དུས་ནའང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་།རིགས་ཀྱི་བུ། ཁྱོད་མདོ་སྡེ་འདི་ལེགས་པར་ ཟུངས་ཤིག་ཆོངས་ཤིག་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། མདོ་སྡེ་འདིའི་མིང་ཅི་ལགས། འདི་ཇི་ ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་འདིའི་མིང་ནི། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་བདུད་ཀྱི་ཡུལ་འཇོམས་པ། མུ་སྟེགས་ཀྱི་དཔུང་དང་བཅས་ པར་གཞིག་པ། ཉོན་མོངས་པ་ཐམས་ཅད་སེལ་བ། ལོག་པར་ལྟ་བ་དང། འདོད་པ་རྣམ་པ་ལྔའི་འཆིང་བ་འགྲོལ་བ། ཁམས་གསུམ་གྱི་བཙོན་ར་འདྲལ་བ། འཁོར་བ་ལས་ཐར་ཅིང་ [463B] ས་བོན་དམ་པའི་རྒྱུ་བསྐམས་པ་ལ་རླན་པར་བྱེད་པ། རྒྱུ་རྐྱེན་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་ཀྱི་ཆར་འབེབས་པ། སེམས་ཅན་ཐེག་པ་གསུམ་ གྱི་མྱུ་གུ་དང་མེ་ཏོག་རྒྱས་ཤིང་འཕེལ་བར་བྱེད་པ། བྱང་ཆུབ་ཀྱི་འབྲས་བུ་མཆོག་ཐེག་པ་གཅིག་ཏུ་འགྲུབ་པར་བྱེད་པ་ཞེས་བྱ་བར་ཟུངས་ཤིག་དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་ དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་སྔོན་འདས་པའི་སངས་རྒྱས་གྲངས་མ་མཆིས་པའི་སྤྱན་སྔ་དང། འདུས་པ་གྲངས་མ་མཆིས་པ་དང། ཚོགས་ དཔག་ཏུ་མ་མཆིས་པའི་ནང་དུ་ཆོས་རྣམ་པ་སྣ་ཚོགས་དང། དོན་རྣམ་པ་སྣ་ཚོགས་དང། མཚན་མ་རྣམ་པ་སྣ་ཚོགས་དང། ཐེག་པ་རྣམ་པ་སྣ་ཚོགས་ཀྱང་ཐོས་ན། ངོ་མཚར་རྨད་དུ་བྱུང་བའི་ ཆོས་དེ་ལྟ་བུ་དང། ངོ་མཚར་རྨད་དུ་བྱུང་བའི་དོན་དེ་ལྟ་བུ་དང། ངོ་མཚར་རྨད་དུ་བྱུང་བའི་མཚན་མ་དེ་ལྟ་བུ་དང། ངོ་མཚར་རྨད་དུ་བྱུང་བའི་ཐེག་པ་ཆེན་པོ་དེ་ལྟ་བུ་ནི། ཐོས་མ་མྱོང་སྟེ། དེང་ ཐོས་པ་འདི་དག་རྒྱུན་མི་འཆད་པར་བགྱིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི། རྟག་ལ། ཆོས་དང་དགེ་འདུན་ནི། འགག་པར་མི་འགྱུར་ཏེ། ཁམས་གསུམ་གྱི་སེམས་ཅན་རང་སྐྱེ་ ཞིང་རང་འགག་པར་གྱུར་ནས་དེ་བཞིན་གཤེགས་པ་མ་མཐོང་བ་དང། ཆོས་དང་དགེ་འདུན་མ་མཐོང་བས་མྱ་ངན་ལས་འདས་ཏེ་འགག་པར་འགྱུར་རོ། ཞེས་བརྗོད་དོ། །བདག་ཅག་དེ་བཞིན་ [464A]༄༅། །གཤེགས་པའི་བྱིན་གྱི་རླབས་ཀྱིས་ཁམས་གསུམ་དུ་བགྲོད་ཅིང་སོ་སོའི་སྐྱེ་བོའི་རྗེས་སུ་བསྙེགས་ཏེ་མྱ་ངན་ལས་འདའོ་།ཞེས་བླ་དྭགས་སུ་བརྗོད་པ་ལེགས་སོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་སླད་ན་བདག་ཅག་རྣམས་ཀྱིས་ཐེག་པ་བརྒྱད་ཁྲིས་སངས་རྒྱས་ཀྱི་ཡེ་ཤེས་སུ་ཆུད་པར་སྐྱེས་བུ་ཆེན་པོའི་ཆོས་ཀྱི་སྐུ་ ཐོབ་པར་བགྱིའོ། །ཆོས་ཀྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ལ་མདོ་སྡེ་འདི་སྤེལ་བར་བགྱིའོ། །གཟུང་ཞིང་འཆང་བ་དང། ཀློག་པ་དང། ཁ་ཏོན་དུ་འདོན་པར་བགྱིའོ། །ཇི་ལྟར་ བཤད་པ་བཞིན་བསྒོམས་ཏེ་དུས་གཅིག་ཏུ་སངས་རྒྱས་འགྲུབ་པར་བགྱིའོ། །མི་གཏོང་བར་བགྱིའོ། །བཅོམ་ལྡན་འདས། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ལས་བཅོམ་ལྡན་ འདས་མྱ་ངན་ལས་འདས་པའི་སླད་དུ་སྙིགས་མ་ཅན་གྱི་དུས་སུ་མདོ་སྡེ་འདི་གཟུངས་སུ་བཟུང་ཞིང་ཀློག་གམ། ཁ་ཏོན་དུ་བགྱིད་དམ་གླེགས་བམ་དུ་ཡི་གེར་འྦྲིའམ། ཡི་གེར་འབྲིར་ འཇུག་ན། བསོད་ནམས་ཇི་ཙམ་ཞིག་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གང་ལ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནོར་བུ་ རིན་པོ་ཆེས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས། མདོ་སྡེ་འདིའི་མིང་ཙམ་ཐོས་པས་བསོད་ནམས་དཔག་ཏུ་མེད་པར་ཆེའོ། །གང་ལ་ལས་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུར་ནོར་ [464B] མདོ་སྡེ་འདི་གླེགས་བམ་དུ་བྱས་ཏེ་འཆང་བ་ཙམ་གྱིས་བསོད་ནམས་དཔག་ཏུ་མེད་པར་ཆེའོ། །གང་ལ་ལས་ཕྱོགས་བཅུའི་འཇིག་ རྟེན་གྱི་ཁམས་སུ་ནོར་བུ་རིན་པོ་ཆེས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས། ཐེག་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་སྡེ་འདིའི་ནང་ན་ཡི་གེ་འབྲུ་གཅིག་གམ། ཚིགས་བཅད་གཅིག་གམ་ ཤླཽ་ཀ་གཅིག་འྦྲིའམ། འབྲིར་འཇུག་ན། དེ་བས་ཀྱང་བསོད་ནམས་དཔག་ཏུ་མེད་པར་ཆེའོ། །འཇིག་རྟེན་གྲངས་མེད་པའི་ཁམས་སུ་རིན་པོ་ཆེས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས་ ཀྱང་སེམས་ཐག་པ་ནས་མདོ་སྡེ་འདིའི་ཤླཽ་ཀ་གཅིག་ཀློག་གམ་ཁ་[?]དོན་བྱས་ན། བསོད་ནམས་དེ་བས་ཀྱང་དཔག་ཏུ་མེད་པར་ཆེའོ་།སྟོང་ཁམས་ཡོངས་སུ་གང་བའི་སེམས་ཅན་གྱི་སྲོག་གི་ སྐྱབས་བྱིན་པ་བས་ཀྱང་གང་གིས་སེམས་ཐག་པ་ནས་མདོ་སྡེ་འདིའི་དོན་ཚིག་གཅིག་ཤེས་ཏེ་གཞན་ལ་ཚིག་གཅིག་གམ། ཤླཽ་ཀ་གཅིག་གི་དོན་བསྟན་ན། བསོད་ནམས་དེ་བས་ཀྱང་ དཔག་ཏུ་མེད་པར་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། ཟང་ཟིང་གི་སྦྱིན་པ་ནི། ཉན་ཐོས་ཀྱི་སྦྱིན་པ་ཡིན་ཏེ། ཚེ་དང་ལོངས་སྤྱོད་པ་སྐྱེད་པར་ཟད་ཀྱི་འཁོར་བ་ལས་མི་ཐར་རོ། །ཐེག་པ་ཆེན་པོ་ཆོས་ཀྱི་སྦྱིན་ པ་ནི༑ སེམས་ཅན་རྣམས་ཀྱི་བྱང་ཆུབ་རྩ་བ་བསྐྱེད་པ་དང། ཐེག་པ་གསུམ་གྱི་ཡེ་ཤེས་ཀྱི་སྲོག་སྡུད་པར་བྱེད་པའོ། །རིགས་ཀྱི་བུ་མདོ་སྡེ་འདི་ཀློག་པ་དང་འཆང་བ་ནི། སྔོན་སྡིག་ཅན་མ་ [465A]༄༅། །རུངས་པ་ཡིན་ནའང་ད་དགེ་བ་དང་ལྡན་པའོ། །སྔོན་སྡུག་བསྔལ་ཅན་ཡིན་ནའང་ད་ལོངས་སྤྱོད་དང་ལྡན་པའོ། །སྔོན་འཆིང་བ་ཅན་ཡིན་ནའང་ད་གྲོལ་ཐར་པ་དང་ལྡན་ པར་འགྱུར་རོ། །སྔོན་མ་རྒལ་བ་ཡིན་ནའང་ད་རྒལ་བ་ཅན་ཡིན་ནོ་།སྔོན་བླུན་པ་ཞིག་ཡིན་ནའང་ད་ནི། སློབ་དཔོན་དུ་ཆུད་པའོ་།སྔོན་ཟག་པ་དང་བཅས་པ་ཞིག་ཡིན་ནའང་ད་ནི། ཟག་པ་ མེད་པའོ། །སྔོན་སོ་སོའི་སྐྱེ་བོའི་སྤྱོད་པ་ཅན་ཞིག་ཡིན་ནའང་ད་ནི། འཕགས་པའི་སྤྱོད་པ་དང་ལྡན་པའོ། །སྔོན་ཆོས་ལམ་དང་འགལ་བ་ཞིག་ཡིན་ནའང་ད་ནི། འཕགས་པའི་ལམ་ལ་ཆུད་ པའོ༑ ༑ལུས་སྐྱེ་བོའི་ལུས་ཅན་ཡིན་ནའང་མདོ་སྡེ་འདི་ཀློག་པ་དང་འཆང་བའི་ཕྱིར་བློ་ནི། འཕགས་པའི་ཡེ་ཤེས་དང་འདྲའོ། །སྔོན་ཉོན་མོངས་པ་ཅན་ཞིག་ཡིན་ནའང་ད་མདོ་སྡེ་འདི་ཀློག་པ་ དང་འཆང་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དང་འདྲ་བར་མྱ་ངན་ལས་འདའ་བ་ཅན་ནོ། །ཞེས་བཀའ་སྩལ་པ་དང། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པས་བཤད་པ་ལྟར་ན་སྔོན་སོ་སོའི་སྐྱེ་བོ་ལགས་ཀྱང་ད་ནི། འཕགས་པའི་སྤྱོད་པ་དང་ལྡན་ནོ་ཞེས་བགྱི་བ་དང། སྔོན་ཉོན་མོངས་ པ་ཅན་ལགས་ནའང་ད་ནི། མདོ་སྡེ་འདི་ཀློག་པ་དང། འཆང་བས་སངས་རྒྱས་བཅོམ་ལྡན་འདས་དང་འདྲ་བར་མྱ་ངན་ལས་འདའ་བ་ཅན་ནོ། །ཞེས་བྱུང་ན། ཚུལ་ཁྲིམས་ཞིག་པ་དང་ [465B] དམ་པའི་ཆོས་ལ་སྐུར་བ་བཏབ་པའང་ཅི་མདོ་སྡེ་འདི་ཀློག་པ་ཙམ་གྱིས་ཉོན་མོངས་པ་སྤོང་སྟེ་མྱ་ངན་ལས་འདས་པ་དང་མཐུན་པ་ཞིག་ལགས་སམ་ དོན་དེ་རིག་པར་དཀའ་ཞིང་མཆིས་ན། བཅོམ་ལྡན་འདས། བྱེ་བྲག་ཕྱེད་པར་བསྟན་དུ་གསོལ་ཞེས་བགྱིས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། ། རིགས་ཀྱི་བུ། ཁྱོད་ཀྱིས་ཀྱང་ལེགས་པར་ཞུགས་པས་ངས་ཀྱང་ལེགས་པར་བཤད་པར་བྱའོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་སངས་རྒྱས་མ་མཐོང་བའི་ཕྱིར་ལོག་པར་ལྟ་བ་དང་ ཚུལ་ཁྲིམས་ཉམས་པ་དང། དམ་པའི་ཆོས་ལ་སྐུར་བ་བཏབ་པ་ཡིན་ནོ། །སངས་རྒྱས་འཇིག་རྟེན་དུ་བཞུགས་པ་ན་ཚུལ་ཁྲིམས་ཉམས་པ་དང། དམ་པའི་ཆོས་ལ་སྐུར་བ་བཏབ་པ་ཡོང་ མེད་དོ། །དེ་ཇི་ལྟར་ཞེ་ན། དཔེར་ན། དྲ་མ་མི་གཅིག་ལ་བུ་གཅིག་བུ་ཞིག་ཡོད་པ་དེ་ཤིན་ཏུའང་ཕང་ཤིང་སྡུག་ན། ཕ་ཡོད་པའི་ཚེ་ན་ནི། ཉིན་མཚན་དུ་བསྟན་ཅིང་བསླབས་པས་བྱས་སོ་ ཅོག་ལ་འགལ་བ་མེད། བུའང་ཕ་ལ་སྲི་ཞུ་ཆེ་སྟེ་པའི་ངག་ཉན་ཅིང་ཉེས་པ་ཡོང་མ་བྱུང་ངོ། །རེ་ཞིག་དུས་གཅིག་ན་ཕ་ལམ་རིང་པོར་མགྲོན་དུ་སོང་བ་ལས་རིང་དུ་ལོན་ཏེ་སླར་མ་འཁོར་བའི་ བར་དུ་བུ་དེ་ཕའི་བསྟོན་ངག་བརྗེད་ནས་ཉེས་པའང་མང་དུ་བྱུང་ངོ། །ཕ་རིང་དུ་ལོན་ཏེ་སར་མ་འཁོར་བའི་ཕྱིར་བ་ཤི་བ་སྐད་དུ་བརྗོད་དེ་དུད་མོ་དག་བྱེད་ཅིང་ཁད་ཀྱིས་འཆལ་དུ་བྱེད་དོ། །མྱ་ངན་ [466A]༄༅། །གྱིས་ནོན་ཏེ་སེམས་སྟོར་ནས་ཕའི་བསྟན་པའང་བརྗེད་དེ་ཆོས་ལ་སྐུར་བ་དང་འདྲ་བར་འགལ་བ་ཤ་སྟག་བྱེད་དོ། །ཕ་དེ་ཡུན་རིང་མོ་ཞིག་ལོན་ནས་དུས་གཅིག་ ན་སླར་ཁྱིམ་དུ་ལོག་པའི་ཚེ་བུའང་ཤིན་ཏུ་དགའ་བ་དང་ཚིམ་པ་སྐྱེས་ནས་སྔོན་ཕའི་བསྟན་ངག་ཀྱང་དྲན་ཏེ་གཟུང་སུ་བཟུང་ནས་ཉེས་པའང་མ་བྱུང་ངོ། །ཕ་མཐོང་བའི་ཕྱིར་ཕ་མ་ཤི་ བར་ཡང་ཡིད་ཆེས་ནས་ལོག་པར་ལྟུང་བ་ཅན་ཞེས་ཀྱང་མི་བྱའོ་།ཕའི་བཀའ་བཞིན་དུ་མི་འགལ་བར་སྤྱད་པས་སྐུར་བ་ཅན་ཞེས་ཀྱང་མི་བྱ་སྟེ། རིགས་ཀྱི་བུ། དྲ་མ་ཞེས་བྱ་བ་ནི། དེ་ བཞིན་གཤེགས་པའོ། །བུ་གཅིག་བུ་ཞེས་པ་ནི། སེམས་ཅན་ཐམས་ཅད་དོ་།ཕས་བསྟན་ཅིང་བསླབས་ཞེས་བྱ་བ་ནི། ཚུལ་ཁྲིམས་སོ། །ལམ་རིང་པོར་སོང་ཞེས་བྱ་བ་ནི། དེ་བཞིན་ གཤེགས་པ་ཁམས་གཞན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གཤེགས་པའོ་།ཕ་མ་མཐོང་ཞེས་བྱ་བ་ནི། ཚེ་འདས་སོ། །ཞེས་བརྗོད་པའོ་།མྱ་ངན་གྱིས་ནོན་པ་ནི། སྒྲིབ་པས་ བསྒྲིབས་པའོ། །གཟུངས་སུ་མི་འཛིན་པ་ནི། ཚུལ་ཁྲིམས་ཞིག་པའོ་།ཤི་བ་སྐད་བརྗོད་པའི་ཕྱིར་སྡིག་སྤྱོད་པའོ། །དོན་འཁྲུལ་པའི་ཕྱིར་སྐུར་བ་བཏབ་པའོ། །དེ་བཞིན་གཤེགས་པས་ ཁམས་གཞན་ནས་སླར་གཤེགས་ཏེ་སེམས་ཅན་གྱིས་མཐོང་བ་ནི། སངས་རྒྱས་མྱ་ངན་ལས་མི་འདའ་བར་ཡིད་ཆེས་པའོ། །སངས་རྒྱས་ཀྱིས་ཆོས་བསྟན་ནས་སེམས་ཀྱི་རང་ [466B] །མྱ་ངན་ལས་མི་འདའ་བར་ཡིད་ཆེས་པ་ནི། ལྟུང་བ་མེད་པའོ། །བསྟན་པ་དང་མི་འགལ་བར་སྤྱོད་ཅིང་དོན་ཤེས་པ་ནི། ཆོས་ལ་མི་སྐུར་བ་ ཡིན་ནོ༑ ༑རིགས་ཀྱི་བུ། མདོ་སྡེ་འདི་ཀློག་པ་དང་འཆང་བ་ནི་འཁོར་བ་གྲངས་མེད་པའི་ཉོན་མོངས་པ་སྡིག་ལྕི་བ་ཀུན་འབྱང་བར་འགྱུར་རོ། །གང་མདོ་སྡེ་འདི་ཐོས་པ་ནི། སངས་རྒྱས་ཀྱི་ མཚན་ཐོས་པའོ། །གང་མདོ་སྡེ་འདི་མཐོང་བ་ནི། སངས་རྒྱས་ཀྱི་ཞལ་མཐོང་བའོ། །གང་མདོ་སྡེ་འདི་འཛིན་པ་ནི། སངས་རྒྱས་ཀྱི་སྐུ་འཛིན་པའོ། །གང་མདོ་སྡེ་འདི་སྤྱོད་པ་ནི། སངས་རྒྱས་ཀྱི་ མཛད་པ་སྤྱོད་པའོ། །གང་མདོ་སྡེ་འདི་བཤད་པ་ནི། སངས་རྒྱས་ཀྱི་མཛད་པ་བཤད་པའོ། །གང་མདོ་སྡེ་འདིའི་དོན་ཤེས་པ་ནི་སངས་རྒྱས་ཀྱི་དོན་ཤེས་པའོ། །གང་སངས་རྒྱས་ཀྱི་མཛད་པ་ སྤྱོད་པ་དང། སངས་རྒྱས་ཀྱི་དོན་ལེགས་པར་ཁྲོལ་བ་དེ་ནི། ཉོན་མོངས་པ་གཏན་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་འདི་ལག་ཏུ་འོངས་པའི་ཕྱིར་ཉོན་མོངས་པ་ཡོངས་སུ་སྤངས་པར་ འགྱུར་རོ། །རིགས་ཀྱི་བུ། བསྐལ་པ་བརྒྱད་ཁྲི་ལ་ཉིན་ཞག་གཅིག་ཏུ་རྩི་བ། ཞག་སུམ་ཅུ་ལ་ཟླ་བ་གཅིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བསྒྲེས་པའི་བསྐལ་པ་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་ འདས་པ་ལ་སངས་རྒྱས་གཅིག་འབྱུང་བ་དང་ཕྲད་དོ། །ཡང་བསྐལ་པ་གྲངས་དེ་དང་འདྲ་བ་འདས་ནས་སངས་རྒྱས་གཅིག་འབྱུང་བ་དང་ཕྲད་པ་བས་ཀྱང་མདོ་སྡེ་འདི་དང་ཕྲད་པ་ནི། ཤིན་ཏུ་དཀོན་ [467A]༄༅། །ནོ༑ ༑གང་མདོ་སྡེ་འདི་དང་ཕྲད་པ་ནི། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་ཕྲད་པ་དང་འདྲའོ། །དེའི་ཕྱིར་བློ་དང་ལྡན་པས་མདོ་སྡེ་འདི་བླང་བ་དང་ འཆང་བ་དང། ཀློག་པ་དང། ཁ་ཏོན་དུ་འདོན་པ་དང། ཡི་གེར་འབྲི་བ་དང། འབྲིར་འཇུག་པ་དང། གཞན་ལ་ཡང་བསྟན་ན། ལོག་པར་ལྟ་བ་དང། མ་རིག་པའི་ཉོན་མོངས་པ་དང་ ཟག་པ་དང་བཅས་པའི་སྡིག་པ་ཡོང་སུ་འབྱང་བར་འགྱུར། བསོད་ནམས་ཀྱི་ཞིང་ལ་གནས་པར་འགྱུར། འཇིག་རྟེན་གྱི་མཆོད་ཡོན་དཔག་ཏུ་མེད་པའང་འཇུ་བར་འགྱུར་རོ། །ཞེས་ བཀའ་སྩལ་པ་དང། ནམ་མཁའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས། རང་སངས་རྒྱས་ཀྱང་འཇིག་རྟེན་གྱི་ཡོན་འཇུ་བ་སྐད་མི་གདའ་ན། སོ་སོའི་སྐྱེ་བོ་ལྟ་ཞིག་ཡོན་འཇུ་བར་ འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་སངས་རྒྱས་ཡོན་མི་འཇུ་མི་སྲིད་དེ། སེམས་ཅན་ལ་ཆོས་བཤད་ཅིང་བསྒྲལ་མི་ནུས་ནའང་བསམ་གཏན་དང་ཏིང་ངེ་འཛིན་ ལ་འཇུག་པས་ཏིང་ངེ་འཛིན་ལས་ལངས་ཏེ་རྫུ་འཕྲུལ་ཆེན་པོ་རྣམ་པར་སྤྲུལ་ཅིང་སེམས་ཅན་རྣམས་སྒྲོལ་བར་བྱེད་པས་མཆོད་ཡོན་འཇུ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། མདོ་སྡེ་ཁ་ཅིག་ལས་བྱུང་བ་ལྟ་བ་ལོག་པ་དང། ཚུལ་ཁྲིམས་ཞིག་པ་རྣམས་ཁམས་ [467B] ཆུ་ཀླུང་གཅིག་ལ་ཆབ་འཚལ་དུའང་མི་རུང་ངོ། །ཞེས་བྱུང་ལ། གསོ་སྦྱོང་གི་ཚེ་གང་དག་དེ་འཕག་པའི་ལམ་སྟོར་བ་ལགས་ཏེ། དགེ་ འདུན་གྱི་ནང་དུའང་མི་ཆུད་ཅེས་འབྱུང་ན། ཅིའི་སླད་དུ་དེང་འདིར་ཚུལ་ཁྲིམས་ཞིག་པ་རྣམས་ཀྱང་མཆོད་ཡོན་འཇུ་བར་འགྱུར་ཞེས་གསུངས། གལ་ཏེ་དེ་དག་མཆོད་ཡོན་འཇུ་བར་འགྱུར་ན་ ནི༑ དེ་བཞིན་གཤེགས་པ་དང་ཡང་ཐ་མི་དད་ལ། འཕགས་པ་དགྲ་བཅོམ་པ་དང། རང་སངས་རྒྱས་དང་འདྲ་ན། བཅོམ་ལྡན་འདས། དེ་ཙམ་ཞིག་བྱེ་བྲག་ཕྱེད་པར་བཤད་པར་སྨོན་ བདག་ཀྱང་དེ་ཐོས་ནས་དེ་བཞིན་དུ་སེམས་ཅན་རྣམས་ལ་བསྟན་པར་བགྱིའོ། །རྣམ་པར་གྲོལ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་བཀའ་ སྩལ་པ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ། ཁྱེད་ལ་སོགས་པ་དེང་འདིར་བྱམས་པ་དང། སྙིང་རྗེ་ཕུན་སུམ་ཚོགས་པར་ལྡན་པས་སེམས་ཅན་རྣམས་ལ་སྙིང་བརྩེ་བར་བསམ་སྟེ་དོན་ དེ་ཞུ་བ་ནི། རབ་ཏུའང་ལེགས་ཏེ། ངས་ཀྱང་བྱེ་བྲག་ཕྱེད་པར་བཤད་ཀྱི། ལེགས་པར་སོམས་ལ་ཉོན་ཅིག་ཆོས་ཀྱི་རྣམ་གྲངས་འདིའི་སྤྱོད་ཡུལ་ནི། ཉན་ཐོས་དང། རང་སངས་རྒྱས་རྣམས་ ཀྱིས་རིག་པར་ཡང་མི་འགྱུར་ལ། བདུད་དང། མུ་སྟེགས་དང། སོ་སོའི་སྐྱེ་བོ་རྣམས་ཀྱི་བསམ་པའི་གནས་ཀྱང་མ་ཡིན་ཏེ། དེ་ནི། སངས་རྒྱས་མཁྱེན་པ་དང་ཁྱོད་ཀྱི་ཁོང་དུ་ཆུད་པར་ཟད་ [468A]༄༅། །དོ༑ ༑རིགས་ཀྱི་བུ། ངས་རྟག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་བསྟན་པ། སེམས་ཅན་བཟང་ངན་རྣམ་པར་མེ་རྟོག་པར་སྦྱིན་པ་བྱས་ན། བསོད་ ནམས་ཀྱི་ཚོགས་ཡོངས་སུ་འགྲུབ་བོ། །ཞེས་བཤད་དེ། བྱོལ་སོང་ལ་སྦྱིན་པ་བྱིན་པས་ནི། བསོད་ནམས་ཀྱི་ཡོན་ཏན་བརྒྱ་ཐོབ་པར་འགྱུར་རོ། །ལོག་སྤྱོད་ལ་སྤྱོད་པ་བྱིན་པས་ནི་ བསོད་ནམས་ཀྱི་ཡོན་ཏན་ལན་སྟོང་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་དགེ་བའི་རྩ་བ་རྒྱུན་ཆད་པ་ནི། འཆི་འཕོས་ནས་ལོག་སྤྱོད་ཀྱི་རྒྱུན་དུ་འགྲོའོ། །དྲིན་མི་གཟོ་བ་དང། ཁྲེ་ མེད་པ་ནི། འཆི་འཕོས་ན་བྱོལ་སོང་གི་རྒྱུད་དུ་འགྲོའོ། །ལོག་སྤྱོད་ཀྱི་འབྲས་བུ་རྣམ་པར་སྨིན་པའང་བསོད་ནམས་ཅན་གྱི་ཡོན་འཇུ་ན་མདོ་སྡེ་འདི་ཀློག་པ་དང། འཆང་བའི་གང་ཟག་ ལྟ་ཞིག་ཅི་སྨོས། དེ་བས་ན་ཐེག་པ་ཆེན་པོའི་མདོ་སྡེ་ཐར་པ་ཆེན་པོའི་ཕྱོགས་སུ་རྒྱས་པའི་མཐུ་དང། བྱིན་གྱི་རླབས་བསམ་གྱིས་མི་ཁྱབ་བོ། །ཚུལ་ཁྲིམས་འཇིག་པ་དང། མཚམས་ མེད་པར་འགྲོ་བ་དང། དམ་པའི་ཆོས་ལ་སྐུར་བ་དང། ལོག་པར་ལྟ་བ་དང། ཉོན་མོངས་པ་ཅན་གྱི་སྡིག་པ་ཡོངས་སུ་འབྱང་བར་བྱེད་པས་ན། མཆོད་ཡོན་ཡང་འཇུ་བར་ནུས་སོ། ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པའང་བསམ་གྱིས་མི་ཁྱབ་ཐར་པ་ཆེན་པོ་ཕྱོགས་སུ་ [468B] མདོ་སྡེ་འདི་འཛིན་པ་དང། ཀློག་པའི་གང་ཟག་དེའི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ དེ་དེ་བཞིན་ནོ། །རིགས་ཀྱི་བུ། དེ་དེ་བཞིན་ཏེ། ཁྱོད་ཀྱིས་བཤད་པ་བཞིན་ཏེ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་མཐའ་ཡས་པ་ཐོབ་པར་འགྱུར་རོ། །ཞེས་གསོལ་བ། དང་དེ་ནས་བཅོམ་ལྡན་ འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་དྲན་པ་སྔོན་འདས་པའི་བསྐལ་པ་རྣམ་པར་དག་པ་ཞེས་བྱ་བ་ན་ང་དེའི་ཚེ་སངས་རྒྱས་བྱ་བ་ ཁྲག་ཁྲིག་དགུ་བཅུ་རྩ་གཉིས་ལ་མཆོད་པ་ཕུལ་ཏེ་བསྙེན་བཀུར་བྱས་ནའང་ཉན་ཐོས་ཀྱི་ཚུལ་དུ་སྤྱད་པས་ཉེས་སྐྱོན་མང་དུ་བྱུང་བ་དང། ཚུལ་ཁྲིམས་ཉམས་པ་དཔག་ཏུ་མེད་པ་དག་བྱུང་བའི་ ཕྱིར་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་ང་ལ་ལུང་བསྟན་པར་མ་གྱུར་ཏོ། །བསྐལ་པ་དེ་འདས་ནས་བསྐལ་པ་མཐོང་བར་མོས་པ་ཞེས་བྱ་བ་ན་ང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་ལ་ མཆོད་པ་ཕུལ་ཏེ་བསྙེན་བཀུར་བྱས་ནའང་སངས་རྒྱས་དེ་དག་གིས་ང་ལ་ལུང་མ་བསྟན་ཏོ། །བསྐལ་པ་དེ་འདས་ནས་ཀྱང་བསྐལ་པ་ཚངས་པའི་དབྱངས་ཞེས་བྱ་བ་ན་ང་དེའི་ཚེ་སངས་རྒྱས་བྱེ་བ་ ཕྲག་ཉི་ཤུ་རྩ་གཉིས་ལ་མཆོད་པ་ཕུལ་ཏེ་བསྙེན་བཀུར་བྱས་ནའང་སངས་རྒྱས་དེ་དག་གིས་ང་ལ་ལུང་མ་བསྟན་ཏོ། །བསྐལ་པ་དེ་འདས་ནས་ཡང་བསྐལ་པ་སེམས་དགའ་ཞེས་བྱ་བ་ན་ང་ [469A]༄༅། །དེའི་ཚེ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་ལ་མཆོད་པ་ཕུལ་ཏེ་བསྙན་བཀུར་བྱས་ནའང་སངས་རྒྱས་དེ་དག་གིས་ང་ལ་ལུང་མ་བསྟན་ཏོ། །བསྐལ་པ་དེ་འདས་ནས་ཡང་ བསྐལ་པ་སྡུག་བསྔལ་སྐྱབས་ཞེས་བྱ་བ་དང། འཇིག་རྟེན་རྣམ་པར་བརྒྱན་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་ དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་ འདས་སྦྱིན་པ་ཆེན་པོ་ཞེས་བྱ་བ་བྱུང་སྟེ། ང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་ལ་མཆོད་པ་ཕུལ་ཏེ་བསྙེན་བཀུར་བྱས་ནས་གདོད་མདོ་སྡེ་འདིའི་མིང་ཐོས་ཏེ་ཉོན་མོངས་པ་ ཡོངས་སུ་སྤངས་ཀྱིས་ཀྱང་མདོ་སྡེ་འདི་ད་དུང་མ་མཐོང་སྟེ། ང་དེའི་ཚེ་དེའི་དུས་ན་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་རྣམ་པ་སྣ་ཚོགས་བསགས་ཏེ་མཆོད་པ་ཕུལ་ནའང་དེ་ བཞིན་གཤེགས་པ་དེ་དག་གིས་ཀྱང་ང་ལ་ལུང་བསྟན་པར་མ་གྱུར་ཏོ། །རིགས་ཀྱི་བུ། ང་སྔོན་བསྐལ་པ་དེ་སྙེད་དུ་སངས་རྒྱས་དེ་སྙེད་ལ་མཆོད་པ་དེ་སྙེད་ཅིག་ཕུལ་བ་དང། བསྙེན་ བཀུར་དང་བསྟོད་པ་བྱས་ནས་ཉོན་མོངས་པ་རྣམ་པར་སྤངས་ཏེ་ཉན་ཐོས་ཀྱི་སྡོམ་པ་དང། ཚུལ་ཕུན་སུམ་ཚོགས་པ་ཚང་པར་སྤྱད་ཅིང་སྦྱིན་པ་བྱིན་པ་དང། ཚུལ་ཁྲིམས་བསླབ་ [469B] ང་རྒྱལ་དང། ཞེ་སྡང་དང། གཏི་མུག་སྤངས་ཏེ་སྦྱངས་པའི་ཡོན་ཏན་སྤྱད་པ་དང། བཟོད་པ་དང། བྱམས་པའི་སེམས་དང། ཇི་ལྟར་ཐོས་པ་བཞིན་བརྩོན་འགྲུས་སུ་བཤད་པ་ དང༑ ཐོས་སོ་ཅོག་ཐམས་ཅད་མི་བརྗོད་པ་དང། འདུ་འཛི་སྤངས་ཏེ་དབེན་པ་ལ་གནས་པ་དང། བསམ་གཏན་དང་ཏིང་ངེ་འཛིན་ལ་འཇུག་པ་དང། བསམ་གཏན་ལས་བྱུང་བ་ཆོས་ཉན་པ་དང་ ཀློག་པ་དང། ཁ་ཏོན་དུ་འདོན་པ་དང། བསམ་པ་ལ་སོགས་པ་བྱས་ཀྱང་རྒྱལ་བ་དེ་དག་གིས་ང་ལ་ལུང་མ་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྡོམ་པ་མནོས་སོ་ཅོག་འཇིག་པ་དང། ཉམས་པ་མང་ དུ་བྱུང་བའི་ཕྱིར་རོ། །ཉན་ཐོས་དང། རང་སངས་རྒྱས་ཀྱི་ཐེག་པ་ལ་ཆགས་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་མདོ་སྡེ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འདི་མ་ཐོས་པའི་ཕྱིར་རོ། །དེ་བས་ན་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཉན་ཐོས་དང། རང་སངས་རྒྱས་ཀྱི་སྤྱོད་ལམ་སྤང་བར་བྱ། ཐེག་པ་ཆེན་པོའི་མདོ་སྡེ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པར་བསྒོམས་པར་ བྱས་ན༑ ལུང་བསྟན་པ་ཐོབ་པར་འགྱུར་རོ། །གལ་ཏེ་ངས་བསྐལ་པ་གཅིག་ནས་བསྐལ་པ་གཅིག་གི་བར་དུ་སངས་རྒྱས་ཀྱི་མཚན་བཤད་ནའང་རྫོགས་པར་མི་ནུས་ཏེ། རིགས་ཀྱི་བུ། ང་བསྐལ་ པ་དེ་དག་འདས་པའི་འོག་ཏུ་དེ་བཞིན་གཤེགས་པ་འོད་མི་འགྱུར་གྱིས་ཚོགས་ཆེན་པོ་དཔག་ཏུ་མེད་པ་ལ་ཐེག་པ་ཆེན་པོའི་མདོ་སྡེ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་དེར་ [470A]༄༅། །མཐོང་ནས་ང་དེའི་ཚེ་དེའི་དུས་ན་གདོད་ཐོས་པ་དང་མཐོང་བར་གྱུར་ཏོ། །རྒྱལ་བ་དེ་ལས་བླངས་ཏེ་འཛིན་པ་དང་ཀློག་པ་དང། ཁ་ཏོན་དུ་བྱ་བ་དང། དོན་བསམ་པ་ལ་སོགས་ བྱས་ནས་དེ་མ་ཐག་ཏུ་ཆོས་ལ་མི་སྐྱེ་བའི་བཟོད་པ་ཐོབ་བོ། །དེ་བཞིན་གཤེགས་པ་འོད་མི་འགྱུར་གྱིས་ང་ལ་ལུང་བསྟན་པ། ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་བྱ་བར་ལུང་བསྟན་ཏོ། །དེ་བས་ན་རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་བླངས་ཏེ་འཆང་བ་དང། ཀློག་པ་ལ་ སོགས་པ་བྱས་ན་སངས་རྒྱས་ཀྱི་སའང་མྱུར་དུ་ཐོབ་པར་འགྱུར་ན་འཇིག་རྟེན་ན་ལྷ་དང་མིར་བཅས་པའི་མཆོད་ཡོན་འཇུ་བར་འགྱུར་བ་ལྟ་ཅི་སྨོས། རིགས་ཀྱི་བུ། དེའི་ཕྱིར་ངས་ ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཀྱི་མཐུ་སྟོབས་རིན་པོ་ཆེའི་སྙིང་པོ་དང་འདྲ་བ་བསམ་གྱིས་མི་ཁྱབ་པ་ཚུལ་ཁྲིམས་འཇིག་པ་དང། དབུལ་ཕོངས་པ་རྣམས་ཀྱི་ཚུལ་དང་རིན་པོ་ཆེའི་ནོར་བུ་ སྦྱིན་པར་བྱེད་པ་ལ་བསྟོད་པའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ་།ཐེག་ཆེན་དཔེ་ཚད་རྒྱ་མཚོ་བཞིན། །ཐེག་པ་ཆུང་ངུ་པ་རྗེས་ཆུ། །ཐེག་ཆེན་དཔེ་ཚད་རི་རབ་ལྷུན། །ཐེག་པ་ཆུང་ངུ་གྲོག་མའི་ མཁར༑ ༑ཐེག་ཆེན་དཔེ་ཚད་ཉི་ཟླ་བཞིན། །ཐེག་པ་ཆུང་ངུ་མེ་སྟག་ཙམ། །ཐེག་པ་འདི་ནི་ཐེག་ཆེན་ཡིན། །བསམ་གྱིས་མི་ཁྱབ་ཐེག་པའོ། །དཔེར་ན་ནམ་མཁའ་དང་འདྲ་བ། །སེམས་ཅན་ཐམས་ [470B] །ཐེག་པ་ཐམས་ཅད་ཀུན་གྱི་ནང། །ཐེག་པ་འདི་ལས་འདའ་བ་མེད། །ཐེག་པ་ཆེན་པོ་འདི་ནང་ནས། །ཐེག་པ་རྣམ་པ་སྣ་ཚོགས་འབྱུང། །དཔག་པའི་གྲངས་ཤིག་ཡོད་ན་ནི། ། ཐམས་ཅད་བསྒྲལ་བར་མི་ནུས་སོ། །ཐེག་པ་བླ་ན་མེད་པ་འདི། །སེམས་ཅན་ཡོངས་སུ་བསྒྲལ་ནུས་པ། །ནམ་མཁའ་འདྲ་བའི་ཐེག་ཆེན་ལ་།གང་གིས་དཔག་མེད་འདི་སྤྱད་པ། །ནམ་མཁའ་དཔག་ ཏུ་མེད་པ་བཞིན། །གཟུགས་དང་དབྱིབས་ཀྱང་ཡོང་མེད་དོ། །ཐེག་པ་ཆེན་པོའང་དེ་བཞིན་ཏེ། །ཐོགས་པ་མེད་ཅིང་དཔག་ཏུ་མེད། །སེམས་ཅན་ཐམས་ཅད་དེ་དག་ཀུན། །ཐེག་པ་ཆེན་པོ་འདི་ཞོན་ལ། ། ཐེག་པའི་མཚན་ལ་རྣམ་རྟོག་ན། །གཏོས་རྒྱ་ཆེ་ཞིང་མང་དུ་ཤོང། །གལ་ཏེ་ཐེག་ཆེན་ཡོན་ཏན་དང། །ཐེག་པ་གཅིག་ཏུ་སྤྱོད་པ་ནི། །བསྐལ་པ་དཔག་མེད་རབ་བཤད་ཀྱང། །མཐའ་རུ་རྫོགས་པར་ ཡོང་མི་ནུས། །ཐེག་པ་ཐམས་ཅད་ཀུན་གྱི་ནང། །ཐེག་པ་ཆེན་པོ་དམ་པའི་མཆོག་སེམས་ཐག་ཐེག་ཆེན་འདི་བླངས་ན། །བྱང་ཆུབ་ཤིང་དྲུང་མངོན་པར་འགྲོ་འཆིང་བ་མེད་ཅིང་ཐོགས་མེད་པ། ། བླ་ན་མེད་པའི་ཐེག་པ་འདི། །ཐེག་པ་དམན་པའི་མཆོག་འགྱུར་བས་།བྱང་ཆུབ་དཀྱིལ་དུ་འཇུག་པར་འོང། །རྟེན་འབྲེལ་བཅུ་གཉིས་རྣམ་རྟག་སྟེ། །སེམས་ཅན་རྣམས་ལ་སྙིང་བརྩེ་ཕྱིར། ། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ། །ཐེག་ཆེན་མདོ་སྡེ་བཤད་པར་བྱ། །གང་ཞིག་ཐེག་ཆེན་ཐེག་པ་ནི། །འཕེལ་བའམ་འགྲིབ་པ་ཡོང་མེད་དེ། །ནམ་མཁའ་བཞིན་དུ་ཀུན་ཤོང་བས། ། [471A]༄༅། །ཐེག་པ་ཆེན་པོ་བསམ་མི་ཁྱབ། །དེ་ཕྱིར་སེམས་ཅན་ཐམས་ཅད་ཀྱིས། །བརྩོན་འགྲུས་སུ་ནི་བསྒོམ་བྱ་སྟེ། །མངོན་པར་ཤེས་པ་རྣམས་དང་ནི། །ཡེ་ཤེས་ཆེན་པོ་ ཐོབ་པར་བྱ། །ལྷ་ཡི་ཚོགས་དང་ལྷ་ཡི་བདུད། །མུ་སྟེགས་ཉོན་མོངས་སེལ་འདོད་ན། །ཐེག་པ་ཆེན་པོའི་སྐྱབས་སོང་ལ། །མངོན་ཤེས་དྲུག་དང་ལྡན་པར་བྱོས། །རིག་པ་གསུམ་དང་རྣམ་ ཐར་གསུམ། །དེས་ནི་བདུད་དང་མུ་སྟེགས་འཇོམས། །ལོག་པར་ལྟ་བའང་འཇིལ་བས་ན། །ཐེག་པ་ཆེན་པོ་མཆོག་ཏུ་དགོས། །ཉོན་མོངས་ཐམས་ཅད་འཇིག་པ་དང། །དགེ་རྩ་ཕུན་སུམ་ ཚོགས་འགྱུར་བས། །ཐེག་ཆེན་མཐུ་ནི་བསམ་མི་ཁྱབ། །དེ་བས་དཔག་པའང་རབ་ཏུ་དཀའ། །འཇིག་རྟེན་པ་ཡི་ཆོས་རྣམས་དང། །འཇིག་རྟེན་འདས་པའི་ཆོས་ཐམས་ཅད། །སློབ་དང་མི་ སློབ་དེ་དག་ཀུན། །ཐེག་པ་ཆེན་པོར་ཀུན་འདུས་སོ། །སེམས་ཅན་གང་ཞིག་ངན་འགྲོར་སྤྱོད་པ་ནི། །ལོག་པར་ལྟ་བ་དང་ནི་སྡིག་གྲོགས་བསྟེན། །གང་ཞིག་ཐེག་པ་ཆེན་པོར་མ་དད་པ། ། དེས་ནི་ཉོན་མོངས་བདུད་རྣམས་འཇོམས་མི་ནུས། །དེ་རྣམས་སྤངས་ཏེ་ཐེག་ཆེན་སྐྱབས་སོང་བ། །གྲོལ་ཐར་འདོད་པས་ཐེག་པ་ཆེན་པོ་སློབ། །སྐྱེས་བུ་གང་ཞིག་དོན་འདི་ཤེས་འདོད་པ། ། ཐེག་ཆེན་བཤད་པ་ཐོས་ན་དགའ་བ་སྐྱེ། །དེ་ནི་ཐེག་ཆེན་མི་ནི་ཡིན་པར་མངོན། །ཞི་གནས་སེམས་ནི་མངོན་པར་ཤེས་དང་ལྡན། །དེ་ཡང་ཐེག་ཆེན་དབང་གིས་རྣམ་པར་བརྒྱན། །གང་ཞིག་ [471B] །དེ་ནི་དཀོན་མཆོག་གསུམ་གྱི་རིགས་མི་ཆད། །གང་ཞིག་དཀོན་མཆོག་གསུམ་ལ་ཕྱོགས་པ་ནི། །དེ་ནི་བསོད་ནམས་དཔལ་མེད་ཐོབ་པའོ། །ཕྱོགས་བཅུའི་འཇིག་ རྟེན་ཁམས་སུ་ཕྱིན་པ་དང། །ཕྱོགས་བཅུའི་རྒྱལ་བ་དཔག་མེད་མཆོད་པ་དང། །དེ་བཞིན་ཐེག་ཆེན་ཕྱོགས་སུ་རྒྱས་པའི་མདོ་།མཆོད་ན་འཇིག་རྟེན་ཐེག་པས་ཐུབ་པ་མེད། །དཔལ་དང་གཟི་ བརྗིད་ལྡན་ཞིང་འཁོར་བ་འཇོམས། །དེ་ཕྱིར་ཐེག་པ་ཆེན་པོ་བསམ་ཁྱབ་དཀའ། །བྱད་གཟུགས་སྟོབས་དང་དབང་ཕྱུག་ཐོབ་པར་འགྱུར་།ཕུན་སུམ་ཚོགས་ལྡན་ཆོས་སྐུ་མངོན་པར་འགྲུབ། ། གང་ཞིག་ཐེག་ཆེན་འདི་ལ་ཞོན་པ་ནི། །བླ་ན་མེད་པའི་དགའ་བ་མྱོང་བ་ཡིན། །ལུས་ཀྱི་སྦྱིན་པས་སྙིང་རྗེ་བྱམས་བསྒོམས་ན། །དེ་ཕྱིར་ཐེག་པ་བླ་མེད་ཐོབ་པར་འགྱུར། །ཚུལ་ཁྲིམས་བརྩོན་ འགྲུས་ཚངས་པར་སྤྱོད་པ་ནི། །རྫུ་འཕྲུལ་མངོན་དུ་ཉི་ཟླ་སྒྲིབ་ཀྱང་ནུས། །དེ་ཡང་ཐེག་ཆེན་སྤྱོད་པའི་དབང་གིས་སོ། །རང་གི་སེམས་ཀྱིས་བརྩོན་འགྲུས་རྒྱུན་སྤྱོད་པ། །དེས་ནི་ཐེག་པ་ཆེན་པོ་ཐོབ་ པའོ༑ ༑སྡུག་བསྔལ་ནོན་པའི་སྒྲིབ་པ་ཡོད་ན་ཡང། །ཐེག་ཆེན་བསྒོམས་པས་དེ་དག་ཀུན་ཀྱང་འབྱང། །གང་ཞིག་ཐེག་ཆེན་ཆོས་ལ་བདེ་གནས་པ། །དེ་ནི་ཚེ་དང་ལོངས་སྤྱོད་སངས་རྒྱས་བཞིན།། ཡང་དག་དྲན་པ་བརྩོན་པར་ལྡན་པ་ནི། །རྫུ་འཕྲུལ་རྐང་པ་བཞི་ཡི་སྟོབས་ཀྱང་རྙེད། །དམ་ཆོས་ཡང་དག་དོན་ལ་བརྟེན་པ་ཡང། །ཐེག་པ་ཆེན་པོ་བསྒོམས་པའི་དབང་གིས་སོ། །མི་འཇིགས་དང་ནི་ [472A]༄༅། །སྟོབས་བཅུ་ལྡན་པ་དང། །མཚན་བཟང་སུམ་ཅུ་རྩ་གཉིས་བརྒྱན་པ་དང། །རྡོ་རྗེ་ཏིང་འཛིན་ཡེ་ཤེས་ཐམས་ཅད་ཀྱང་།ཐེག་པ་ཆེན་པོ་བསྒོམས་པའི་དབང་གིས་ སོ༑ ༑རིགས་ཀྱི་བུ་གང་ལ་ལས་ཐེག་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འདི་བཟུང་སྟེ་འབྲུ་གཅིག་གམ། ཚིག་གཅིག་གམ། ཚིགས་བཅད་གཅིག་འཆང་ངམ་ཀློག་ན། བསོད་ནམས་འདི་ལྟ་ བུ་དང་ལྡན་པར་འགྱུར་རོ། །གང་ཞེ་ན། འདི་ལྟ་སྟེ། གང་གིས་མདོ་སྡེ་འདི་འཛིན་པ། །སྡུག་བསྔལ་ཀུན་དང་ཡོང་བྲལ་ལོ། །ནམ་དུའང་ངན་འགྲོར་མི་ལྟུང་སྟེ། །བདེ་བའི་གནས་སུ་ཕྱིན་པར་ འགྱུར༑ ༑གང་གིས་མདོ་སྡེ་འདི་ཐོས་པ། །ཕྱི་མ་མ་འོངས་དུས་ངན་ཚེ། །མཐའ་རུ་སངས་རྒྱས་འགྲུབ་པར་ཡང། །ངས་ནི་ལུང་དུ་བསྟན་པར་བྱ། །གང་གིས་རྒྱལ་ལ་རྟག་གཞོལ་པ། །རྒྱལ་ བའང་རྟག་ཏུ་དེ་ལ་གཞོལ། །གང་གིས་རྒྱལ་བའི་ཆོས་བསྲུངས་ན་།རྒྱལ་བའང་དེ་ལ་སྲུང་བར་འགྱུར། །རྫུ་འཕྲུལ་ཆེན་པོ་ཐོབ་པ་དང། །ཆོས་ཀྱི་འཁོར་ལོ་བསྐོར་བར་ནུས། །འཁོར་བའི་ རྒྱུད་ལས་བསྒྲལ་བ་དང། །བདུད་ཀྱི་དབུང་བཅས་འཇིལ་ཡང་ནུས་།རྒྱལ་བ་འོད་མི་འགྱུར་དེ་ལས། །ངས་ནི་མདོ་སྡེ་འདི་ཐོས་ནས་།བཟོད་པར་གནས་ཏེ་ལུང་བསྟན་པ། །ཤཱཀྱ་ཐུབ་ཅེས་ བྱ་བ་འགྲུབ། །ང་ནི་མྱ་ངན་འདས་འོག་ན། །གང་ཞིག་མདོ་སྡེ་འདི་འཆང་བ། །མངོན་པར་རྫོགས་པར་འཚང་རྒྱ་བར། །ངས་ཀྱང་ལུང་དུ་བསྟན་པར་བྱ། །གང་གིས་མ་འོངས་དུས་ཀྱི་ཚེ། ། [472B] །བླུན་པོ་རྣམས་ལ་རབ་བཤད་པ་།དཀོན་མཆོག་གསུམ་གྱི་རིགས་མི་འཆད། །སངས་རྒྱས་འཇིག་རྟེན་མི་བཞུགས་ཀྱང། །མདོ་འདི་འཇིག་རྟེན་གང་ན་བར། ། གནས་པའི་མཆོད་གནས་དེ་དག་ཏུ། །སངས་རྒྱས་མངོན་སུམ་བཞུགས་པ་བཞིན། །དེ་ཅིའི་ཕྱིར་ཞེ་ན། ངས་སྔོན་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལས་མདོ་སྡེ་འདི་མ་ནོས་ཏེ་འཆང་བ་ དང༑ བསྐལ་པ་འཇིག་པའི་ཚེ་གཞན་ལ་རྒྱ་ཆེར་བཤད་པས་ན་མཚན་སུམ་ཅུ་རྩ་གཉིས་ཀྱང་དེ་ལྟར་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་བཤད། དེང་འདིར་ཡང་བཅོམ་ལྡན་འདས་ཀྱིས་མཚན་ སུམ་ཅུ་རྩ་གཉིས་བཤད་ན། ལས་ཀྱི་རྒྱུ་གང་དང་གང་གི་དབང་གིས་དེ་དག་འགྲུབ་པར་འགྱུར་བ་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་ཞིང་བསྟན་དུ་གསོལ་ཞེས་བགྱིས་པ་དང། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི། ཡོན་ཏན་དཔག་ཏུ་མེད་པ་བསྒྲུབས་པས་མཚན་སུམ་ཅུ་རྩ་གཉིས་འགྲུབ་པ་ཡིན་ཏེ། གལ་ཏེ་ངས་རྒྱ་ཆེར་བཤད་ དུ་བསྐལ་པའི་བར་དུའང་བཤད་པས་མི་རྫོགས་པས་དེང་མདོ་ཙམ་ཞིག་ཁྱོད་ལ་བཤད་དོ། །དེ་དག་གང་ཞེ་ན། འདི་ལྟ་སྟེ། སེམས་ཐག་པ་ནས་ཚུལ་ཁྲིམས་དག་པར་བསྲུངས་པ་དང་ [473A]༄༅། །ཡི་དམ་ལ་བརྟན་པས་ཞབས་ཤིན་ཏུ་གནས་པའི་མཚན་དང་ལྡན་པར་འགྱུར་བ་དང། བླ་མ་ལ་བསུ་སྐྱེལ་དང། ཆོས་ཉན་པ་དང། གཙུག་ལག་ཁང་དང། མཆོད་ རྟེན་སྒྲུབ་པ་ཕུ་དུད་དུ་བྱས་པས་ཕྱག་དང་ཞབས་འཁོར་ལོའི་མཚན་རྩིབས་སྟོང་དང་ལྡན་པར་འགྱུར་བ་དང། སེམས་ཅན་ཐམས་ཅད་ལ་མ་བརྙས་པས་རྟིང་བ་ཡངས་པའི་མཚན་དང་ལྡན་ པར་འགྱུར་བ་དང། དམ་པའི་ཆོས་ཡོངས་སུ་བསྲུངས་པས་སོར་མོ་རིང་བའི་མཚན་དང་ལྡན་པར་འགྱུར་བ་དང། བསྡུ་བ་རྣམ་བཞི་གོམས་པར་བྱས་པས་ཕྱག་དང་ཞབས་དྲ་བས་ སོར་མོ་བར་འབྲེལ་བའི་མཚན་དང་ལྡན་པར་འགྱུར་བ་དང། གོས་བཟང་པོ་སྦྱིན་པ་བྱིན་པས་ཕྱག་དང་ཞབས་གཞོན་ཞིང་འཇམ་པའི་མཚན་དང་ལྡན་པར་འགྱུར་བ་དང། བཟའ་བ་ དང༑ བཏུང་བ་དང། ཞིམ་པོ་དང། གཙང་མ་དང། ཉམས་སུ་བདེ་བ་བྱིན་པས་བདུན་ཤིན་ཏུ་མཐོ་བའི་མཚན་དང་ལྡན་པར་འགྱུར་བ་དང། སངས་རྒྱས་ཀྱི་ཆོས་ལ་ཐོས་པར་དགའ་ བས་རི་དྭགས་ཨེ་ན་ཡའི་བྱིན་པ་ལྟ་བུའི་མཚན་དང་ལྡན་པར་འགྱུར་བ་དང། གཞན་གྱི་གཡོ་དང་མཚང་སྦེད་ཅིང་བཅབས་ལས་གསར་བའི་གནས་སྡུབས་སུ་ནུབ་པའི་མཚན་དང་ལྡན་པར་ འགྱུར་བ་དང། དགེ་བ་བཅུ་བསྒོམས་པས་སེངྒེའི་རོ་སྟོང་ལྟ་བུའི་མཚན་དང་ལྡན་པར་འགྱུར་བ་དང། དགེ་བའི་ཆོས་ཡང་དག་པར་བླངས་ཏེ་སེམས་ཅན་ལ་རྟག་ཏུ་སྟོན་པས་ཕྲག་སོ་ཤིན་ [473B] འཇིགས་པ་རྣམས་ཀྱི་མགོན་དང་སྐྱབས་བྱས་པས་ཕྲག་པའི་ལྷུན་མཛེས་པར་གྲུབ་པའི་མཚན་དང་ལྡན་པར་འགྱུར་བ་དང། གཞན་གྱི་ གཙུག་ལག་ཁང་ངམ། མཆོད་རྟེན་སྒྲུབ་པའི་གྲོགས་བྱེད་པར་མོས་པ་དང། སློང་བ་རྣམས་ལ་བདོག་པ་མེད་ཅེས་མ་བྱས་པས་ཕྱག་བརླ་དྲང་པོར་པུས་མོའི་ལྷ་ང་ལ་སླབ་པའི་མཚན་དང་ལྡན་ པར་འགྱུར་བ་དང། རྟག་ཏུ་དགེ་བའི་ཆོས་ཐམས་ཅད་སྒྲུབ་པ་དང་སྲོག་གི་རིམ་གྲོ་བྱས་པས་སྐུ་ཆེ་ཞིང་དྲང་བའི་མཚན་དང་ལྡན་པར་འགྱུར་བ་དང། ན་བ་རྣམས་ཀྱི་རྩི་སྨན་དང། རིམ་གྲོ་དང་ ཉམས་སུ་ཕན་པའི་ཟས་བྱིན་པས་རོ་ཕྲོ་བའི་མཆོག་ཐོབ་པའི་མཚན་དང་ལྡན་པར་འགྱུར་བ་དང། ཡུན་རིང་པོ་ནས་ཚིག་ཀྱལ་བ་སྤངས་ཤིང་དུས་སུ་སྨྲ་བས་སེངྒེའི་འགྲམ་པ་ལྟ་བུའི་མཚན་དང་ ལྡན་པར་འགྱུར་བ་དང། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་སྙོམས་པས་ཚེམས་མཉམ་ཞིང་བཞི་བཅུ་ཚང་བའི་མཚན་དང་ལྡན་པར་འགྱུར་བ་དང། རྩོད་པ་རྣམས་སྡུམ་པ་ལ་དགའ་ བས་ཚེམས་ཐགས་བཟང་བའི་མཚན་དང་ལྡན་པར་འགྱུར་བ་དང། རིན་པོ་ཆེའི་སྦྱིན་པ་བྱས་པས་ཚེམས་མཉམ་པའི་མཚན་དང་ལྡན་པར་འགྱུར་བ་དང། ལུས་དང་ངག་ཡིད་ཡོངས་སུ་དག་པས་ ཚེམས་ཤིན་ཏུ་དཀར་བའི་མཚན་དང་ལྡན་པར་འགྱུར་བ་དང། ངག་གི་ཉེས་པ་བསྡམས་པས་ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པའི་མཚན་དང་ལྡན་པར་འགྱུར་བ་དང། སེམས་ཅན་རྣམས་ [474A]༄༅། །ལ་རྟག་ཏུ་ཚིག་འཇམ་པོ་སྨྲ་བས་ཚངས་པའི་དབྱངས་ཀྱི་མཚན་དང་ལྡན་པར་འགྱུར་བ་དང། བྱམས་པའི་སེམས་བསྒོམས་ཏེ་རྨོངས་པ་མེད་པའི་མིག་གིས་ལྟ་བས་ སྤྱན་དཀར་ནག་འབྱེས་པའི་མཚན་དང་ལྡན་པར་འགྱུར་བ་དང། སེམས་ཐག་པ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སྒྲུབ་པས་བའི་རྫི་མ་ལྟ་བུའི་མཚན་དང་ལྡན་པར་འགྱུར་བ་དང། གཞན་ལ་ བསོད་ནམས་དང་ཡོན་ཏན་ཡོད་པ་རྗེས་སུ་ཡི་རང་ཞིང་བསྔགས་པས་ཞལ་མཛོད་སྤུས་བརྒྱན་པའི་མཚན་དང་ལྡན་པར་འགྱུར་བ་དང་ཕ་དང། མ་དང། མཁན་པོ་དང། སློབ་དཔོན་ལ་སོགས་ པའི་བླ་མ་རྣམས་ལ་ཚུལ་བཞིན་དུ་རིམ་གྲོ་དང། བཙུན་པར་བྱས་པས་དབུ་སྤྱི་གཙུག་དང་ལྡན་པའི་མཚན་དང་ལྡན་པར་འགྱུར་བ་དང། ཐེག་པ་ཆེན་པོའི་ཆོས་བསྟན་པ་ལ་མོས་པས་ མདོག་ཤིན་ཏུ་འཇམ་པའི་མཚན་དང་ལྡན་པར་འགྱུར་བ་དང། སྟན་དང། གོས་དང། ཁང་པ་དང། གནས་བཟང་པོ་བྱིན་པས་གསེར་གྱི་ཁ་དོག་དང་ལྡན་པའི་མཚན་དང་ལྡན་པར་འགྱུར་ བ་དང། འཇིག་རྟེན་གྱི་གཏམ་སྣ་ཚོགས་དེ་སྨྲ་བ་སྤངས་པས་བ་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བའི་མཚན་དང་ལྡན་པར་འགྱུར་བ་དང། དགེ་བའི་བཤེས་གཉེན་དང། མཁན་པོ་ དང༑ བླ་མ་རྣམས་ཀྱིས་བསྟན་པའི་ཚིག་ཡང་དག་པར་བླངས་པ་དང། བཟུང་བ་མངོན་དུ་སྤེལ་ཞིང་འགྲིབ་པར་མ་བྱས་པས་ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བའི་མཚན་དང་ལྡན་པར་ [474B] ཡོན་ཏན་དཔག་ཏུ་མེད་པར་བསྒྲུབས་པས་ཞབས་ལེགས་པར་མཐོ་བའི་མཚན་དང་ལྡན་པར་འགྱུར་བ་དང། སེམས་ཅན་རྣམས་ཏིང་ངེ་འཛིན་སྒོམ་པར་བསྐུལ་བས་ཤིང་ནྱ་གྲོ་ དྷ་ལྟར་ཆུ་ཞེང་གབ་པའི་མཚན་དང་ལྡན་པར་འགྱུར་བ་སྟེ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་དཔག་ཏུ་མེད་པའི་ཡོན་ཏན་བསྒྲུབས་ན། མཚན་སུམ་ཅུ་རྩ་ གཉིས་དེ་ལྟ་བུ་དག་དང་ལྡན་པར་འགྱུར་རོ། །ཞེས་དེ་སྐད་ཅེས་བཀའ་སྩལ་པ་དང། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ ཐམས་ཅད་ལ་བདག་གིས་བརྟགས་ན་གང་ཡང་དངོས་པོ་དང་མཚན་མར་མ་གྲུབ་པ་སྟེ་མ་མཆིས་ལ། དེ་བཞིན་གཤེགས་པ་ལ་བརྟགས་ནའང་དེ་བཞིན་གཤེགས་པའི་སྤྱོད་ལམ་དེ་མ་ ལགས་ན། ཅིའི་སླད་དུ་སྤྱོད་ལམ་རྒྱ་ཆེར་གྲུབ་ཅེས་གསུངས། དཀོན་མཆོག་གསུམ་དང། བདེན་པ་བཞི་དང། ཕུང་པོ་དང། སྐྱེ་མཆེད་དང། ཁམས་དང། རྟེན་འབྲེལ་བཅུ་གཉིས་དང་ ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ལ་བདག་གིས་བརྟགས་ནའང་ཕྱི་ནང་གི་རྒྱུ་འབྲས་ཀུན་སྟོང་པ་ཉིད་དེ། མཚན་མ་མ་མཆིས། སྨོན་པ་མ་མཆིས། སྐྱེ་ཞིང་འབྱུང་བའང་མ་མཐོང། འགག་ ཅིང་ནུབ་པའང་མ་མཐོང། སྒྱུ་མ་དང་འདྲ་བ། སྤྲུལ་པ་དང་འདྲ་བ། འབར་བ་དང་འདྲ་བ། བྲག་ཅ་དང་འདྲ་བ། ཆབ་ཀྱི་ཟླ་བ་དང་འདྲ་བ། རུས་སྦལ་གྱི་སྤུ་དང་འདྲ་བ། རི་བོང་གི་རྭ་དང་འདྲ་བ་ [475A]༄༅། །ནམ་མཁའི་མེ་ཏོག་དང་འདྲ་བ། མོ་གཤམ་གྱི་བུ་དང་འདྲ་བ། གཟུགས་བརྙན་གྱི་གོས་གྱོན་ཞིང་སྒྱུ་མའི་གླང་པོ་ཆེ་ལ་འཚལ་བ་དང་འདྲ་བ། མཆིས་པའང་འདྲ་ མ་མཆིས་པའང་འདྲ། དེ་དག་མཆིས་པ་དང་མ་མཆིས་པ། མཆིས་པའང་མ་ལགས། མ་མཆིས་པའང་མ་ལགས། རྟག་པ་མ་ལགས། ཆད་པ་མ་ལགས། སྐྱེ་བ་མ་ལགས། འགག་ པ་མ་ལགས། ནང་དུ་མ་ལགས། སླད་རོལ་མ་ལགས། མཐོང་བ་མ་ལགས་ཤེས་པ་མ་ལགས། དཔེར་ན། ནམ་མཁའ་དང་འདྲ་བ་ལ་བཅོམ་ལྡན་འདས། ཅིའི་སླད་དུ་ངས་ནི་ སྤྱོད་ལམ་དེ་དག་སྤྱད་ཅེས་གསུངས། དེ་བཞིན་གཤེགས་པ་ལ་བདག་གིས་བརྟགས་ན་བདག་མ་ལགས། སེམས་ཅན་མ་ལགས། སྲོག་མ་ལགས། གསོབ་མ་ལགས། སྐྱེས་བུ་མ་ ལགས། གང་ཟག་མ་ལགས། ཤེད་ཅན་མ་ལགས། ཤེད་བདག་མ་ལགས། བྱེད་པ་པོ་ལ་སོགས་པ་མ་ལགས། མིག་མ་ལགས། གཟུགས་མ་ལགས། མིག་དང་གཟུགས་ཀྱི་ མཚན་ཉིད་ཀྱི་སྤྱོད་ཡུལ་མ་ལགས། རྣ་བ་མ་ལགས། སྒྲ་མ་ལགས་རྣ་བ་དང་སྒྲའི་མཚན་ཉིད་ཀྱི་སྤྱོད་ཡུལ་མ་ལགས། སྣ་མ་ལགས་དྲི་མ་ལགས། སྣ་དང་དྲིའི་མཚན་ཉིད་ཀྱི་སྤྱོད་ ཡུལ་མ་ལགས། ལྕེ་མ་ལགས། རོ་མ་ལགས། ལྕེ་དང་རོའི་མཚན་ཉིད་ཀྱི་སྤྱོད་ཡུལ་མ་ལགས། ལུས་མ་ལགས། རེག་བྱ་མ་ལགས། ལུས་དང་རེག་བྱའི་མཚན་ཉིད་ཀྱི་སྤྱོད་ཡུལ་མ་ [475B] ཡིད་མ་ལགས། ཆོས་མ་ལགས། ཡིད་དང་ཆོས་ཀྱི་མཚན་ཉིད་ཀྱི་སྤྱོད་ཡུལ་མ་ལགས། རྣམ་པར་ཤེས་པ་མ་ལགས། གཟུགས་མ་ལགས། རྣམ་པར་ཤེས་པ་དང་གཟུགས་ཀྱི་ མཚན་ཉིད་ཀྱི་སྤྱོད་ཡུལ་ཡང་མ་ལགས། གཟུགས་མ་ལགས། སྡུག་བསྔལ་མ་ལགས། གཟུགས་དང་སྡུག་བསྔལ་གྱི་མཚན་ཉིད་ཀྱི་སྤྱོད་ཡུལ་ཡང་མ་ལགས། བདག་མ་ལགས། བདག་གི་ མ་ལགས། འགྲོ་བ་མ་ལགས། གཟུགས་ཅན་མ་ལགས། ཕུང་པོ་མ་ལགས་བདེན་པ་མ་ལགས། རྫུན་པ་མ་ལགས། བསྡུས་པ་མ་ལགས། གཏོང་བ་མ་ལགས། འབྱུང་བ་མ་ལགས་ འཇུག་པ་མ་ལགས་ཏེ། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་ཀྱང་དེ་བཞིན་ནོ། །ཕར་བཞུད་པ་མ་ལགས་ཚུར་བྱོན་པ་མ་ལགས། བཞུགས་པའི་གནས་ཀྱང་ མི་མངའ། སེམས་དང་ཡིད་དང་རྣམ་པར་ཤེས་པའང་མི་མངའ། ལུས་དང་ངག་དང་ཡིད་ཀྱི་ལས་མི་མངའ། གཅིག་པའང་མ་ལགས། ཐ་དད་པའང་མ་ལགས། འདས་པའང་མ་ལགས། མ་ བྱོན་པའང་མ་ལགས། ཇི་ལྟར་བྱུང་བའང་མ་ལགས། དྲི་མ་ཅན་མ་ལགས། ཡོངས་སུ་དག་པ་མ་ལགས། བདག་མ་ལགས། སེམས་ཅན་མ་ལགས་སྲོག་དང། སྐྱེས་བུ་དང། གང་ཟག་ལ་ སོགས་པའང་མ་ལགས། རྟག་པ་མ་ལགས། ཚད་པ་མ་ལགས། སྐྱེ་བ་མ་མཆིས། འགག་པ་མ་མཆིས། སྒོམ་དུ་མ་མཆིས། སྤྱོད་དུ་མ་མཆིས། དོར་དུ་མ་མཆིས། བླང་དུ་མ་མཆིས། མཐའ་ [476A]༄༅། །ལས་འདས་པ། ཡུན་དུ་བཞུགས་པ་ལ་གང་གི་སླད་དུ་སྤྱོད་ལམ་རྒྱ་ཆེར་བསྒྲུབས་ཞེས་གསུངས་ཞེས་གསོལ་པ་དང། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ལེགས་སོ་།ཞེས་བྱ་བ་བྱིན་ནས་ལེགས་སོ་ལེགས་སོ། །རིགས་ཀྱི་བུ། ཁྱོད་སྔོན་འདས་པའི་དུས་ན་སངས་རྒྱས་གྲངས་ མེད་དཔག་ཏུ་མེད་པ་རྣམས་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྲུན་པ། ཡུན་རིང་པོ་ནས་ཐེག་པ་ཆེན་པོ་བླ་ན་མེད་པའི་དོན་ཆུབ་པར་ཆུད་དེ། ཆོས་སོ་ཅོག་ཀུན་ཀྱང་སྟོང་པ་ཉིད་དུ་ མངོན་པར་ཤེས་པ་དང། དེ་བཞིན་གཤེགས་པ་ཡང་དག་པའི་མཐའ་ལས་འདས་ཏེ་ཡུན་དུ་གནས་པར་ཡང་ཤེས་པས་རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ནོར་བུ་རིན་པོ་ཆེ་ བཻ་ཌཱུརྱ་ཤིན་ཏུ་དང་བ་གསལ་བ། འདམ་རྫབ་ཀྱི་ནང་དུ་ལོ་སྟོང་གི་བར་དུ་བཞག་ཀྱང་རང་བཞིན་ཡོང་གིས་དག་པས་ཕྱིར་ཕྱུང་ནའང་སྔ་མཁོ་བཞིན་ཏེ། ཁྱོད་ཀྱང་དེ་དང་འདྲ་བར་ཆོས་ ཀྱི་མཚན་ཉིད་མངོན་པར་རྟོགས་ལ། རང་བཞིན་རྣམ་པར་དག་པས་ཁྱེད་རྣམས་ད་ལྟར་ཁམས་གསུམ་ན་སྙིགས་མ་ཅན་རྣམ་ལྔའི་འདམ་རྫབ་ཏུ་གནས་ཏེ། དེ་བཞིན་གཤེགས་པ་ དང། སེམས་ཅན་གྱི་དོན་བྱས་ཀྱིས་ཀྱང་འདམ་རྫབ་ཀྱིས་མ་གོས་པས་ན་དོན་འདི་ལྟ་བུ་དག་འདྲི་ནུས་པ་ཡིན་ནོ། །རིགས་ཀྱི་བུ། ཁྱོད་ཡང་ཉོན་ཅིག་འདི་ལྟ་སྟེ། ཆོས་སོ་ཅོག་ [476B] ཡི་གེ་ཡོད་པའི་ཕྱིར་ཆོས་ཡོད་པ་ཞེས་བཤད། ཆོས་ཀྱི་ནང་དུ་ཡི་གེ་མེད་ལ་ཡི་གེའི་ནང་དུའང་ཆོས་མེད་དོ། །ཀུན་ཏུ་སྤེལ་བའི་ཕྱིར་ཡི་གེ་བསྟན་ ཏོ༑ ༑ཡི་གེའི་ནང་དུ་ནི། བྱང་ཆུབ་ཀྱང་མེད། བྱང་ཆུབ་ཀྱི་ནང་དུ་ནི། ཡི་གེའང་མེད་མོད་ཀྱི། དོན་དམ་པ་ནི། ཡི་གེ་མེད་ཀྱང་ཀུན་རྫོབ་ཏུ་ཡི་གེ་ཡོད་པར་བཤད་པས་སེམས་ཅན་ལ་སངས་རྒྱས་ ཀྱི་ངོ་བོ་ཉིད་དང། བླ་ན་མེད་པའི་བྱང་ཆུབ་ཀྱང་ཡི་གེ་ལས་གུད་ན་མི་རྙེད་དོ། །རིགས་ཀྱི་བུ། ཁྱོད་ཟེར་བའང་བདེན་ཏེ། དེ་བཞིན་གཤེགས་པ་ལ་ཟད་པ་མེད། སྐྱེ་བ་མེད། མི་བསྒོམ་མི་སྐྱོང་ སྒོམ་སྤྱོད་རྣམས་དང་བྲལ་བ། ཡང་དག་པའི་ཆོས་ལ་མི་འཇུག་དེ་ལས་ལྡོག་ཅིང་འགྱུར་བའང་མ་ཡིན་ཏེ། སྐྱེ་བ་གཅིག་གིས་དགའ་ལྡན་གྱི་གནས་སུའང་མ་སྐྱེས། དེ་ལས་བབས་ཏེ་ཡུམ་ གྱི་ལྷུམས་སུའང་མི་གནས། ཆོས་ཐམས་ཅད་ལ་སེམས་མི་གནས་པས་ཏྔ་ནི། སྐྱེ་རྒ་ན་འཆི་ལས་འདས་སོ་ཞེས་ཀྱང་མ་བྱས། ཕྱོགས་བཞིར་གོམ་པ་བདུན་བདུན་ཡང་མ་པོར། ང་ནི། འཇིག་རྟེན་ ན་བླ་ན་མེད་པའི་བཙུན་པ་ཡིན་ནོ་ཞེས་ཀྱང་མ་བརྗོད། གྲོང་ཁྱེར་མཆོག་ཏུ་ན་ཆུང་བཟང་མ་དང་ཡང་མ་རྩེ་ན། འཇིག་རྟེན་གྱི་བྱ་བ་ཡིག་རྩིས་ལ་སོགས་པའང་མ་བསླབས། སྟོབས་དང་ འཕོང་རྩལ་ཡང་མ་བསྒྲུན། སེམས་ཅན་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་གན་པོ་མངོན་སུམ་དུ་བསྟན་པ་ནི། ལུས་ལ་ཆགས་པ་རྣམས་བཀག་པའོ། །ནད་པ་མངོན་སུམ་དུ་བསྟན་ [477A]༄༅། །པ་ནི༑ ཚེ་ལ་ཆགས་པ་རྣམས་བཀག་པའོ། །ཤི་བའི་མཚན་མ་མངོན་སུམ་དུ་བསྟན་པ་ནི། འདོད་ཆགས་དང་ང་དང་ངར་འཛིན་པ་རྣམས་བཀག་པའོ། །དགེ་སློང་ མངོན་སུམ་དུ་བསྟན་པ་ནི། སེམས་ཅན་རྣམས་ཚངས་པ་དང་བརྒྱ་བྱིན་གྱི་ལུས་སུ་མི་སྨོན་པར་འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་ཆོས་བརྩོན་པར་བསྒྲུབ་པར་བྱ་བའོ། །གྲོང་ཁྱེར་ མཆོག་ནས་བྱུང་སྟེ་གཤེགས་པ་ནི། ཁམས་གསུམ་གྱི་བཙོན་ར་ནས་ཐར་པ་དང་འབྲས་བུ་མ་ཡིན་པ་རྣམས་བསྟན་པའོ། །སླར་གཟིགས་པ་ནི། བྱམས་སྡང་མི་མངའ་བར་བསྟན་པའོ། ། དེའི་ཕྱིར་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་རྣམ་པར་བརྒྱན་ཅིང་སེམས་ཅན་གྱི་བསོད་ནམས་ཀྱི་ཞིང་དུ་བྱ་བའོ། །དབུ་སྐྲ་བྲེག་པ་དང། རྒྱན་རྣམས་སྤངས་པ་དང། རྟ་ཙནྟ་ཀ་ཞམ་རིང་དད་པ་ ཅན་ལ་སླར་བསྐུར་བ་ནི། ཉོན་མོངས་པ་ཐམས་ཅད་དང་དབྲལ་བར་བསྟན་པའོ། །ཁ་སྤུ་བྲེགས་པ་ནི། ཆོས་ཐམས་ཅད་ལ་མི་ཆགས་པར་བསྟན་པའོ། །ཀ་ཤ་ངུར་སྨྲིག་གྱོན་པ་ནི། སེམས་ ཅན་འདུལ་བར་བསྟན་པའོ། །དྲང་སྲོང་ཨུ་ཏ་ཀ་དང། ཨ་རནྟ་ལ་ཆོས་འདྲི་རྟོག་བྱ་བ་ནི། རང་གི་ང་རྒྱལ་གྱི་སེམས་འཇོམས་པར་བསྟན་པའོ། །ལོ་དྲུག་གི་བར་དཀའ་ཐུབ་སྤྱད་པ་ནི། མུ་ སྟེགས་འདུལ་བའོ། །ཞལ་ཟས་བླངས་པ་ནི། འཇིག་རྟེན་པའི་ཆོས་ཀྱི་རྗེས་སུ་འབྲང་བའོ། །རྩྭ་སྭ་སྟི་ཀ་བླངས་པ་ནི། ཆོ་ག་ཤེས་པར་བསྟན་པའོ། །རྩྭ་བཏིང་བའི་སྟེང་དུ་བཞུགས་པ་ནི། ཉམ་ [477B] །ལྷ་ཀླུ་ཀུན་གྱིས་བསྟོད་ཅིང་བསྔགས་པ་དང་བསྙེན་བཀུར་བྱས་པ་ནི། ཡོན་ཏན་གྱི་འབྲས་བུ་ལ་བཀོད་པར་བསྟན་པའོ། །བདུད་རྣམས་ བཏུལ་བ་ནི། དཔའ་བའི་མཐུ་བསྟན་པའོ། །ཕྱག་གཡས་པ་ས་ལ་བརྟེན་པ་ནི། བསོད་ནམས་ཀྱི་མཐུ་བསྟན་པའོ། །ས་ཆེན་པོ་ཀུན་ཏུ་གཡོ་བ་ནི། དྲིན་གྱི་ལན་ལྡོན་པར་བསྟན་པའོ། །དེ་ལྟར་ མཚན་མ་མེད་པར་བསྒོམས་པའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཐོབ་པ་ཡིན་ནོ། །འདི་ལྟར་ཆོས་ཐམས་ཅད་ཀྱི་མཚན་ཉིད་མངོན་སུམ་དུ་མཁྱེན་ནས་ཆོས་ཀུན་མཉམ་པ་ཉིད་དུ་བསྟན་པ་ནི་ སངས་རྒྱས་ཞེས་བྱའོ། །སངས་རྒྱས་ཀྱི་ཡེ་ཤེས་ལ་ཐུབ་པ་མེད་དེ། ཆོས་བསྟན་ཏོ་ཅོག་ལ་སངས་རྒྱས་སུ་འགྲུབ་པའི་དོན་བསྟན་པས་ན། དེ་བཞིན་གཤེགས་པ་ཞེས་བྱའོ། །དུས་གསུམ་གྱི་བྱ་བ་ དགེ་བ་དང་མི་དགེ་བའི་ཆོས་མངོན་དུ་གསལ་བར་གཟིགས་ཤིང་མཁྱེན་པས་ན། ཐམས་ཅད་མཁྱེན་པ་ཞེས་བྱའོ། །བདེན་པ་དང་ཡང་དག་པར་གསུངས་པའི་ཕྱིར་ལྷ་དང་མིའི་མཁན་པོ་ཞེས་ བྱའོ༑ ༑གང་ཞིག་དེ་ལྟར་བསླབ་ཅིང་རྟོག་པ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལ་ལོག་པར་རྟོག་པ་ནི། བྱང་ཆུབ་སེམས་དཔའ་ཞེས་མི་བྱ་སྟེ། སངས་རྒྱས་ཐམས་ཅད་ལ་བསླུ་བ་ཅན་ ཞེས་བྱའོ། །རིགས་ཀྱི་བུ། སངས་རྒྱས་ཐམས་ཅད་ནི། མི་འབྱུང་མི་འཇུག་མི་སྐྱེ་མི་འགོག་སྟེ། སེམས་ཅན་མྱ་ངན་ལས་བཟླ་བའི་ཕྱིར་འཇིག་རྟེན་དུ་འབྱུང་ངོ། །ཞེས་བརྗོད་པ་དང། སངས་ [478A]༄༅། །རྒྱས་མྱ་ངན་ལས་འདའོ། །ཞེས་བརྗོད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས༑ བདག་ཀྱང་ཡང་དག་པར་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི། སྟོང་པ་ཉིད་དུ་རྟོགས་ཏེ། དེ་བཞིན་གཤེགས་པ་ལ་འབྱུང་བའམ་ནུབ་པ་མི་མངའ་བས་རྒྱལ་པོའི་ཕོ་བྲང་དུའང་མ་ བལྟམས། བྱང་ཆུབ་ཀྱི་ཤིང་དྲུང་དུའང་མྱ་ངན་ལས་མ་འདས་མཐའ་ལས་འདས་ཏེ་ཡུན་དུ་གནས་པ། སེམས་ཅན་ཡོངས་སུ་བསྒྲལ་བར་མཛད་པའི་སླད་དུ་དཀའ་ཐུབ་སྤྱད་ཅིང་མྱ་ ངན་ལས་འདའ་བར་བསྟན་ཀྱང་ཡང་དག་པར་ན་འགྱུར་བའམ་སྤྲོས་པ་མི་མངའ་ཞིང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡུན་དུ་གནས་ཏེ་ཁམས་གསུམ་ན་སྐུ་འབྱུང་བའང་ཆོས་ཀྱི་སྐུ་ རྣམ་པ་ལྔ་འབྱུང་ངོ། །ལྔ་པོ་གང་ཞེ་ན། འདི་ལྟ་སྟེ། སྐུ་ཡང་དག་པའི་ངོ་བོ་ཉིད་དང། སྐུ་ཡོན་ཏན་དང། སྐུ་ཆོས་ཀྱི་ངོ་བོ་ཉིད་ལས་སྐྱེས་པ་དང། སྐུ་སྤྲུལ་ཅིང་འབྱུང་བ་དང། སྐུ་ནམ་ མཁའ་ལྟ་བུ་དང་ལྔ་སྟེ། དེ་ལ་སྐུ་ཡང་དག་པའི་ངོ་བོ་ཉིད་ཅེས་བགྱི་བ་ནི། ཡང་དག་པའི་འབྲས་བུ་མཆོག་མཚན་མ་ཐམས་ཅད་ལས་འདས་པ་རང་གི་དབྱིངས་ལ་ཡུན་དུ་གནས་པས་ན་ སྐུ་ཡང་དག་པའི་ངོ་བོ་ཉིད་ཅེས་བགྱིའོ། །སྐུ་ཡོན་ཏན་ཅན་ཞེས་བགྱི་བ་ནི། སེམས་ཅན་མྱ་ངན་ལས་བཟླ་བའི་སླད་དུ་སྤྱོད་པ་རྣམ་པ་སྣ་ཚོགས་མཛད་ཅིང་དགེ་བ་ཐམས་ཅད་ཕུན་སུམ་ [478B] སྐུ་ཡོན་ཏན་ཅན་ཞེས་བགྱིའོ། །སྐུ་ཆོས་ཀྱི་ངོ་བོ་ཉིད་ལས་སྐྱེས་ཞེས་བགྱི་བ་ནི། ཆོས་ཀྱི་མཚན་ཉིད་ཐམས་ཅད་ཐུགས་སུ་ཆུད་དེ་མི་མཁྱེན་པ་མི་མངའ། སྤྱོད་ ཡུལ་དེ་ལ་ཡང་དག་པར་མཁྱེན་པའི་སྟོང་པ་ཉིད་ལས་སྐྱེས་ཏེ་ཡང་དག་པར་རྫོགས་པས་ན། སྐུ་ཆོས་ཀྱི་ངོ་བོ་ཉིད་ལས་སྐྱེས་ཞེས་བགྱིའོ། །སྐུ་སྤྲུལ་ཅིང་འབྱུང་པ་ཞེས་བགྱི་བ་ནི། དེ་བཞིན་ གཤེགས་པ་འཇིག་རྟེན་དུ་འབྱུང་ཡང་ལམ་རྒྱུད་ལྔར་དགེ་སྡིག་ཀུན་ལ་མངོན་པར་བསྟན་ཅིང་སྐྱབས་སུ་མི་མཛད་པ་མ་མཆིས་ཏེ་སྤྲུལ་པའི་རྫས་ལས་མཚན་དུ་འགྱུར་བས་ན། སྐུ་སྤྲུལ་ ཅིང་འབྱུང་བ་ཞེས་བགྱིའོ། །སྐུ་ནམ་མཁའ་ལྟ་བུ་ཞེས་བགྱི་བ་ནི། ནམ་མཁའ་མཐའ་ཡས་པས་ན་ཆོས་ཀྱི་སྐུ་ཡང་མཐའ་ཡས་སོ་།ནམ་མཁའ་ལ་དཔག་པ་དང་གཞལ་དུ་མ་མཆིས་པས་ ན་ཆོས་ཀྱི་སྐུ་ཡང་དཔག་ཅིང་གཞལ་དུ་མ་མཆིས་ཏེ། དེ་བཞིན་གཤེགས་པའི་སྐུའང་ནམ་མཁའ་ཆེན་པོ་དང་འདྲ་བས་སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བའི་སླད་དུ་སྐུ་རྣམ་པ་ ལྔར་སྟོན་པས་ན། དེ་བཞིན་གཤེགས་པ་ལ་སྐྱེ་བ་མི་མངའ། འགག་པ་མི་མངའ་བར་མངོན་ནོ། །ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ་སེམས་ཅན་ཡོངས་སུ་མྱ་ངན་ལས་བཟླ་བའི་སླད་དུ་ སངས་རྒྱས་མངོན་དུ་སྤྲུལ་ཅིང་ཆོས་རྣམ་པར་སྤེལ་བ་ལེགས་སོ་།ཞེས་གསོལ་པ་དང། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་ [479A]༄༅། །བཀའ་སྩལ་ཏོ། །རིགས་ཀྱི་བུ། ཁྱོད་ནི། དེ་བཞིན་གཤེགས་པ་དང་འདྲ་བར་ཆོས་ཀྱི་མཚན་ཉིད་ལ་མཁས་པས་སྤྱོད་ཡུལ་ཐམས་ཅད་ལ་རབ་ཏུ་ཆོད་པའམ་ཐོགས་པ་མེད་ དེ༑ རིགས་ཀྱི་བུ། ཁྱོད་མ་འོངས་པའི་དུས་ན་བསྐལ་པ་སྟོང་རྣམ་པར་དག་པ་ཞེས་བྱ་བ་དང། འཇིག་རྟེན་ལོངས་སྤྱོད་ཅན་ཞེས་བྱ་བ་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་ ཐེག་པ་ཆེན་པོ་འབའ་ཞིག་སྤྱོད་དེ། ཉན་ཐོས་དང། རང་སངས་རྒྱས་ཀྱི་ཐེག་པའི་མིང་རྣ་བའི་ཐོག་མར་ཡང་མི་གྲག་ན། ངན་སོང་ལྟ་ཅི་ཞིག་སྨོས། ཁྱོད་བསྐལ་པ་དེ་དང། འཇིག་རྟེན་དེར་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་དག་པ་ཞེས་བྱ་བ་འབྱུང་སྟེ། འཇིག་རྟེན་གཞན་ནས་སྐྱེས་བུ་ཆེན་པོ་དག་ཀྱང་དེར་ཕྱིན་ཅིང་ཐེག་པ་ཆེན་པོ་ ཐར་པ་ཕྱོགས་སུ་རྒྱས་པའི་མདོ་སྡེ་མཉན་པ་དང། བླངས་པ་དང། བཅངས་པར་འགྱུར་རོ། །དེ་བས་ན་སེམས་ཅན་གང་ལ་ལས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་མིང་ཐོས་ཏེ་ཕྱག་ འཆལ་ཞིང་མཆོད་པ་བྱས་ན། འཇིག་རྟེན་ལོངས་སྤྱོད་ཅན་གྱི་ཁམས་དེར་སྐྱེ་བར་འགྱུར་རོ། །སེམས་ཅན་གང་ལ་ལས་ཐེག་པ་ཆེན་པོ་ཆོས་སྒྲུབ་ནའང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ འགྱུར༑ གང་ཆོས་ཀྱི་རྣམ་གྲངས་འདི་བླང་ཞིང་བཅངས་པ་དེ་ནི་སངས་རྒྱས་འབྱུང་བ་བཅུ་མ་འདས་པར་ལུང་བསྟན་པའང་ཐོབ་པར་འགྱུར་རོ། །དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ [479B]ཐམས་ཅད་ཀྱི་དོན་གྱི་ཕྱིར་ཞུས་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་མཚན་དང། མདོ་སྡེ་བཅུ་ གཉིས་ཀྱི་མཚན་དང། བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཀྱི་མཚན་བསྟན་ནས་ཡང་སེངྒེའི་སྒྲ་ཆེན་པོ་སྒྲོག་སྟེ། སེངྒེའི་སྒྲ་ཞེས་བྱ་བ་ནི། ངེས་པའི་ཚིག་བསྟན་པའོ། །ངེས་པའི་ཚིག་བསྟན་ པ་ནི༑ དེ་བཞིན་གཤེགས་པ་བརྟག་པར་འཚོ་སྐྱོང་ཞིང་གཞེས་ཏེ་མྱ་ངན་ལས་མི་འདའ་བར་རིག་པའོ། །ཡང་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་དོ། །ཞེས་བསྟན་པ་དང། ལྷའི་ བདུད་མུ་སྟེགས་ལ་སོགས་པ་སྤ་བཀོང་སྟེ་སྐྱབས་ཀྱི་དབང་དུ་གྱུར་པས་ན། སེངྒེའི་སྒྲ་ཞེས་བྱའོ། །དེ་ལྟར་བསྟན་ནས་ལྗགས་ཀྱི་མཚན་རྒྱ་ཆེན་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་ཀུན་ཁེབས་ པར་གཡོགས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་སོ། །རྣམ་པ་དྲུག་ཏུ་གཡོས་ཞེས་བྱ་བ་ནི། ཤར་ཕྱོགས་མཐོན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོན་ཤར་ཕྱོགས་ དམའ༑ ལྷོ་ཕྱོགས་མཐོན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ། དབུས་མཐོན་མཐའ་དམའ། མཐའ་མནོན་དབུས་དམའ་བ་ནི། ས་རྣམ་པ་དྲུག་ཏུ་གཡོས་ཞེས་བྱའོ། །ལྗགས་ཀྱི་ དྲུང་ནས་འོད་ཟེར་ཆེན་པོ་བཏང་སྟེ་ཕྱོགས་བཅུར་སྣང་བ་ཆེན་པོ་བྱས་སོ། །སྣང་བ་ཆེན་པོ་དེས་མི་རྟག་པ་ནི། རྟག་པར་བྱས། མ་དག་པ་ནི། དག་པར་བྱས། སྡུག་བསྔལ་ཅན་ནི། བདེ་བར་བྱས། མ་རིག་ [480A]༄༅། །པ་ནི༑ རིག་པར་བྱས། དེའི་ཚེ་སངས་རྒྱས་ཀྱི་འོད་ཀྱིས་རེག་ཅིང་སྣང་ངོ་ཅོག་ལ་རི་དང། ནགས་ཚལ་དང། ཡུལ་ས་དང་ཆུ་བོའི་ཀླུང་དང། རྒྱ་མཚོ་དང། ལྕགས་ཀྱི་རི་ ཁོར་ཡུག་དང། དམྱལ་བ་ལ་སོགས་པ་ཐམས་ཅད་ཀྱང་མཐོ་དམའ་མེད་པར་མཉམ་པར་གྱུར་ཅིང་ཉལ་ཉིལ་དང། ལྗན་ལྗིན་མེད་དེ། ཀུན་ཀྱང་ཡོངས་སུ་དག་པར་གྱུར་ནས་འདི་ལྟ་སྟེ། དཔེར་ ན༑ ཤར་ཕྱོགས་ན་འཇིག་རྟེན་ཟླ་གང་རྣམ་དག་ཡོངས་སུ་བརྒྱན་དང་འདྲའོ། །དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་སྤྲུལ་པ་ནི། ནམ་མཁའ་ནས་བབ་པའི་མེ་ཏོག་གི་ཆར་ བབ་པ་དང་འདྲའོ། །ས་འོག་ནས་བྱུང་བ་ནི། སྤྲིན་དང། ན་བུན་བྱུང་བ་དང་འདྲ་བར་ནམ་མཁའ་ཡོངས་སུ་གང་སྟེ་ནམ་མཁའ་སྟོང་པ་ཅུང་ཟད་ཀྱང་མེད་དོ། །སྤྲུལ་པའི་ཞལ་སོ་སོ་ནས་ཚིག་ མཐུན་པར་དེ་བཞིན་གཤེགས་པ་ནི། རྟག་པར་འཚོ་སྐྱོང་ཞིང་གཞེས་ཏེ་མྱ་ངན་ལས་མི་འདའོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་དོ། །ཞེས་གསུངས། ཡང་ཆོས་ཐམས་ ཅད་ནི། སྟོང་པ་ཉིད་དོ། །ཞེས་གསུངས་སོ། །སྤྱོད་ལ་མ་དེ་དག་གི་རྒྱུ་འབྲས་ནི། ཐེག་པ་གཅིག་ཏུ་ཟད་པ་ལས་སེམས་ཅན་གྱིས་ཐེག་པ་གསུམ་དུ་མཐོང་ཞེས་བཤད་ནས་དེ་མ་ཐག་ཏུ་ཀུན་མི་ སྣང་བར་གྱུར་ནས་བཅོམ་ལྡན་འདས་གདན་ལ་བཞུགས་པ་ཉི་ཚེ་སྣང་སྟེ། དེའི་ཚེ་ཚིགས་མང་པོ་ཐམས་ཅད་ཀྱིས་སྐུ་སྤྲུལ་པ་དེ་དག་མཐོང་བས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བྱིན་གྱི་ [480B] ཤཱཀྱ་ཐུབ་པ་ཡང་བྱམས་པས་འདི་འདྲ་བའི་རྫུ་འཕྲུལ་དང། གཟི་བརྗིད་མངོན་པར་སྤྲུལ་པ་དེའི་ཚེ་ཚོགས་ཀྱི་ནང་ནས་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་བཞི་བཅུའི་བྱེ་མ་ སྙེད་ཀྱིས་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཉན་ཐོས་བརྒྱད་ཁྲི་ཞིག་ནི། ཐེག་པ་ཆེན་པོའི་སེམས་བསྐྱེད་དོ། །དགེ་སློང་སྟོང་ཕྲག་བཅུ་ཞིག་ནི། དགྲ་བཅོམ་པའི་ལམ་ཐོབ་བོ། །དགེ་སློང་ མ་ཁྲི་བརྒྱད་སྟོང་ཞིག་གིས་ནི། ཕྱིར་མི་འོང་བའི་ལམ་ཐོབ་བོ་།དགེ་བསྙེན་ཁྲི་ཕྲག་བཞི་བཅུས་ནི། ལན་གཅིག་ཕྱིར་འོང་བའི་ལམ་ཐོབ་བོ། །དགེ་བསྙེན་མ་འབུམ་ཕྲག་བཅུ་ཞིག་ནི། རྒྱུན་དུ་ཞུགས་ པའི་ལམ་ཐོབ་བོ། །ལྷ་དང་མི་གྲངས་མེད་པ་ཞིག་ནི། ཆོས་ཀྱི་མིག་རྡུལ་མེད་པ་དྲི་མ་དང་བྲལ་བ་རྣམ་པར་དག་པ་ཐོབ་སྟེ་རང་གི་ཚེ་སྔ་ཕྱི་ཤེས་པ་དང་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པར་ མཐོང་ངོ། །དེ་ནས་ཚོགས་ཀྱི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེངྒེའི་སྒྲ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ གཏུགས་ཏེ་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་།བཅོམ་ལྡན་འདས། གོང་དུ་བསྟན་པ་བཞིན་ན་ནི། སངས་རྒྱས་ཀྱི་མཚན་ཐོས་ནའང་སྡིག་འབྱང། ཆོས་ཀྱི་མཚན་ཐོས་ ནའང་སྡིག་འབྱང། དགེ་འདུན་གྱི་མཚན་ཐོས་ནའང་སྡིག་འབྱང་བར་འགྱུར་རོ། །ཞེས་འབྱུང་ན། སངས་རྒྱས་ཀྱི་མཐུ་ལགས་སམ་ཆོས་ཀྱི་མཐུ་ལགས་སམ། དགེ་འདུན་གྱི་མཐུ་ལགས་སམ་ [481A]༄༅། །སངས་རྒྱས་ཀྱི་མཐུ་ལགས་ན་ནི། སངས་རྒྱས་ལ་གསོལ་བ་བགྱི། ཆོས་ཀྱི་མཐུ་ལགས་ན་ནི། ཆོས་ལ་གསོལ་བ་བགྱི། དགེ་འདུན་གྱི་མཐུ་ལགས་ན་ནི། དགེ་འདུན་ལ་ གསོལ་བ་བགྱི་ལགས་ན་གསུམ་ཆར་ལ་གསོལ་བ་བགྱི་ཅི་འཚལ། གོང་ན་གསུངས་པ་ཐེག་པ་གཅིག་ལ་སོ་སོའི་སྐྱེ་བོས་རྣམ་པ་གསུམ་དུ་མཐོང་ངོ། །ཞེས་བྱུང་ན། བཅོམ་ལྡན་འདས་ཉིད་ ཀྱིས་ཀྱང་གསུམ་དུ་བཤད་ན་སེམས་ཅན་ལྟ་ཅི་ཞིག་སྨོས་ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེངྒེ་སྒྲ་ལ་འདི་སྐད་ཅེས་བཀའ་སྩལ་ ཏོ༑ ༑ལེགས་སོ་ལེགས་སོ། །རིགས་ཀྱི་བུ། སེམས་ཅན་ལ་ཕན་པ་དང། བདེ་བའི་ཕྱིར་དོན་དེ་ལྟ་བུ་འདྲི་བའང་ཤིན་ཏུ་ལེགས་པར་ཉོན་ཅིག་དང་ངས་ཁྱོད་ལ་བྱེ་བྲག་ཕྱེད་པར་བཤད་དོ། ། སངས་རྒྱས་ཀྱི་མཐུ་འབའ་ཞིག་ཀྱང་མ་ཡིན། ཆོས་ཀྱི་མཐུ་འབའ་ཞིག་ཀྱང་མ་ཡིན། དགེ་འདུན་གྱི་མཐུ་འབའ་ཞིག་ཀྱང་མ་ཡིན་ཏེ་ཀུན་ཚོགས་པའི་མཐུས་སངས་རྒྱས་ནི། སེམས་ ཅན་གྱི་མགོན་སྐྱབས་ཀྱི་ཕ་མ། བྱང་ཆུབ་སེམས་དཔའ་ནི། དགེ་བའི་བཤེས་གཉེན་ཡིན་ནོ། །སེམས་ཅན་བསླད་པ་ཅན་སེམས་སྟོར་བ་སླར་རྙེད་དེ་འཁོར་བ་ལ་སྐྱོ་ནས་དྲན་པའི་མཐུ་མར་ པོས་ཁམས་གསུམ་ན་ཉོན་མོངས་པའི་རྒྱ་མཚོ་ལས་བསྒྲལ་བར་འདོད་ན། ཕྱོགས་སུ་རྒྱས་པའི་མདོ་སྡེ་འདིས་བསྒྲལ་བའི་གྲུ་ཆེན་པོ་བྱེད་དོ། །དེ་བས་ན། རིགས་ཀྱི་བུ། སངས་རྒྱས་ཀྱང་ [481B] ༑ཆོས་ཀྱང་དགེ་འདུན་ནོ། །དགེ་འདུན་ནི། འདུས་མ་བྱས་པའོ། །འདུས་མ་བྱས་པ་ནི། སྟོང་པ་ཉིད་དེ། འདུས་མ་བྱས་པའི་སྟོང་པ་ཉིད་དང། འདུས་བྱས་ཀྱི་སྟོང་པ་ཉིད་དང། ནང་གི་སྟོང་པ་ ཉིད་དང། ཕྱི་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་དང་ཆུང་ངུའི་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དུ་འདྲ་སྟེ། དེ་ལས་གཞན་མེད་དོ། །རིགས་ཀྱི་བུ། ཁྱོད་ཟེར་བ་ལྟ་ན། རྣམ་པ་གཅིག་ཏུ་སྒྲུབ་པའི་རིགས་ ཀྱི་རྣམ་པ་གསུམ་དུ་སྒྲུབ་ཅི་དགོས་ཞེས་བྱ་བ་ནི། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། མི་གཅིག་ནམ་མཁའ་སྟོང་པས་སྐྲག་སྟེ། གར་ཕྱིན་རྒུར་གབ་ཀྱང་ནམ་མཁའ་དང་ཡོང་མ་བྲལ་ལོ། །རིགས་ཀྱི་བུ་ ཕྱོགས་བཅུའི་དེ་བཞིན་གཤེགས་པས་བཤད་པ་དང། ངས་བཤད་དོ་ཅོག་དགེ་བ་ཐམས་ཅད་ཀྱི་རྒྱུ་རྐྱེན་དང། དཀོན་མཆོག་གསུམ་དང། ཐེག་པ་གསུམ་ཡང་གཅིག་ལས་མི་འདའོ། །བྱང་ཆུབ་ སེམས་དཔའ་སེངྒེ་སྒྲས་གསོལ་པ། ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་འཕགས་པས་བསྟན་པ་ལྟར་ན་བདག་སྔ་ནས་འཚལ་ཏེ་སེམས་ཅན་རྣམས་ཀྱི་སླད་དུ་དོན་དེ་ཞུ་བ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་མི་གཉིས་མི་གསུམ་མོ་།ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་ཆོས་ཀྱི་རྣམ་གྲངས་འདི་ནི། སངས་རྒྱས་རྣམས་ཀྱི་ནི། ཡུམ། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ནི། ཤུལ་ཆེན་པོ། །རྣལ་འབྱོར་པ་རྣམས་ཀྱི་ནི། མིག་སྟེ། ལྟ་བ་ལོག་པ་རྣམས་སྡུད་པ་དང། སེམས་སྟོར་བ་རྣམས་སྐྱོང་བ་དང། ངན་སོང་གསུམ་གྱི་སྒོ་གཅོད་པ་དང། བླ་ན་མ་ [482A]༄༅། །མཆིས་པའི་བྱང་ཆུབ་ཀྱི་སྒོ་འབྱེད་པ་དང། ཉན་ཐོས་རྣམས་བཟློག་པ་སྟེ། ཐེག་པ་ཆེན་པོར་འཛུད་པའི་སླད་དུ་བདག་གིས་གཟུངས་ཆེན་མོའི་སྔགས་ཀྱིས་བསྲུང་ཞིང་ བསྐྱབ་པར་བགྱིའོ། །སྡོམ་པ་མ་ཉམས་པ་དང། མདོ་སྡེ་འདི་ལ་སྒོམ་ཞིང་བསླབ་པར་བགྱིད་པ་དེ་ལའང་བསྲུང་ཞིང་བསྐྱབ་པར་བགྱིའོ། །གལ་ཏེ་གང་ཟག་གང་ལ་ལས་མདོ་སྡེ་འདི་ལ་བསྙེན་ བཀུར་བགྱིད་ཅིང་དགུང་བདུན་གྱི་བར་དུ་སྤྱད་པ་སྤྱོད་པ་ལ་བདུད་སྡིག་ཅན་གྱིས་འཁྲུག་ཅིང་འཚེ་བའི་གླགས་ལྟ་བ་མཆིས་ན། བདུད་སྡིག་ཅན་གྱིས་གླགས་ཀྱི་སྐབས་མི་རྙེད་པར་བགྱིའོ། ། བཅོམ་ལྡན་འདས། བདག་མདོ་སྡེ་འདི་ལ་རིམ་གྲོ་བགྱིས་ཏེ་ཡུན་རིང་པོར་གནས་པར་བགྱི་བའང་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་གནས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ༑ རིགས་ཀྱི་བུ། ཁྱོད་མདོ་སྡེ་འདི་ལ་རིམ་གྲོ་བྱ་བ་ནི་དཀོན་མཆོག་གསུམ་ལ་རིམ་གྲོ་བྱ་བ་དང་འདྲའོ། །སྟོན་པ་ལའང་རིམ་གྲོ་བྱ་བ་དང་འདྲའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེངྒེ་ སྒྲས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཟུངས་སྔགས་འདི་སྐད་ཅེས་སྨྲས་སོ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿ་སངྒཱ་ཡ་ཨ་དནྟི་དྷ་ར་ནི། ཏདྱ་ཐཱ། ཨཱ་ཀཱ་ཤ་ནི་བ་ནི། སརྦ་དྷརྨཱ་ནི་བ་ནི། ཨི་ ཤ་མ་ད། པི་བ་ཤ་ན། བི་མ་ལ་སུ་པ་རི། དྷརྨ་ནི་ཁ་ན། བར་དུ་ནི་ཙ་ཡ་ཏ་མ་ལེ། ཙ་ལེ། ཧུ་ལུ་ཧུ་ལུ། ཤི་བི་ཏེ། མནྟྲ་མནྟྲ། མནྟྲ་སཱཧཱ། སྔགས་འདི་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཤིང་ [482B] དེ་ལྟར་གདུགས་བདུན་གྱི་བར་དུ་མདོ་སྡེ་གཞན་ལ་མི་བསམ་པར་གདུགས་གཅིག་ཀྱང་དུས་གསུམ་དུ་ཕྱོགས་སུ་རྒྱས་པའི་མདོ་སྡེ་འདི་ལ་སེམས་རྩོག་གྱི་ ཏུ་བགྱི་སྟེ་སེམས་གཞན་དུ་མི་གཡེང་བར་བགྱིའོ། །བཅོམ་ལྡན་འདས་གཟུངས་སྔགས་འདི་ནི། སངས་རྒྱས་ཁྲི་ཕྲག་བརྒྱད་བརྒྱས་གསུངས་པ་སྟེ། དེང་འདིར་བདག་གིས་ཀྱང་བརྗོད་པ་ལགས་སོ། ། གལ་ཏེ་འགའ་ཞིག་གཟུངས་འདི་ལ་སྨོད་པ་མཆིས་ན་སངས་རྒྱས་དེ་དག་ལ་སྨོད་པར་འགྱུར་རོ། །གཟུངས་འདི་ལ་སྨོད་པ་ནི། ཚེ་རབས་དུ་མའི་བར་དུ་བྱང་ཆུབ་ཏུ་བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ལྟེ་ སྲིད་པ་གསུམ་ལས་ཀྱང་མི་འདའོ། །དེ་ཅིའི་སླད་དུ་ཞེ་ན། སྔགས་འདི་ནི། སེམས་དྲན་པ་ཉམས་པ་རྣམས་སླར་རྙེད་པ་དང། གཟུངས་འདི་ལན་གཅིག་ཙམ་རྣ་བར་ཐོས་སམ། ཐོས་ནས་ཡི་གེར་འབྲིས་ ཏེ་ཤ་དང་ཆང་མི་འཚལ་བར་སྡོམ་པ་ལ་གནས་ཤིང་བདག་ཉིད་རྩེད་འཇོ་ལ་སོགས་པ་སྤངས་ཏེ། འདུ་འཛིའི་ནང་དུ་མི་འཇུག་ལ་རྒྱུན་དུ་བྱམས་པ་ཆེན་པོ་སྤྱོད་ཅིང་བསམ་གཏན་ལ་གཅེས་པར་ འཛིན་ན། གང་ཟག་དེ་དཔག་ཏུ་མ་མཆིས་པའི་སྒྲིབ་པ་གསུམ་གྱི་སྡིག་ལྕི་བ་རྣམས་འབྱང་བར་འགྱུར་རོ། །གཟུངས་འདི་ཐོས་མ་ཐག་ཏུ་སེམས་ཐག་པ་ནས་གླང་བ་དང། བཅང་བ་དང། ཉིན་རེ་ ཞིང་ཀློག་པ་དང། ཁ་ཏོན་དུ་བགྱིད་པ་དང། ཡི་དམ་དུ་མི་བསྐྱང་བར་བགྱིད་ན། གང་ཟག་དེ་མངོན་པར་བྱང་མ་ཆུབ་ཀྱི་བར་དུ་ངན་སོང་གསུམ་དུ་ལྟུང་བར་མི་འགྱུར་རོ། །ཞེས་གསོལ་པ་དང་ [483A]༄༅། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེངྒེ་སྒྲ་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ། ཁྱོད་དཀོན་མཆོག་གསུམ་གྱི་རིམ་གྲོ་བྱ་བ་དང་ བྱམས་པའི་སེམས་ཀྱིས་སེམས་ཅན་རྣམས་སྲིད་པ་གསུམ་ལས་འདོན་པ་དང། བསླབ་པ་མང་པོ་གྲངས་མེད་པ་ལ་ཕན་པ་དང། བདེ་བ་ཆེན་པོ་བྱ་བའི་ཕྱིར་སྟོན་པའི་སྒོ་འབྱེད་ཅིང་ལོག་པར་ ལྟ་བ་རྣམས་བཟློག་སྟེ་ཡང་དག་པར་ལྟ་བ་ལ་འཛུད་པའི་ཕྱིར་གཟུངས་སྔགས་འདི་བཤད་པ་ནི། ཤིན་ཏུ་ཡང་ལེགས་སོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ཁྱོད་ཀྱི་མིང་དང་སྔགས་ཀྱི་ སྒྲ་ཐོས་ནས་དད་པ་དང་གུས་པ་བསྐྱེད་དེ་མི་སྨོད་ན། གང་ཟག་དེ་ཚེ་འདི་ཉིད་ལའང་བདེ་ལ་འཆི་འཕོས་ནའང་རྟག་ཏུ་སངས་རྒྱས་ཐམས་ཅད་མཐོང་ཞིང་ངའང་མཐོང་ལ། ཁྱོད་ལ་སོགས་པ་བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ། །མངོན་པར་འཚང་རྒྱ་བར་ཡང་ངེས་པར་རང་གིས་རིག་སྟེ་ཐེ་ཚོམ་མེད་དོ། །ཀུན་ནས་ཉོན་མོངས་སྤངས་པ་དང། །དགེ་བ་ཀུན་གྱི་ལམ་ བསྒྲུབས་ཏེ། །སངས་རྒྱས་རང་བཞིན་མཐོང་བ་ཡང། །རྣམ་དག་དད་པའི་དབང་གིས་སོ། །ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་མྱ་ངན་ལས་འདས་པའི་འོག་ཏུ་རིགས་ཀྱི་ བུའམ༑ རིགས་ཀྱི་བུ་མོ་གང་ལ་ལས་ཉིན་གཅིག་གམ། དུས་གཅིག་གམ་མཚན་གཅིག་གམ། སྐད་ཅིག་མ་གཅིག་ལ་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པའི་སངས་རྒྱས་དང། མདོ་ [483B] བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་རྣམས་ལ་ཕྱག་འཚལ་ཞིང་ཐེག་པ་ཆེན་པོ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང། དོན་དམ་པའི་བདེན་པ་ལ་བསམ་ན། གང་ཟག་དེ་ནི་ སྐད་ཅིག་མ་སེ་གོལ་གཏོགས་པ་ཙམ་གྱིས་མི་དགེ་བ་བཅུ་དང། མཚམས་མེད་པ་ལྔ་དང། མཉམ་པ་ཉིད་ལ་སྐུར་བ་དང། ཀུན་ནས་ཉོན་མོངས་པའི་ལས་ཐམས་ཅད་ཡོངས་སུ་མ་ལུས་པར་ འབྱང་བར་འགྱུར་རོ། །གལ་ཏེ་དགེ་སློང་ངམ། དགེ་སློང་མའམ་བྱང་ཆུབ་སེམས་དཔའ་འམ། དགེ་སྦྱོང་ངམ། དགེ་སྦྱོང་མས་སེམས་ཀྱི་རང་བཞིན་སྟོར་ནས་རྩ་བ་བཞི་དང། སྡོམ་པ་བརྒྱད་ཉམས་པ་ དང། མི་དགེ་བ་བཅུ་དང། མཚམས་མེད་པ་ལྔ་བྱས་པ་དང། མཉམ་པ་ཉིད་ལ་སྐུར་པ་རྣམས་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱི་མཚན་ལ་དད་པ་བསྐྱེད་དེ་ཕྱག་འཚལ་ན། འདི་ ལྟ་བུའི་ལས་ངན་པ་ཀུན་མ་ལུས་པར་འབྱང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ་སྔོན་སངས་རྒྱས་འོད་མི་འགྱུར་གྱི་དུས་ན་རྒྱལ་བུ་དགེ་མཐོང་ཞེས་བྱ་བ་དེའི་ཚེ་མི་སུམ་སྟོང་དང་ལྷན་ཅིག་ ཏུ་སྐད་ཅིག་མ་དེར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་གཏུགས་ཏེ་ཕྱག་བཙལ་ནས་ཚིག་མཐུན་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་བསྐལ་པ་གྲངས་ མ་མཆིས་པ་ནས་ཀུན་ནས་ཉོན་མོངས་པའི་ལས་བགྱིས་པ་ལྟ་ཞིག་བཤད་ཀྱིས་མི་རྫོགས་ཏེ། མི་དགེ་བ་བཅུ་དང། མཚམས་མ་མཆིས་པ་ལྔ་དང། མཉམ་པ་ཉིད་ལ་སྐུར་བའི་སྡིག་གྲངས་མ་ [484A]༄༅། །མཆིས་པར་བགྱིས་པ་དེ་དག་དེ་བཞིན་གཤེགས་པའི་མདོ་སྡེ་བཅུ་གཉིས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཀྱི་སྤྱན་སྔར་མཐོལ་ཏེ་འགྱོད་ཚངས་ སུ་གསོལ་ཞིང་མཆིས་ན་སྐབས་དབྱེ་ཞིང་ཅི་གནང་ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ། འཇིགས་པའི་སེམས་བསྐྱེད་ པའང་དཀའ་ལ། དགེ་བའི་རྩ་བ་བསྐྱེད་པའང་དཀའ་སྟེ། མི་དགེ་བ་བཅུ་དང། མཚམས་མེད་པ་ལྔ་མཐོལ་ཞིང་འཆགས་པར་འདོད་པ་ནི། ལོག་སྤྱོད་ལ་སོགས་པའང་སངས་རྒྱས་ཀྱི་བདག་ ཉིད་མཐོང་དུ་ཉེ་བས་ཡིད་ལ་དྲན་པ་བཞིན་དུ་མཐོལ་ཞིང་ཤོགས་ཤིག་དེ་ནས་རྒྱལ་བུ་དགེ་མཐོང་ལ་སོགས་པ་མི་སུམ་སྟོང་གིས་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་བར་གནང་བ་བྱམས་ པའི་གསུང་ཐོས་ནས་གོས་ཚགས་བཅོས་ཏེ་ཐལ་མོ་སྦྱར་ཅིང་ཕྱག་བཙལ་ནས་བླ་གོས་ཕྲག་པ་གཡས་སུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ཕྱོགས་བཅུའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་དགེ་འདུན་ལ་སྐྱབས་ སུ་མཆིའོ། །ཡང་འདི་ལྟ་སྟེ། ཤར་ཕྱོགས་ཀྱི་སངས་རྒྱས་འཁྲུག་པ་མི་མངའ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འབྱུང་གནས་ལ་ཕྱག་འཚལ་ [484B] །ནུབ་ཕྱོགས་ཀྱི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །བྱང་ཕྱོགས་ཀྱི་སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་ གསོལ་ལོ། །བླ་མ་ཕྱོགས་ཀྱི་སངས་རྒྱས་དྲི་བརྩེགས་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །འོག་མ་ཕྱོགས་ཀྱི་སངས་རྒྱས་གཟུགས་བརྙན་འབུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ ལོ༑ ༑ཡང་ཤར་ཕྱོགས་ན་སྐྱེས་བུ་ཆེན་པོ་ཀུན་ཏུ་བཟང་པོ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །ལྷོ་ཕྱོགས་ན་སྐྱེས་བུ་ཆེན་པོ་འཇིག་རྟེན་འཛིན་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །ནུབ་ ཕྱོགས་ན་ཀུན་ཏུ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །བྱང་ཕྱོགས་ན་ཟླ་གང་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །བླ་མ་ཕྱོགས་ན་ནམ་མཁའི་སྙིང་ པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །འོག་མ་ཕྱོགས་ན་སྐྱེས་བུ་ཆེན་པོ་བརྟན་དཔལ་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །ཡང་བདག་ཅག་གི་མཁན་པོ་དེ་བཞིན་གཤེགས་པ་ འོད་མི་འགྱུར་བ་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །མ་བྱོན་པའི་སངས་རྒྱས་ཀྱི་བདག་ཉིད་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །ཕྱོགས་གཞན་ན་སངས་རྒྱས་སྤྲུལ་པའི་སྐུ་ ལའང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །ད་ལྟར་བདག་ཅག་གི་མཁན་པོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལའང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །སྐྱེས་བུ་ཆེན་པོ་དྲི་མ་མེད་ [485A]༄༅། །པར་གྲགས་པ་དང་འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །འཕགས་པ་དགའ་བོ་དང་འོད་སྲུང་ལའང་ཕྱག་འཚལ་ཞིང་སྐྱབས་ སུ་གསོལ་ལོ། །འཕགས་པའི་འབྲས་བུ་རྣམ་བཞི་མངོན་པར་འབྱུང་བ་རྣམས་ལའང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་པ་རྣམས་ལའང་ཕྱག་ འཚལ་ཞིང་སྐྱབས་སུ་གསོལ་ལོ། །སྡེ་སྣོད་ཆེན་པོ་གསུང་རབ་མདོ་སྡེ་བཅུ་གཉིས་དང་མཉམ་པ་ཉིད་ཡང་དག་པའི་མདོ་སྡེ་གཞན་བཞུགས་སོ་འཚལ་ལའང་ཕྱག་འཚལ་ཞིང་སྐྱབས་སུ་ གསོལ་ལོ། །ཆ་བརྒྱད་དུ་བགོས་པའི་སྐུ་གདུང་དང་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལའང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ་།ད་ལྟ་ན་སྐུ་གཟུགས་བཞུགས་པ་ཐམས་ཅད་ ལའང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །ཕྱོགས་བཞིའི་རྒྱལ་པོ་ཆེན་པོ་བཞི་དང། ཚངས་པ་དང། བརྒྱ་བྱིན་དང། སུམ་ཅུ་རྩ་གསུམ་གྱི་ལྷའི་དབང་ཕྱུག་དང། བར་སྣང་ལ་གནས་ པའི་ལྷ་དང། སའི་ལྷ་དང། རི་དང། ནགས་ཚལ་དང། ཤིང་དྲུང་གི་ལྷ་དང། དྲང་སྲོང་དང། རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པ་རྣམས་དང། ལྷའི་སྤྱན་མངའ་བ་རྣམས་དང། ལྷའི་སྙན་ མངའ་བ་ཐམས་ཅད་ཀྱིས་སྙན་གྱིས་གསན་ཅིང་མཁྱེན་པར་མཛོད་ཅིག་།ཀུན་དབང་དུ་གསོལ་ཏེ་སེམས་ཅན་ཐམས་ཅད་ལ་མ་མཐོལ་མ་བཤགས་པ་ཞིག་མཆིས་ནའང་སྡིག་པ་ཐམས་ [485B]ཡང་དེ་སྐད་ཅེས་སྨྲས་པ་དང་བདག་ཅག་ཐོག་མ་མཆིས་པ་ནས་ད་ལྟར་གྱི་ལུས་ངན་པ་འདི་ཐོབ་པའི་བར་དུ་ནོར་ཅིང་འཁྲུལ་བའི་སེམས་ཀྱིས་ཕྱིན་ཅི་ལོག་ཏུ་ལྟ་བ་ དཔག་ཏུ་མ་མཆིས་པ་ཉོན་མོངས་པ་དང་མི་དགེ་བའི་ལས་བགྱིས་པ་བརྗོད་ཀྱིས་མི་ལང་སྟེ། སྡིག་པའི་ཚོགས་བགྱིས་སོ་འཚལ་རང་གིས་མ་ཚོར་མ་རིག་པས་ངན་སེམས་རབ་ཏུ་རྒྱས་ཏེ་ཚེ་ ཕྱི་མ་མཐོང་ཞིང་ཚེ་འདི་འབའ་ཞིག་མཐོང་བས་ཉོན་མོངས་པའི་བག་ཆགས་ལ་མོས་ཏེ། དགེ་བའི་རྩ་བ་དང་རིང་དུ་གྱུར་ཅིང་ལས་ངན་པས་བར་དུ་ཆོད་ནས་སྡིག་པའི་གྲོགས་པོ་དང་ བསྟེན་ཅིང་དགེ་སློང་དང། དགེ་སློང་མ་ལ་མི་རིགས་མི་ཚུལ་བའི་ལས་བགྱིས་པ་དང། ཕ་དང་མ་ལ་མི་རིགས་མི་ཚུལ་བའི་ལས་བགྱིས་པ་དང། ཡང་བདག་རང་ཉམས་ཀྱི་དབང་གིས་ དགེ་འདུན་གྱི་དཀོར་ནོར་ཐུགས་ཐུབ་ཏུ་སྤྱད་པ་དང། དགེ་འདུན་སྡེ་ལྔ་ལ་མི་རིགས་མི་ཚུལ་བར་བགྱིས་པ་དང། འཇིག་རྟེན་པའི་ཀུན་ནས་ཉོན་མོངས་པའི་འབྲས་བུ་དཔག་ཏུ་མ་མཆིས་ པར་བཤད་པའམ། བྱང་ཆུབ་ཀྱི་དགེ་བའི་རྩ་བ་དང་ལྡན་པའི་སེམས་ཅན་བཀུམ་པའམ། ཆོས་ཀྱི་སློབ་དཔོན་ལ་སྐུར་ཏེ། ཆོས་ལ་ཆོས་མ་ལགས་ཞེས་སྐུར། ཆོས་མ་ལགས་པ་ནི། ཆོས་ ལགས་ཞེས་བརྗོད། དེ་བཞིན་གཤེགས་པ་ལ་ནི། མི་རྟག་ཅེས་བགྱིས། དམ་པའི་ཆོས་ལ་ཡང་མི་རྟག་གོ་ཞེས་བགྱིས། དགེ་འདུན་དཀོན་མཆོག་ཀྱང་མི་རྟག་གོ་ཞེས་བགྱིས། སྦྱིན་པ་ [486A]༄༅། །དང་ཤེས་རབ་ལ་ནི། མ་མོས། ལོག་པའི་ཆོས་ལ་དད་ཅིང་འཛིན་པ་དེ་དག་གི་སླད་དུ་དེང་འཇིགས་ཤིང་སྐྲག་པ་དཔག་ཏུ་མ་མཆིས། ཁྲེལ་ཞིང་ངོ་ཚ་བ་ཡང་དཔག་ ཏུ་མ་མཆིས་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ལོ། །སངས་རྒྱས་བཅོམ་ལྡན་འདས་ནི། བྱམས་པ་དང་ཐུགས་རྗེ་མངའ་བདག་སྟེ་ཕྱོགས་སུ་སྙོམས་པའི་ཡབ་ཡུམ་ལགས་ བྱང་ཆུབ་སེམས་དཔའ་རྣམས་ནི། དགེ་བའི་བཤེས་གཉེན་ལགས་ན། བདག་ཅག་གི་སྡིག་པ་བསྐལ་པ་གྲངས་མ་མཆིས་པ་ནས་ལ་འཁོར་བ་ནས་བགྱིས་པ་མཐོལ་ཞིང་བཤགས་ པར་འཚལ་ན་གནང་བའི་སྐབས་དབྱེ་བར་གསོལ་ཞིང་སླད་ཆད་ཀྱང་མི་བགྱིད་པར་སྨོན་ཏོ། །ཡང་འདི་ལྟ་སྟེ། བཅོམ་ལྡན་འདས། བདག་ཅག་བསྐལ་པ་དཔག་ཏུ་མ་མཆིས་པ་ཚུན་ཆད་ མཚམས་མ་མཆིས་པ་ལྔ་བགྱིས་པ་དང། སངས་རྒྱས་དུས་གསུམ་དུ་གཤེགས་པའི་བསླབ་པ་ཞིག་པར་བགྱིས་པ་དང། ལོག་སྤྱོད་ཀྱི་སྤྱད་པ་སྤྱོད་པ་དང། ངག་རྩུབ་མོ་གཏོང་བ་ དང། དམ་པའི་ཆོས་ལ་སྐུར་བ་འདེབས་པའི་ལས་ངན་པ་དེ་དག་འགྱོད་ཅིང་མཐོལ་མ་མྱོང་སྟེ། སེམས་ལ་ནོངས་པའམ། ངོ་ཚ་བ་མ་མཆིས་པར་མི་དགེ་བ་བཅུ་དང། མཚམས་མ་ མཆིས་པ་ལྔ་ལ་སོགས་པའི་སྡིག་པ་མི་དགེ་བའི་ལས་ལྕི་བ་ངེས་པར་བགྱིས་པར་རང་གིས་འཚལ་ཀྱང་ནོངས་པ་བཅབས་ནས་འཇིགས་ཤིང་སྐྲག་པ་དང། གནོང་ཞིང་ངོ་ཚ་བའི་སེམས་ [486B]མཐོལ་ཞིང་བཤགས་མ་མྱོང་སྟེ། དམ་པའི་ཆོས་མུན་དུ་བཙུགས་ཏེ་རིམ་གྲོ་བགྱི་བའི་སེམས་མ་མཆིས་པར་རྟག་ཏུ་སྨོས་ཤིང་ བརྙས་པ་དང། ངག་གི་སྒོ་ནས་ཀུན་ནས་ཉོན་མོངས་པའི་ནོངས་པ་མང་པོ་བགྱིས་པ་དང། ཆེད་ན་དཀོན་མཆོག་གསུམ་ཡང་མེད་དོ། །ཞེས་བརྗོད་པ་དང། མི་དགེ་བ་བཅུ་དང། མཚམས་མ་ མཆིས་པའི་སྡིག་དེ་དག་བགྱིས་པའི་སླད་དུ་དེང་འཇིགས་ཤིང་སྐྲག་པ་དཔག་ཏུ་མ་མཆིས། གནོད་ཞིང་ཁྲེལ་བ་དཔག་ཏུ་མ་མཆིས་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ལོ། །སངས་ རྒྱས་བཅོམ་ལྡན་འདས་ནི། བྱམས་པ་དང་ཐུགས་རྗེ་མངའ་བདག་སྟེ་ཕྱོགས་སུ་སྙོམས་པའི་ཡབ་ཡུམ་ལགས། བྱང་ཆུབ་སེམས་དཔའ་རྣམས་ནི། དགེ་བའི་བཤེས་གཉེན་ལགས་ན། བདག་ཅག་གི་ སྡིག་བསྐལ་པ་གྲངས་མ་མཆིས་པའི་འཁོར་བ་ནས་བགྱིས་པ་མི་འཆབ་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པར་འཚལ་ན་གནང་བའི་སྐབས་དབྱེ་བར་གསོལ། སླན་ཆད་ཀྱང་མི་བགྱིད་པར་ སྨོན༑ ཡང་འདི་ལྟ་སྟེ། བཅོམ་ལྡན་འདས། བདག་ཅག་བསྐལ་པ་གྲངས་མ་མཆིས་པ་ཚུན་ཆད་ཕྱིན་ཅི་ལོག་ཏུ་ལྟ་ལྟ་སྟེ། རྩ་བ་བཞི་ནི། སྦོམ་པོར་བཤད། སྦོམ་པོ་ནི། རྩ་བ་བཞིར་བཤད། ཞིག་ པ་རྣམས་ནི། མ་ཞིག་པར་བཤད། མ་ཞིག་པ་རྣམས་ནི། ཞིག་པར་བཤད། ལྕི་བ་རྣམས་ནི། ཡང་པར་བཤད། ཡང་བ་རྣམས་ནི། ལྕི་བར་བཤད། དག་པ་རྣམས་ནི། མ་དག་པར་བཤད། མ་ [487A]༄༅། །དག་པ་རྣམས་ནི། དག་པར་བཤད་པ་དང། ཡང་ལོག་པར་ལྟ་བས་འཇིག་རྟེན་པའི་གཙུག་ལག་ལ་བསྟོད་ཅིང་བསྔགས་ནས་ཆོས་དང་མདོ་སྡེ་ལ་ནི། མ་གུས་ཏེ་སྨྲེ་ ངན་གྱི་གཏམ་རྟག་ཏུ་གླེང་ཞིང་བརྗོད་པ་དང། མ་བརྟགས་པའི་ནོར་རྣམ་པ་བརྒྱད་པོ་འཆང་བ་དང། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ནི། བདུད་ཀྱི་ཚིག་གོ་ཞེས་བགྱིས་ པ་དང། བདུད་ཀྱི་ཚིག་ཡང་དག་པ་ནི། དེ་བཞིན་གཤེགས་པའི་བཀའ་ཞེས་བགྱིས་པ་དང། མུ་སྟེགས་མཁན་གྱི་ཚིག་ལ་ཡིད་ཆེས་པར་འཛིན་པ་དང། དེ་བཞིན་གཤེགས་པ་མཐར་ མྱ་ངན་ལས་འདས་ཏེ་མེད་པས་དཀོན་མཆོག་གསུམ་ཡང་མི་རྟག་གོ་།ཞེས་བགྱིས་ནས་ལུས་དང། སེམས་འཁྲུལ་ཅིང་ཕྱིན་ཅི་ལོག་ཏུ་ལྟ་བ་དཔག་ཏུ་མ་མཆིས་པའི་སླད་དུ་དེང་འཇིགས་ ཤིང་སྐྲག་པ་དཔག་ཏུ་མ་མཆིས། གནོང་ཞིང་ངོ་ཚ་བ་ཡང་དཔག་ཏུ་མ་མཆིས་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ལོ། །སངས་རྒྱས་བཅོམ་ལྡན་འདས་ནི། བྱམས་པ་དང་ ཐུགས་རྗེ་མངའ་སྟེ། ཕྱོགས་སུ་སྙོམས་པའི་ཡབ་ཡུམ་ལགས། བྱང་ཆུབ་སེམས་དཔའ་རྣམས་ནི། དགེ་བའི་བཤེས་གཉེན་ལགས་ན། བདག་ཅག་གི་སྡིག་པ་བསྐལ་པ་གྲངས་མ་ མཆིས་པའི་འཁོར་བ་ནས་བགྱིས་པ་དེ་དག་མི་འཆབ་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པར་འཚལ་ན་གནང་བའི་སྐབས་དབྱེ་བར་གསོལ་སླན་ཆད་ཀྱང་མི་བགྱིད་པར་སྨོན་ཏོ། །ཡང་ [487B] བཅོམ་ལྡན་འདས། བདག་ཅག་བསྐལ་པ་དཔག་ཏུ་མ་མཆིས་པ་ནས་ཚེ་ལུས་འདི་ལ་ཐུག་གི་བར་དུ་དགེ་འདུན་སྤྱིའི་ནོར་རམ། ཕྱོགས་བཅུའི་དགེ་འདུན་གྱི་ནོར་རམ། ད་ལྟར་ བཞུགས་པའི་དགེ་འདུན་གྱི་ནོར་རམ། དགེ་འདུན་སྡེ་ལྔའི་ནོར་རམ་དགེ་སློང་གང་ཟག་གི་ནོར་རམ། ཡོན་བདག་ཐམས་ཅད་ཀྱི་ནོར་རྫས་ལ་བརྐུས་པའམ། རང་ཉམ་དུ་སྤྱོད་པ་དང། ཡང་རང་ སྨོས་ཏེ་བདག་དམ་པའི་ཆོས་བསམ་གཏན་བྮིའམ། འབྲས་བུ་བཞི་མ་ཐོབ་པར་ཐོབ་བོ། །ཞེས་སྨྲས་པ་ལ་སོགས་པ་རྐྱེན་དེ་ལྟ་བུའི་ལས་ངན་པ་མི་དགེ་བའི་རྒྱུ་རྐྱེན་དུ་གྱུར་ཏེ་ཁྱིམ་ནས་ཁྱིམ་ མེད་པར་རབ་ཏུ་བྱུང་ན་ཡང་ཕམ་པ་བཞི་དང། སྡོམ་པ་བརྒྱད་དང། དྲུག་དང། དགེ་འདུན་གྱི་ལྷག་མ་བཅུ་གསུམ་དང། མ་ངེས་པའི་ཆོས་གཉིས་དང། སྤང་བའི་ལྟུང་བ་སུམ་ཅུ་དང། ལྟུང་བ་ དགུ་བཅུ་དང། སོ་སོར་བཤགས་པ་བཞི་དང། བསླབ་པ་མང་པོ་དང་བདུན་ཤིན་ཏུ་ལྕི་བའི་ཆོས་རྣམས་ཏེ། ཚུལ་ཁྲིམས་དེ་དག་རེ་རེ་ལ་ཉེས་བྱས་ནས་ཕམ་པ་ལ་ཐུག་གི་བར་དུ་ཉེས་པ་ དང། མཚམས་མ་མཆིས་པ་ལྔ་བགྱིས་པ་དང། དམ་པའི་ཆོས་དང་མདོ་སྡེ་ཟབ་མོ་ལ་སྐུར་བ་དང། ལོག་སྤྱོད་ཀྱི་སྤྱད་པ་སྤྱོད་པ་ནས་ནོངས་པ་བཅབས་ཏེ་འགྱོད་ཅིང་མཐོལ་མ་མྱོང་བས་ཉིན་ མཚན་དུ་འཕེལ་ཞིང་སྐྱེ་བ་སྔོན་རྒྱལ་བ་དག་གིས་བཤད་པ་ལས་ཐོས་པ་ནི། དམ་པའི་ཆོས་ལ་སྐུར་བའམ། མཚམས་མ་མཆིས་པ་ལྔ་བགྱིས་པའམ། རྩ་བ་བཞི་ཕམ་པར་གྱུར་པ་རྣམས་མ་ [488A]༄༅། །བཤགས་མ་མཐོལ་ན། སེམས་ཅན་དམྱལ་བར་ངེས་པར་ལྟུང་སྟེ། དེ་བཞིན་གཤེགས་པ་དང། བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་དང། རང་ སངས་རྒྱས་ཀྱིས་ཀྱང་སྐྱབས་མཛད་པར་མི་འགྱུར། དགེ་འདུན་དང་ཕ་མ་དང། ལྷ་རྣམས་དང། མི་རྣམས་ཀྱིས་ཀྱང་སྐྱབས་དང་འོར་བ་བགྱིད་མི་ནུས་སོ། །ཞེས་བྱུང་བས་ན། དེའི་སླད་དུ་ དེང་འཇིགས་ཤིང་སྐྲག་པ་དཔག་ཏུ་མ་མཆིས། གནོད་ཞིང་ངོ་ཚ་བ་དཔག་ཏུ་མ་མཆིས་ཏེ། དེའི་སླད་དུ་དེང་དཀོན་མཆོག་གསུམ་དང། འདས་པའི་སངས་རྒྱས་རིན་ཆེན་མང་དང། །མ་འོངས་ པའི་སངས་རྒྱས་སྟོང་དང། ད་ལྟར་བཞུགས་པའི་སངས་རྒྱས་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་གསོལ་ལོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བྱམས་པ་དང་ཐུགས་རྗེ་ མངའ་བདག་སྟེ། ཕྱོགས་སུ་སྙོམས་པའི་ཡབ་ཡུམ་ལགས། བྱང་ཆུབ་སེམས་དཔའ་རྣམས་ནི། དགེ་བའི་བཤེས་གཉེན་ལགས་ན། བདག་ཅག་བསྐལ་པ་དཔག་ཏུ་མ་མཆིས་པ་ཚུན་ ཆད་ཀྱི་ཉོན་མོངས་པའི་སྒྲིབ་པ་དང། ལས་ཀྱི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་དང། བམ་པ་བཞི་དང། མཚམས་མ་མཆིས་པ་དང། མི་དགེ་བ་བཅུ་ལ་སོགས་པའི་སྡིག་ལྕི་བ་རྣམས་ མཐོལ་ཞིང་བཤགས་པར་འཚལ་ན་གནང་བའི་སྐབས་དབྱེ་བར་གསོལ་།ཡང་འདི་ལྟ་སྟེ། བཅོམ་ལྡན་འདས། དེང་བདག་ཅག་གིས་སེམས་ཅན་རྣམས་དང། བདག་ཅག་རང་རང་གི་སླད་ [488B]བཤགས་པར་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱིས་བསྐལ་པ་དཔག་ཏུ་མ་མཆིས་པ་ཚུན་ཆད་དེ་བཞིན་གཤེགས་པ་རྣམས་དང། ཕ་ མའི་དྲིན་གློ་བར་མ་ཆུད་པ་དང། རྣམ་པར་བྱང་བའི་ཆོས་མ་འཚལ་ཏེ། མི་དགེ་བ་སྣ་ཚོགས་བགྱིས་པ་དང། རང་གི་རིགས་སྙེམས་ཏེ་དྲེགས་ཤིང་རྒྱགས་པའི་ཚེ་ཀུན་ནས་ཉོན་མོངས་པའི་ ལས་ཉམ་བག་ཏུ་བགྱིས་ཀྱང་ནོངས་པར་མ་མཐོང་བར་སྐྱེ་བོ་བླུན་པོའི་ལས་བགྱིས་པ་དང། སྡིག་པའི་བཤེས་གཉེན་ལ་བསྟེན་ཅིང་ཉོན་མོངས་པའི་སེམས་འཁྲུགས་པ་དང། འདོད་པ་ལྔའི་ ཡོན་ཏན་ལ་ཆོག་མ་འཚལ་ཏེ། མི་དགེ་བའི་ལས་རྣམས་བགྱིས་པ་དང་འགྲོ་བ་བཟང་མོས་བསླུས་ཏེ་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི་ཉོན་མོངས་པས་གཟིར་ཅིང་སེམས་ འཁྲུགས་ཏེ། སྤྲོས་པ་དང། ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་བསགས་པའི་ལས་མི་དགེ་བ་བདག་རང་གིས་བགྱིས་པ་དང། གཞན་བགྱིད་དུ་སྩལ་པ་དང། བགྱིད་པ་ལ་རྗེས་སུ་ཡི་རང་ བ་དེ་དག་ཐམས་ཅད་དེང་སོ་སོར་འཆགས་སོ། །མཐོལ་ལོ། །མི་འཆབ་བོ། །སངས་རྒྱས་དང། ཆོས་དང། འཕགས་པའི་དགེ་འདུན་ལ་བསྙེན་བཀུར་མ་བགྱིས་པའི་སྡིག་པའང་རྗེད་སོ་སོར་འཆགས་ སོ༑ ༑མཐོལ་ལོ། །མི་འཆབ་བོ། །བྱང་ཆུབ་སེམས་དཔའ་དང། རང་སངས་རྒྱས་ལའང་བསྙེན་བཀུར་མ་བགྱིས་པའི་སྡིག་པ་དེང་སོ་སོར་འཆགས་སོ། །མཐོལ་ལོ། །མི་འཆབ་བོ། །མ་རིག་པའི་དབང་ [489A]༄༅། །གིས་དམ་པའི་ཆོས་ལ་སྐུར་པ་བཏབ་པ་དང། ཕ་མ་དང་མཁན་པོ་དང། སློབ་དཔོན་གྱི་དྲིན་གློ་བར་མ་ཆུད་པའི་སླད་དུ་བསྙེན་བཀུར་མ་བགྱིས་པའི་སྡིག་པ་དེ་དག་ ཀྱང་དེང་སོ་སོར་འཆགས་སོ། །མཐོལ་ལོ། །མི་འཆབ་བོ། །བླུན་ཞིང་རྨོངས་པས་བསྒྲིབས་ཏེ་ཉམ་རངས་དང་རྒྱགས་པས་མི་དགེ་བ་སྣ་ཚོགས་བགྱིས་པའི་སྡིག་པ་དེ་དག་ཀྱང་དེང་སོ་སོར་ འཆགས་སོ། །མཐོལ་ལོ། །མི་འཆབ་བོ། །སླན་ཆད་ཀྱང་མི་བགྱིད་དོ་།ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་བདག་ཅག་གིས་ཡོན་ཕུལ་ཞིང་མཆོད་པས་ནི། མ་ལུས་པའི་སེམས་ཅན་ དེ་དག་ཀུན་ས་བཅུ་ལ་འཁོད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཅིག་དེ་ནས་བཅོམ་ལྡན་འདས་ ཀྱིས་རྒྱལ་བུ་དགེ་མཐོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་སྐྱེས་བུ་ཆེན་པོ་རང་གི་ལས་ལེགས་ཉེས་ཀྱི་རྟོག་པ་ལ་མཁས་ཏེ་ཀུན་ནས་ཉོན་མོངས་པའི་ལས་ལ་འཇིགས་པ་ དང་སྐྲག་པ་སྐྱེས་ནས་ཉེས་པ་རྣམས་མངོན་པར་མཐོལ་བའི་སྟེང་དུ་སེམས་ཅན་གྱི་སྡིག་པ་མང་པོའང་ཁྱོད་ཀྱིས་མཐོལ་ཞིང་འཆགས་པའི་ཕྱིར་ཁྱོད་ནི། སྐྱེས་བུ་དམ་པ་ཡང་དག་པ་ ཞེས་བྱའོ། །རང་གི་ཉོན་མོངས་པ་སྤོང་བའི་སྟེང་དུ་སེམས་ཅན་གྱི་ཀུན་ནས་ཉོན་མོངས་པའང་རིང་དུ་དབྲལ་བར་བྱས་པས་དེའི་ཕྱིར་ཁྱོད་ནི། སྐྱེས་བུ་དམ་པ་ཡང་དག་པ་ཞེས་བྱ་བ་ཡིན་ [489B] རང་གི་དོན་དུ་སྨོན་པ་མ་ཡིན་ཏེ། ཐོག་མར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་སྨོན་ལམ་བཏབ་པའི་ཕྱིར་ ཁྱོད་ནི༑ སྐྱེས་བུ་དམ་པ་ཡང་དག་པ་སྐྱེས་བུ་དམ་པ་ཡང་དག་པ་ཞེས་བྱའོ། །དེ་ནས་རྒྱལ་བུ་དགེ་མཐོང་ལ་སོགས་པ་མི་སུམ་སྟོང་གིས་འགྱོད་ཚངས་བགྱིས་པའི་འོག་ཏུ་བཅོམ་ལྡན་འདས་ལ་ཚིགས་ སུ་བཅད་དེ་འདི་སྐད་ཅེས་བསྟོད་དོ། །བཅོམ་ལྡན་ཉག་གཅིག་གཙོ་བོ་ཁྱོད། །ཁམས་གསུམ་ཕ་མ་ཐམས་ཅད་མཁྱེན། །ཐམས་ཅད་མི་མཉམ་པ་ཉིད། །བཅོམ་ལྡན་དཀོན་ལ་ཕྱག་འཚལ་ ལོ༑ ༑སྐྱེ་བོ་སྦྱིན་གཏོང་རང་གི་ཕྱིར། །ནོར་རྫས་བྱིན་ཅིང་ལན་ཡང་རེ། །བྱམས་ཆེན་རྒྱལ་བ་དེ་མིན་ཏེ། །དགྲ་གཉེན་བྱམས་དང་ཕན་སྙོམས་མཛད། །རྐང་གཉིས་ནང་ན་རྒྱལ་བ་བཙུན། །ཤེས་རབ་སྤྱན་ གྱིས་མཁྱེན་གཟིགས་ལ། །བརྩོན་འགྲུས་ཆེ་བདག་སྐྱབས་སུ་མཆི་།ལྷག་གཞན་ཤེས་རབ་དེ་མ་འཚལ། །འདས་དང་མ་བྱོན་ད་ལྟར་བཞུགས། །རྒྱལ་བ་ཀུན་ལ་བདག་ཕྱག་འཚལ། །དེ་བཞིན་རྒྱལ་ བ་སྐྱབས་གསོལ་བའང། །དུས་གསུམ་རྒྱལ་བ་མཆོད་པ་བཞིན། །དེ་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་རྒྱལ་བུ་དགེ་མཐོང་དང་མི་སུམ་སྟོང་ལ་ཚིགས་སུ་བཅད་དེ་བསྟོད་པ། གང་ཞིག་ སངས་རྒྱས་འགྲུབ་འདོད་པའང། །མང་དུ་ཐོས་ལ་འབྲང་བར་བྱོས་།སློབ་དཔོན་དགེ་ལ་བཀུར་བྱས་ན། །སངས་རྒྱས་འགྲུབ་ལ་ཡུན་མི་རིང། །གང་ཞིག་ཚུལ་ཁྲིམས་རྣམ་དག་སྤྱད། །དེ་ནི་དགེ་སློང་ [490A]༄༅། །ཡང་དག་ཡིན། །གང་ཞིག་སྟོང་པར་སྒོམ་ནུས་པ། །དེ་ནི་ཏིང་འཛིན་ཐོབ་ཅེས་བྱ། །གང་ཞིག་བརྩོན་འགྲུས་སྤྱོད་ནུས་པ་།དེ་ནི་བྱང་ཆུབ་སྤྱོད་པ་འོ། །གང་ཞིག་མྱ་ངན་ འདའ་འགྱུར་བ། །དེ་ནི་དགའ་བ་ཡང་དག་པ་འོ། །ཚུལ་ཁྲིམས་འཛིན་པའི་དགེ་སློང་དང། །རྣམ་དག་ཁྲིམས་འཛིན་དགེ་སློང་མ། །ཟླ་བ་ཕྱེད་ཅིང་གསོ་སྦྱོང་བྱོས། །ཆོས་གོས་རྣམ་པ་ལུས་གྱོན་ ཏེ༑ ༑ལྷུང་བཟེད་གསེག་གཤང་ཐོགས་ནས་སུ། །རྣམ་དག་བསོད་སྙོམས་འགྲོ་བྱས་ན། །ལྷ་རྣམས་ཀུན་ཀྱང་དགའ་འགྱུར་བས། །ཐལ་མོ་སྦྱར་ཅིང་གུས་ཕྱག་འཚལ། །ངས་ཀྱང་ལྷ་དང་མི་ རྣམས་ཀུན། །དེ་ཡི་བྱ་བ་བྱེད་དུ་གཞུག་དཔེར་ན་ལྷ་བྲན་ཐམས་ཅད་ཀྱིས། །ལྷ་ཡི་དབང་པོ་བརྒྱ་བྱིན་ལ། །རིམ་གྲོ་གུས་པར་བྱེད་པ་བཞིན། །ད་ལྟར་འཕྲལ་དུའང་ལན་ཐོབ་སྟེ། །ཕྱི་མའི་དུས་ སུའང་དཔག་ཏུ་མེད། །རབ་ཏུ་བྱུང་ཞིང་ཁྲིམས་འཛིན་པ། །སངས་རྒྱས་དྲིན་ལན་ལོན་ཞེས་བྱ། །རྒྱལ་བུ་དགེ་མཐོང་འདི་ལྟ་སྟེ་།ང་དང་སེམས་དཔའ་མ་གཏོགས་པར། །འཇིག་རྟེན་པ་ཡི་མི་ཀུན་ ཀྱང། །རྣམ་དག་དད་པའི་སེམས་བསྐྱེད་དོ། །ཕྱོགས་བཅུའི་སངས་རྒྱས་དེ་དག་ཀུན། །མྱ་ངན་མི་འདའ་རྟག་ཏུ་བཞུགས། །ཆོས་དང་དགེ་འདུན་དེ་བཞིན་ཏེ། །དེ་ལྟར་མངོན་པར་ཤེས་པ་ནི། ། སངས་རྒྱས་དྲིན་ལན་ལོན་ཞེས་བྱ། །རྒྱལ་བུ་དགེ་མཐོང་འདི་ལྟ་སྟེ། །འཇིག་རྟེན་པ་ཡི་མི་དག་ཀུན། །རྣམ་པར་འབྱེད་པའི་སེམས་མེད་ཅིང། །ཐེག་པ་གཅིག་ལམ་མངོན་པར་ཤེས། །འདས་ [490B] །ཕྱོགས་བཅུ་དང་ནི་ད་ལྟའི་རྣམས་།སངས་རྒྱས་ཐེག་ཆེན་གཅིག་པུ་ལ། །གཉིས་སམ་གསུམ་ཞེས་བྱ་མེད་པར། །དེ་ལྟར་ཡིད་ལ་བསྐྱེད་ནས་སུ། །སེམས་ཀྱིས་རྣམ་པར་མི་ རྟོག་ན། །དེ་ལྟ་བུ་ཡི་མི་རྣམས་ནི། །རྒྱལ་བའི་དྲིན་ལམ་ལོན་ཞེས་བྱ། །རྒྱལ་བུ་དགེ་མཐོང་འདི་ལྟ་སྟེ། །གང་ཟག་ལ་ལ་འགའ་ཞིག་གིས། །སངས་རྒྱས་མྱ་ངན་འདས་ཕྱིན། །རྟག་ཏུ་དད་པའི་སེམས་ བསྐྱེད་དེ། །སངས་རྒྱས་ཀུན་ལ་སངས་རྒྱས་ཀྱི། །བདག་ཉིད་ཡོད་པར་བཤད་པ་ནི། །དེ་ལྟ་བུ་ཡི་གང་ཟག་རྣམས། །རྒྱལ་བའི་དྲིན་ལན་ལོན་ཞེས་བྱ། །གང་ཞིག་སྐད་ཅིག་དགེ་སྤྱོད་ཅིང། །ལྷ་ཡི་འབྲས་ བུ་མི་རེ་སྟེ། །གཅིག་ཅེར་བླ་མེད་ལམ་བསྒྲུབས་ན། །རྒྱལ་བའི་དྲིན་ལན་ལོན་ཞེས་བྱ། །རྒྱལ་བུ་དགེ་མཐོང་འདི་ལྟ་སྟེ། །སངས་རྒྱས་མྱ་ངན་འདས་ཕྱིན། །གལ་ཏེ་གང་ཟག་འགའ་ཞིག་གིས། །ཡུད་ ཙམ་མདོ་སྡེ་འདི་བཀླགས་ཏེ། །དཀོན་མཆོག་གསུམ་ལ་གུས་བྱས་ཤིང་།མཁན་ལ་སྲིད་ཞུ་མཆོད་བྱས་ན། །དེ་ལྟ་བུ་ཡི་གང་ཟག་རྣམས་།རྒྱལ་བའི་དྲིན་ལན་ལོན་ཞེས་བྱ། །གང་ཞིག་ནོར་རྫས་སྣ་ འགའ་འམ། །ཁ་ཟས་དང་ནི་གོས་ཀྱི་རྣམས། །ཀུན་ལ་ཁྱབ་པར་སྦྱིན་བྱས་ན། །རྒྱལ་བའི་དྲིན་ལན་ལོན་ཞེས་བྱ། །རྒྱལ་བུ་དགེ་མཐོང་འདི་ལྟ་སྟེ། །ང་ཡི་ཆོས་རྣམས་འཇིག་པ་ན། །གང་ཞིག་འགའ་ལ་ བློ་བརྟན་ནས། །ཡུད་ཙམ་མདོ་སྡེ་འདི་མཉན་ན། །བྱང་ཆུབ་སེམས་དཔའ་འབུམ་བརྒྱ་ལ། །མཆོད་པ་ཕུལ་བས་དེ་ལྷག་གོ་ཐེག་ཆེན་མདོ་སྡེ་འདི་དག་ཀྱང། །སངས་རྒྱས་བྱང་ཆུབ་ཀུན་གྱི་ཡུམ། ། [491A]༄༅། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །མདོ་སྡེ་འདི་ལ་དྲན་བྱས་ཏེ། །སྙོམས་སེམས་ཕན་ཚུན་གཉིས་མེད་ན། །རྒྱལ་བའི་དྲིན་ལན་ལོན་ཞེས་བྱ། །རྒྱལ་བུ་དགེ་ མཐོང་འདི་ལྟ་སྟེ། །གང་ཞིག་ཆོས་འདི་འཇིག་པའི་ཚེ། །རྒྱལ་བའི་དྲིན་ལན་བླན་འདོད་པས། །སྐད་ཅིག་ཡུད་ཙམ་སྒོམ་བྱེད་པ་།སྟོང་ཁམས་གང་བའི་སེམས་ཅན་གྱི། །སྲོག་གི་སྦྱིན་པ་ བྱིན་པ་བས། །བསམ་གཏན་སྒོམ་པ་ཡོན་ཏན་ཆེ། །གང་ཞིག་སྒོམ་ལ་སྐུར་བ་དང། །དགེ་འདུན་འཁྲུག་པར་བྱེད་པ་ནི། །སྟོང་ཁམས་གསུམ་པོ་གང་བ་ཡི། །མི་རྣམས་ཀྱི་ནི་སྲོག་བཅད་དང། ། སྲོག་ཆགས་ཐམས་ཅད་བསད་དང་འདྲ། །དེ་སྡིག་ཡང་ནི་དེ་བཞིན་ནོ། །གང་ཞིག་དགེ་སྦྱོང་མཐོང་བ་ལ། །སྐུར་པ་འདེབས་ཤིང་མ་དད་པ། །དཀོན་མཆོག་གསུམ་གྱི་རིགས་གཅོད་པས། །དེ་ནི་ རྒྱལ་བའི་ལན་མི་ལྡོན། །དེ་ནས་རྒྱལ་བུ་དགེ་མཐོང་དང་མི་སུམ་སྟོང་པོ་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པར་གནང་བ་དགའ་བས་ཚིམ་ནས་བསྟན་པ་ཉིད་སྤྱི་བོ་ནས་བླངས་ཏེ་ཚིགས་སུ་ བཅད་པ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་།གང་མང་ལགས་ཤིང་གང་མི་མང། །མང་དང་མི་མང་གཉི་ག་ཡང། །དངོས་པོ་དམིགས་སུ་ཡོད་མ་མཆིས། །ཡང་ དག་མཚན་ཉིད་དེ་ལྟ་བུ། །ཆོས་རྣམས་ཀུན་དང་མི་འགལ་ལོ། །སེམས་ཅན་ཀུན་ལ་བྱམས་སླད་དུ། །ཐབས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་།འཕགས་པ་གང་ནས་བྱོན་པ་ནས། །དེ་བཞིན་ [491B] །ཡང་དག་མཚན་ཉིད་དེ་ལྟ་བུ་།དེ་བཞིན་གཤེགས་པའང་དེ་བཞིན་ནོ། །འཕགས་པ་ཀུན་གྱི་བདེན་ཚིག་ལྟར། །དེ་བཞིན་གཤེགས་པའང་དེ་བཞིན་བཤད། །དེ་ ཡི་སླད་དུ་རྒྱལ་བའི་མཚན། །དེ་བཞིན་གཤེགས་ཞེས་བགྱི་བ་ལགས་།བཟོད་པའི་གོ་ཆ་བརྟན་པའི་སེམས། །སྲ་བའི་གཞུ་སྟོབས་བརྩོན་འགྲུས་ཆེ། །རྣོ་བའི་མདའ་ནི་ཤེས་རབ་མགྱོགས། ། ལེ་ལོའི་དགྲ་རྣམས་འཇོམས་མཛད་ཅིང། །འཇིག་རྟེན་ལྷ་དང་མི་རྣམས་ཀྱི། །མཆོད་ཡོན་ཕུལ་བ་བཞེས་པས་ན། །དེ་ཡི་སླད་དུ་རྒྱལ་བའི་མཚན། །དགྲ་བཅོམ་ཞེས་ནི་བགྱི་བ་ལགས། །རབ་ཏུ་སྡུག་ བསྔལ་མཚན་ཉིད་མཁྱེན། །སྡུག་བསྔལ་རྒྱུ་ཡང་ཤིན་ཏུ་མཁྱེན་།སྡུག་བསྔལ་ཞི་བའི་མཚན་ཉིད་ལ། །ཞི་བའི་ཚུལ་ཡང་རབ་ཏུ་མཁྱེན། །འཕགས་པའི་བདེན་བཞི་མཁྱེན་པས་ན། །འགྱུར་བ་མ་ མཆིས་བདེན་པར་ངེས། །དེ་བས་ཕྱོགས་བཅུའི་ནང་ན་ཡང། །མཚན་ནི་ཡང་དག་རྫོགས་ཞེས་བགྱི། །རིག་པ་གསུམ་པོ་མཆོག་བརྙེས་པས་།སྤྱོད་ལམ་རྣམ་དག་དང་ཡང་ལྡན། །དེ་སླད་མཚན་ནི་ བཅོམ་ལྡན་འདས། །མཁྱེན་དང་ཞབས་སུ་ལྡན་ཞེས་བགྱི། །ཆོས་རྣམས་ཐམས་ཅད་ཀུན་མཁྱེན་ཅིང། །དམ་པའི་ཆོས་ཉིད་རབ་བརྙེས་པས་།ཐམས་ཅད་ཀུན་ལ་བྱམས་སླད་དུ། །དུས་སྐབས་ སྦྱར་ཞིང་ཐབས་ཀྱིས་བཤད། །སྐྱེ་རྒན་འཆི་རབ་བསལ་ཅིང། །བདེ་བའི་གནས་སུ་ཕྱིན་པར་མཛད། །དེ་ཡི་སླད་དུ་རྒྱལ་བའི་མཚན་།བདེ་བར་གཤེགས་ཞེས་བགྱི་བ་ལགས། །འཇིག་རྟེན་གང་ [492A]༄༅། །ནས་མཆིས་པ་དང། །འཇིག་རྟེན་བས་པའི་མཐའ་ཡང་མཁྱེན། །དེ་ཡི་སླད་དུ་རྒྱལ་བའི་མཚན། །འཇིག་རྟེན་མཁྱེན་ཞེས་བགྱི་བ་ལགས། །ཐུགས་རྗེ་ཆེན་པོས་སེམས་ཅན་ བསྒྲལ༑ ༑གཉེན་དེས་དགེ་བ་བསྟན་ཅིང་བཏུལ། །དེ་ཡི་སླད་དུ་རྒྱལ་བའི་མཚན། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་སྤྱད། །ཐུབ་ཅིང་བླ་རུ་འདའ་བ་མེད། །དེ་ ཡི་སླད་དུ་རྒྱལ་བའི་མཚན། །བླ་ན་མེད་ཅེས་བགྱི་བ་ལགས། །ཉོན་མོངས་མི་མངའ་ཤེས་རབ་ལྡན། །རྣམ་གྲོལ་དམ་པ་མཆོག་བཤད་པས་།དེ་ཡི་སླད་དུ་རྒྱལ་བའི་མཚན། །ལྷ་དང་མི་ཡི་ སྟོན་ཞེས་བགྱི། །དུས་གསུམ་གཡོ་འམ་མི་གཡོ་བ། །བས་སམ་མ་བས་ཆོས་ཀུན་ཡང། །བྱང་ཆུབ་ཤིང་དྲུང་ཀུན་མཁྱེན་པས། །དེ་ཡི་སླད་དུ་མཚན་སངས་རྒྱས། །དེ་ནས་ཕྱོགས་བཅུའི་སངས་ རྒྱས་རྣམས་རྫུ་འཕྲུལ་ཆེན་པོ་ཏིང་ངེ་འཛིན་དུ་ཞུགས་ནས་སྐུ་ནམ་མཁའ་ལ་འཕགས་ཏེ་ཞལ་སོ་སོ་ནས་ཚིག་མཐུན་པར་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་རྒྱལ་བུ་དགེ་མཐོང་དང་མི་སུམ་ སྟོང་པོ་ཁྱེད་རྣམས་ཀྱི་སྡིག་གི་རང་བཞིན་ནི། ནང་ནའང་མི་གནས། ཕྱི་རོལ་ནའང་མི་གནས། བར་ནའང་མི་གནས་སོ། །སེམས་བརྟན་པའི་ཕྱིར་དགེ་བའི་མྠུའང་ང་བརྟན་ཏོ། །རྣམ་པར་གྲོལ་བའི་ ཕྱིར་སྡིག་གི་རང་བཞིན་ཡང་རྣམ་པར་གྲོལ་ལོ། །ཤེས་རབ་སྟོང་པ་ཉིད་ཀྱི་ཕྱིར་སྡིག་གི་རང་བཞིན་ཡང་སྟོང་པ་ཉིད་དོ། །དད་པའི་མཐུ་ཆེ་བའི་ཕྱིར་བསོད་ནམས་ཀྱི་མྠུའང་ཆེའོ། །དེ་བཞིན་དུ་ [492B] ངེད་རྣམས་མཐོང་བའི་སྟེང་དུ་སངས་རྒྱས་རིན་ཆེན་མང་དང། སྤྲུལ་པའི་སྐུ་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ། །འགྱོད་ཚངས་ཀྱིས་སྡིག་སྦྱངས་ པས་རྒྱུན་དུ་ངའང་མཐོང་ལ། དེང་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་བཅོས་པ་དང་འདྲ་བར་དེ་བཞིན་དུ་འགྱོད་ཚངས་བྱས་པ་ནི། ང་དང་སྤྲུལ་པའི་སྐུ་རྣམས་དང། འདས་པའི་སངས་རྒྱས་རིན་ ཆེན་མང་ལ་སོགས་པ་ཐམས་ཅད་ཀྱང་དགྱེས་པར་འགྱུར་རོ། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཐོང་བ་དང། མཆོད་པ་བྱས་པར་འགྱུར་རོ། །དེ་དག་ཀྱང་དགྱེས་པར་འགྱུར་ཏེ། ཐེག་པ་ཆེན་ པོ་མདོ་སྡེ་འདིའི་རྗེས་སུ་བྱང་ཆུབ་ཏུ་ཆུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འཁོར་ཞམ་རིང་བ་རྣམས་ལ་བཀའ་སྩལ་པ། སྡིག་ཅན་རྣམས་ཀྱིས་སྡིག་བཤགས་པར་འདོད་ན། རྒྱལ་བུ་དགེ་ མཐོང་བཞིན་དུ་དུས་གསུམ་གྱི་སངས་རྒྱས་དང། མདོ་སྡེ་བཅུ་གཉིས་དང། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་རྣམས་ལ་རེ་རེ་ནས་དམིགས་ཏེ་ཕྱག་འཚལ་བ་ང་དང་ཕྲད་པ་དང་འདྲ་ བའམ། མཐོང་བ་དང་འདྲ་བར་འདུ་ཤེས་བསྐྱེད་དེ། སངས་རྒྱས་གཅིག་གམ། སངས་རྒྱས་གཉིས་སམ། སངས་རྒྱས་བྕུའམ། སངས་རྒྱས་བྲྒྱཱམ། སངས་རྒྱས་སྟོང་ངམ། སངས་རྒྱས་ ཁྲིའམ། སངས་རྒྱས་གྲངས་མེད་པའི་འདུ་ཤེས་སུ་བསྐྱེད་དེ་མཐོང་བ་དང་འདྲ་བར་དམིགས་ལ། དེ་བཞིན་དུ་རེ་རེ་ནས་དམིགས་ཏེ་སེམས་ཀྱིས་ཕྱག་འཚལ་ན་དེ་དག་གིས་བསོད་ནམས་དཔག་ [493A]༄༅། །ཏུ་མེད་པའང་ཐོབ་པར་འགྱུར་ལ། འཁོར་བའི་སྡིག་ལྕི་བ་ཐམས་ཅད་ཀྱང་སེལ་བར་བྱེད་དོ། །བསྐལ་པ་གྲངས་མེད་པའི་བར་དུ་ངན་སྟོང་གསུམ་དུ་ལྟུང་བར་མི་འགྱུར་ སངས་རྒྱས་ཀྱི་ཆོས་ལ་བདེ་བར་གནས་པར་འགྱུར་བའང་ངེས་ཏེ་ཐེ་ཚོམ་མེད་དོ། །དེའི་ཕྱིར་སྡིག་པ་རྣམས་མཐོལ་ཞིང་བཤགས་པར་བྱས་ལ་སེམས་ཐག་པ་ནས་དད་པ་བསྐྱེད་ན། གདོན་ མི་ཟ་བར་སྡིག་འབྱང་བར་འགྱུར་རོ། །དེ་ནས་རྒྱལ་བུ་དགེ་མཐོང་དང་མི་སུམ་སྟོང་གིས་གཅིག་ཅར་དུ་སྐད་བསྐྱེད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་བསྟོད་པ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་བྱམས་ཤིང་ཐུགས་རྗེ་ཆེན། །ཤཱཀྱའི་གདུང་རིགས་ཆོས་ཀྱི་རྗེ། །ཚོགས་ཀྱི་ནང་ན་སེངྒེའི་སྒྲས། །ཁྱབ་པར་སེམས་ཅན་བསྡུས་པ་ནི། །ཕ་ལ་གཟིགས་པ་བཅུ་གཅིག་ བཞིན༑ ༑རྣམ་པར་འབྱེད་པ་ཡོང་མ་མཆིས། །དེ་ལྟ་བུ་ཡི་བླ་མེད་པ། །མཐོང་ནས་དེ་སླད་གུས་ཕྱག་འཚལ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་བུ་དགེ་མཐོང་དང་མི་སུམ་སྟོང་རྣམས་ལ་ འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་རྣམས་འདི་ལྟར་འགྱོད་ཚངས་བྱས་ཏེ། མི་འཆབ་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པས་ད་ནི། བྱང་ཆུབ་སེམས་དཔའ་ ཞེས་བྱའོ། །ཁྱེད་རྣམས་མ་འོངས་པའི་དུས་ན་གདོན་མི་ཟ་བར་སངས་རྒྱས་སུ་འགྲུབ་བོ། །རིགས་ཀྱི་བུ། ཡང་འདི་ལྟ་སྟེ། ང་མྱ་ངན་ལས་འདས་པའི་འོག་ཏུ་གང་ཞིག་སེམས་ཐག་པ་ [493B] མདོ་སྡེ་བཅུ་གཉིས་དང། བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་ཕྱག་འཚལ་བར་ནུས་པ་ནི། དཀོན་མཆོག་གསུམ་གྱི་ དྲིན་གྱི་ལན་ལོན་ཞེས་བྱ་བ་སྟེ། དེ་མ་ཐག་ཏུ་མི་དགེ་བ་བཅུ་དང། མཚམས་མེད་པ་ལྔ་དང། མཉམ་པ་ཉིད་ལ་སྐུར་བའི་སྡིག་བྱང་བར་གྱུར་ནས་རྒྱུན་དུ་ཞུགས་པར་འོས་པ་ནི། རྒྱུན་དུ་ཞུགས་ པའི་འབྲས་བུ་སྦྱིན་ནོ། །ལན་གཅིག་ཕྱིར་འོང་བར་འོས་པ་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་སྦིན་ནོ། །ཕྱིར་མི་འོང་བར་འོས་པ་ནི། ཕྱིར་མི་འོང་བའི་འབྲས་བུ་སྦྱིན་ནོ། །དགྲ་བཅོམ་པར་ འོས་པ་ནི། དགྲ་བཅོམ་པའི་འབྲས་བུ་སྦྱིན་ནོ། །རང་སངས་རྒྱས་སུ་འོས་པ་ནི། རང་སངས་རྒྱས་ཀྱི་འབྲས་བུ་སྦྱིན་ནོ། །བྱང་ཆུབ་སེམས་དཔར་འོས་པ་ནི། བྱང་ཆུབ་སེམས་དཔའི་འབྲས་བུ་སྦྱིན་ ནོ༑ ༑ད་ལྟར་མདོ་སྡེ་འདིའི་ནང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྐྱེ་བ་གཅིག་གིས་ཡང་དག་པའི་མཚན་ཉིད་ཐོབ་པའང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ལ་ཕྱག་འཚལ་ བའི་ཡོན་ནོ། །བྱང་ཆུབ་སེམས་དཔའ་སྐྱེ་བ་གཉིས་ཀྱིས་ཆོས་ཀྱི་དབྱིངས་ཐོབ་པའང་དུས་གསུམ་གྱི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་སེམས་དཔའ་ཡང་དག་པའི་ མཐར་ཕྱིན་པའི་ཡེ་ཤེས་ཐོབ་པའང་དུས་གསུམ་གྱི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་སེམས་དཔའ་ལ་ལས་དོན་དམ་པའི་བདེན་པ་ཁོང་དུ་ཆུད་པའང་དུས་གསུམ་ [494A]༄༅། །གྱི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ་།བྱང་ཆུབ་སེམས་དཔའ་ལ་ལས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་ལྡན་པ་ཡང་དུས་གསུམ་གྱི་སངས་ རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་སེམས་དཔའ་ལ་ལས་ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་དང། ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་དང་ལྡན་པའང་དུས་གསུམ་གྱི་ སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་སེམས་དཔའ་ལ་ལས་ཕྱིར་མི་ལྡོག་པའི་བཟོད་པ་དང། ཆོས་སྦྱིན་གྱི་བཟོད་པ་དང། ཆོས་བཞིན་གྱི་དབྱིངས་དང་ལྡན་པའང་ དུས་གསུམ་གྱི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་སེམས་དཔའ་ལ་ལས་གཟུངས་དྲན་པ་ཆེན་པོའི་སེམས་དང། རང་གིས་རིག་པའི་ཡེ་ཤེས་དང་ལྡན་པའང་ དུས་གསུམ་གྱི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་སེམས་དཔའ་ལ་ལས་སེངྒེའི་སྒྲའི་ཏིང་ངེ་འཛིན་དང། རྡོ་རྗེའི་ཏིང་ངེ་འཛིན་དང། ཡེ་ཤེས་ལྔའི་ཕྱག་རྒྱའི་ཏིང་ ངེ་འཛིན་དང་ལྡན་པའང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་སེམས་དཔའ་ལ་ལས་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་དང། བྱམས་པ་ ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱོད་ལམ་དང་ལྡན་པ་ཡང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ [494B] །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྗེ་འཇམ་དཔལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་ཐམས་ ཅད་ནོར་ཅིང་འཁྲུལ་བའི་སེམས་འཁྲུགས་ཏེ་མི་དགེ་བ་དང་མཚམས་མ་མཆིས་པ་བགྱིས་པ་རྣམས་ཇི་ལྟར་བགྱིས་ན་སྡིག་རྣམས་འབྱང་བར་འགྱུར། བཅོམ་ལྡན་འདས་ཀྱིས་འཇམ་ དཔལ་ལ་བཀའ་སྩལ་པ། གོང་དུ་བསྟན་པ་ཡིན་ཏེ། གང་ལ་ལས་ཕྱོགས་སུ་རྒྱས་པའི་ཆོས་ཀྱི་རྣམ་གྲངས་འདི་དང། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང། མདོ་སྡེ་བཅུ་གཉིས་ དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ཐོས་ནས་དགའ་བ་དང་རབ་ཏུ་དགའ་བ་བསྐྱེད་ལ་དད་པ་དང་གུས་པ་དཔག་ཏུ་མེད་པས་བླངས་སམ། འཆང་ངམ། ཀློག་གམ། འདོན་ ཏམ༑ ཡི་གེར་བྲིས་སམ། ཀུན་ཆུབ་པར་བྱས་ཏེ་དབེན་པའི་གནས་ཁང་པ་གཅིག་གི་ནང་དུ་དཀྱིལ་འཁོར་བྱས་ལ་དྲི་ཆུས་ཆག་ཆག་བཏབ་སྟེ་འཕན་གདུགས་བཟང་པོས་བརྒྱན་ཅིང་པོག་ སྤོས་ཞིམ་པོ་བསྲེགས་ནས་རྒྱལ་བ་རྣམས་སྤྱན་དྲང་ཞིང་གཤེགས་སུ་གསལ་བ་མང་ཡང་རུང། ཉུང་ཡང་རུང་སྤྱན་དྲངས་ནས་བདག་ཁྲུས་དག་པར་བྱས་ལ། གོས་གཙང་མ་གྱོན་ཅིང་ལན་ གཅིག་ཕྱི་རོལ་ཆེ་ཆུང་དུ་འགྲོ་ན་ཁྲུས་ལན་གཅིག་བྱས་ཏེ་སེངྒེའི་ཁྲི་བཙུགས་ཏེ་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་བསྒོམས་ལ། ཆོས་ཀྱི་མཚན་ཉིད་ལ་བདག་དང། གང་ཟག་དང་ [495A]༄༅། །སེམས་ཅན་ལ་སོགས་པའི་ལྟ་བ་མེད་པར་མངོན་པར་རྟོགས་པར་བྱ་སྟེ། དང་པོ་བས་བྱེ་བྲག་ཕྱེད་ཅིང་གསོལ་བ་བརྗོད་པར་བྱའོ། །དེ་ནས་དྲི་སྤོས་ཞིམ་པོ་ བསྲེགས་ལ་འཁྲུལ་སེམས་བསལ་ཅིང་དྲན་པ་ཡང་དག་པ་དང་བསམ་པ་ཡང་དག་པས་དེ་བཞིན་གཤེགས་པ་ལ་སེམས་རྩེ་གཅིག་ཏུ་མས་མ་མོ་།དེ་ལྟར་སྤྱོད་པ་རྣམས་མཐུན་ཞིང་ འདུམ་པ་ནི། མཆོག་སྟེ། དེ་ལ་མི་མཐུན་ཞིང་རྩོད་པ་ནི། མཐོལ་ཚངས་སུ་མི་འགྱུར་རོ། །ཁྲོ་བ་དེས་ཀུན་འཇིག་པར་བྱེད་དེ་སྤྱོད་ལམ་དང་ཡང་འགལ་བར་འགྱུར་རོ། །ཐེག་པ་ཆེན་པོ་དྲན་ ཞིང་དོན་དམ་པ་བསམ་ལ་ཉིན་མཚན་བདུན་གྱི་བར་དུ་ཉལ་ཞིང་གཉིད་ལོག་ཏུ་མི་རུང་ངོ། །ཉིན་གཅིག་ཀྱང་དུས་གསུམ་དུ་མདོ་སྡེ་འདི་ཁ་ཏོན་ནམ། ཀློག་པ་ཉིན་མཚན་དུས་དྲུག་ཏུ་བྱས་ ལ་དྲི་བསུང་གིས་མཆོད་ཅིང་ཕྱག་བཙལ་ནས་མཐོལ་ཚངས་སུ་བྱས་ཏེ་མདོ་སྡེ་འདི་ཉན་ན་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། མདོ་སྡེ་བཅུ་གཉིས་ཀྱི་མཚན་བརྗོད་ཅིང་ སེམས་ཐག་པ་ནས་མི་འཁྲུགས་པ་དང། སེམས་ཐག་པ་ནས་མི་ནོར་བ་དང། སེམས་ཐག་པ་ནས་མི་གཡེང་བ་དང། སེམས་ཐག་པ་ནས་དུས་ཀྱིས་འགྲུས་པ་དང། སེམས་ཐག་ པ་ནས་ཉིན་གཅིག་པས་ཉིན་གཅིག་འགྲུས་པ་དང། སེམས་ཐག་པ་ནས་དད་པ་བསྐྱེད་པ་དང། སེམས་ཐག་པ་ནས་དགའ་བ་བསྐྱེད་པ་དང་སེམས་ཐག་པ་ནས་རིམ་པ་བསྐྱེད་པ་དང་ [495B] སེམས་ཐག་པ་ནས་གཟབ་པ་དང། སེམས་ཐག་པ་ནས་མི་འབྲལ་བ་དང། སེམས་ཐག་པ་ནས་སྡིག་མི་བསམ་པ་དང། སེམས་ཐག་པ་ནས་སངས་ རྒྱས་དྲན་པ་དང། སེམས་ཐག་པ་ནས་ཆོས་དྲན་པ་དང། སེམས་ཐག་པ་ནས་དགེ་འདུན་དྲན་པ་དང། སེམས་ཐག་པ་ནས་ཚུལ་ཁྲིམས་དྲན་པ་དང། སེམས་ཐག་པ་ནས་གཏོང་བ་དྲན་པ་ དང། སེམས་ཐག་པ་ནས་དོན་དམ་པའི་ལྷ་དྲན་པ་སྟེ། དེ་དག་དེ་བཞིན་དུ་ཀློག་པ་དང། དེ་བཞིན་དུ་ཕྱག་བྱ་བ་དང། དེ་བཞིན་དུ་སེམས་ཐག་པ་ནས་སོ་སོར་འཆགས་ཤིང་མཐོལ་བ་ཐོག་མའི་ ཉིན་པར་ནས་ཞག་དྲུག་ཏུ་ལོན་པའི་ནང་བར་དྲི་ཆུས་ཡང་ཆག་ཆག་བཏབ་སྟེ་ལུས་ལའང་སྤོས་ཆུས་བཀྲུ་བར་བྱའོ། །པོག་སྤོས་བཟང་པོ་བསྲེག་ཅིང་སེམས་ཐག་པས་མཆོད་པར་བྱས་པ་དེ་ དག་དེ་ལྟ་བུར་སེམས་ཐག་པ་ནས་སོ་སོར་མཐོལ་ཞིང་བཤགས་པས་ཕྱོགས་བཅུར་བསྐུལ་བར་གྱུར་ཏེ། ང་དེའི་ཚེ་དེའི་དུས་ན་སངས་རྒྱས་དཔག་ཏུ་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་ བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་འགྲོགས་ཏེ་སྒྲ་དབྱངས་ཀྱི་རྗེས་སུ་ཁང་བུ་དེའི་ནང་དུ་ཕྱིན་ཅིང་མངོན་དུ་གྲུབ་པའི་དབང་བྱའོ། །དེ་བཞིན་དུ་ཉིན་མཚན་བདུན་ གྱི་བར་དུ་བྱས་ན་གདོན་མི་ཟ་བར་སྡིག་འབྱང་བར་འགྱུར་རོ། །ཇི་ལྟར་སྡིག་འབྱང་བར་ཤེས་ཤེ་ན། སོ་སོའི་སྐྱེ་བོ་རྣམས་ཀྱི་དོན་དམ་པར་ད་དུང་མ་གྲུབ་པས་རྨི་ལྟས་ཀྱི་མཚན་མ་ལ་རྟགས་སུ་ [496A]༄༅། །བྱས་ཏེ༑ རྨི་ལམ་རྣམ་གཅིག་རྨིས་ན་མཚམས་མེད་པ་རྣམ་གཅིག་འབྱང་ངོ། །རྨི་ལམ་རྣམ་ལྔ་རྨིས་ན་མཚམས་མེད་པ་རྣམ་ལྔ་འབྱང་སྟེ། དེས་ནུབ་མོའི་རྨི་ལམ་ ན་ཆུ་ཀླུང་ཆེན་པོ་བརྒལ་བར་འདོད་དེ་ཟམ་པ་ཆེན་པོའི་སྟེང་དུ་འགྲོ་བར་རྨིས་ན། དེ་ནི། ངེས་པར་རྣམ་པར་གྲོལ་བ་ཐོབ་པ་ཡིན་ནོ། །གལ་ཏེ་དེའི་རྨི་ལམ་ན་གཞན་གྱིས་བདག་ལ་ཁྲུས་བྱས་ པ་དང། ལུས་ལ་ཆར་བབ་པར་རྨིས་ན། དེ་ནི། ངེས་པར་རྣམ་པར་དག་པ་ཐོབ་པ་ཡིན་ནོ། །གལ་ཏེ་དེའི་རྨི་ལམ་ན་བདག་དགེ་འདུན་མང་པོའི་ནང་དུ་ཞུགས་ཏེ། གྲལ་དུ་འདུག་པར་ རྨིས་ན༑ དེ་ནི། ངེས་པར་སངས་རྒྱས་ཀྱི་སློབ་མ་ཡང་དག་པར་གྱུར་ཏོ། །གལ་ཏེ་དེའི་རྨི་ལམ་ན་བདག་མཆོད་རྟེན་ནམ། གཙུག་ལག་ཁང་དུ་ཞུགས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་ དཔའི་གཟུགས་བརྙན་མཐོང་བར་རྨིས་ན། དེ་ནི། ཆོས་ཀྱི་སྒོ་མོ་དམ་པར་ཞུགས་པར་གྱུར་ཏོ། །གལ་ཏེ་རང་གིས་ཤིང་ཐོག་རྙེད་ཅིང་ཟ་བར་རྨིས་ན། དེའི་ཚེ་འདི་ཉིད་ལ་ཡོན་ཏན་གྱི་འབྲས་ བུ་འགྲུབ་པར་མངོན་ནོ། །ཡང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། གལ་ཏེ་དགེ་སློང་ངམ། དགེ་སློང་མའམ། དགེ་སྦྱོང་ངམ། དགེ་སྦྱོང་མའམ། བྱང་ཆུབ་སེམས་ དཔའ་དད་པ་ཅན་གང་ལ་ལས་དྲན་པ་ཉམས་ཏེ་ནོར་ཅིང་འཁྲུལ་པས་སྡོམ་པའི་ཚུལ་ཁྲིམས་རེ་རེ་ནས་ཞིག་པའམ། ཉམས་པ་དེ་བཞིན་དུ་སོ་སོར་འཆགས་ཤིང་མཐོལ་ན་སྡིག་ [496B] སེམས་ཐག་པ་ནས་མ་བྱས་པ་ནི། མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གྱིས་འདི་སྐད་ཅེས་ཞུས་སོ། །བཅོམ་ལྡན་འདས། ཆོ་ག་འདི་ལྟར་ བགྱི་བའི་ཚེ་མི་མང་ན་རུང་ངམ་མི་རུང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་གཅིག་ཡན་ཆད་ཉི་ཤུ་མན་ཆད་རུང་ངོ། །ཆོ་ག་འདི་སྤྱོད་པའི་ཚེ་མདོ་སྡེ་གཞན་མི་བསམ་མོ། །དེ་ལྟར་ མཐོལ་ཚངས་བགྱིས་པའི་འོག་ཏུ་ཕྱིན་ཆད་ཉེས་པ་མི་བྱེད་ན། དེ་ནི། མཐོལ་ཚངས་ཞེས་བྱའོ། །དེ་ལྟར་དྲན་པར་གྱིས་ཤིག་བདག་ཅག་རྣམས་ད་ལྟར་འཆི་བ་ལས་སླར་འཚོ་བ་དང་འདྲ་བས་ དེ་ནི༑ བདག་ཚུལ་ཁྲིམས་སྲུང་ངོ། །ད་ནི། བདག་བརྩོན་འགྲུས་སུ་སྤྱོད་དོ། །ད་ནི། བདག་ཐེག་པ་ཆེན་པོའི་མདོ་སྡེ་ཀློག་པ་དང་ཁ་ཏོན་བགྱིའོ། །ཞེས་དེའི་ཚེ་དེའི་དུས་ན་དྲན་པ་དེ་ལྟར་གྱིས་ ཤིག་བདག་དེང་ནས་སྡོམ་པ་བཟུང་བ་ནི། རྡོ་རྗེ་དང་འདྲ་བར་སྲན་ཐུབ་པར་སྨོན་ཏོ། །དེས་དེ་ལྟར་དྲན་པའི་ཚེ་སྐྱེས་བུ་དམ་པ་དྲི་མ་མེད་པར་གྲགས་པ་དང། བྱང་ཆུབ་སེམས་དཔའ་ དཔག་ཏུ་མེད་པ་དང་ལྷན་ཅིག་ཏུ་དེའི་མདུན་དུ་འགྲེང་སྟེ་དབང་དུ་བྱེད་དོ། །འཕགས་པ་ཀུན་ཏུ་བཟང་པོའང་འགྱོད་ཚངས་ཀྱི་མཁན་པོ་བྱེད་དོ། །འཕགས་པ་འོད་སྲུང་ཡང་ཞུ་གནས་ཀྱི་རྟེན་བྱེད་ དོ༑ ༑འཇམ་དཔལ། འདི་ནི། སྡིག་པ་སྦྱངས་པ་ཞེས་བྱའོ། །འདི་ནི་རྣམ་པར་གྲོལ་བ་ཞེས་བྱའོ། །འདི་ནི། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །འདི་ནི། གནས་ཐོབ་པ་ཞེས་བྱའོ། །བཅོམ་ [497A]༄༅། །ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་ལ་ལ་ཞིག་གིས་རྩ་བ་བཞི་དང། སྡོམ་ པ་བརྒྱད་དང། སྡོམ་པ་ཕྱེད་ཅན་དང། ཁྲིམས་བཅུ་དང། གསུམ་ལ་སྐྱབས་སུ་སོང་བ་དང། ཁྲིམས་ལྔ་དང། དགེ་བ་བཅུ་དང། ཚུལ་ཁྲིམས་དང། འདུལ་བ་རེ་རེ་ནས་ཞིག་ པའམ༑ ཉམས་པའམ། མཚམས་མེད་པ་ལྔ་བྱས་པའམ། མཉམ་པ་ཉིད་ལ་སྐུར་བའི་སྡིག་བྱས་པ་ཞིག་ཡོད་པ་དེ་ལོག་སྤྱོད་མ་གཏོགས་པར་སོ་སོར་མ་བཤགས་མ་མཐོལ་ན་ མི་དེ་ཚེ་འཕོས་མ་ཐག་ཏུ་གདོན་མི་ཟ་བར་མནར་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་མནར་ མེད་པའི་དམྱལ་བ་ཞེས་བགྱི། དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་དེ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ལྟུང་བ་དང། དམྱལ་བའི་དབྱིབས་ཆེ་ཆུང་དང། རྣམ་པར་ སྨིན་པའི་སྡུག་བསྔལ་བསྐལ་པའི་གྲངས་ཇི་ཙམ་གྱི་བར་དུ་གནས་པར་འགྱུར་བ་བཤད་དུ་གསོལ་ཞེས་བགྱིས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ ཤིན་ཏུའང་མཁས་སོ། །ཤིན་ཏུའང་མཁས་སོ། །དེས་ན་འདི་ལྟ་བུ་འདྲི་བའང་ཤིན་ཏུ་མཁས་ཏེ། ལེགས་པར་ཉོན་ལ་ཕལ་མང་པོ་རྣམས་ཀྱང་ལེགས་པར་སོམས་ཤིག་ངས་བྱེ་བྲག་ [497B] །ཇི་ལྟར་ན་མནར་མེད་པའི་སེམས་ཅན་དམྱལ་བ་ཞེས་བྱ་ཞེ་ན། སྐད་ཅིག་ཀྱང་མནར་ཞིང་བསྟིར་མེད་པའི་ཕྱིར་མནར་མེད་པའི་དམྱལ་བ་ཞེས་བྱའོ། །གཅིག་ཏུ་ན་དགག་ པའམ༑ འོར་བར་བྱ་བའང་མེད། འགྱུར་བའང་མེད་དེ། ཚ་བ་ནི་རབ་ཏུ་ཚ། སྡུག་བསྔལ་བ་ནི། ཤིན་ཏུའང་མི་བཟད་པ་སྐད་ཅིག་ཀྱང་མི་ངལ། སྐད་ཅིག་ཀྱང་མི་སྡོད་ཅིང་བར་སྐབས་ མེད་པའི་ཕྱིར་མནར་མེད་པའི་དམྱལ་བ་ཞེས་བྱའོ། །ཡང་རྣམ་པ་གཅིག་ཏུ་ན་མེ་ཆེན་པོ་འབར་བ། རབ་ཏུ་ཚ་བ། ཀུན་ཏུ་འབར། རབ་ཏུ་འབར་ཞིང་མཆེད་པ་ཁོང་དུ་ཞུགས་པའི་ཕྱིར་མནར་མེད་ པའི་དམྱལ་བ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཡང་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ། དམྱལ་བ་ཆེན་པོ་མནར་མེད་པའི་དབྱིབས་ནི། གྲུ་བཞི་ལྷམ་པ་དཔག་ཚད་བརྒྱད་ཁྲི་ ཡོད་དེ༑ ལྕགས་ཀྱི་ར་བ་རིམ་པ་བདུན་གྱིས་བསྐོར་ཅིང་སྟེང་དུའང་ལྕགས་ཀྱི་དྲ་བ་རིམ་པ་བདུན་གྱིས་གཡོགས་ཏེ། འོག་ཏུ་བར་ཆད་བཅོ་བརྒྱད་ཡོད་དོ། །དེའི་ཁོ་ར་ཁོར་ཡུག་ཏུ་རལ་གྲི་ ཚལ་རིམ་པ་བདུན་གྱིས་བསྐོར་ཏོ། །ལྕགས་ཀྱི་ར་བ་རིམ་པ་བདུན་གྱི་ནང་ལོགས་སུ་ནགས་ཚལ་རལ་གྲིའི་ལོ་མ་ཅན་ཡོད་དོ། །ལྕགས་ཀྱི་ཁང་པ་བར་ཆད་བཅོ་བརྒྱད་པོ་བརྩེགས་མར་ འདུག་སྟེ། རིམ་པ་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །དེའི་གྲ་བཞིར་ཟངས་ཀྱི་ཁྱི་ཆེན་པོ་བཞི་འདུག་པ་ལུས་ཀྱི་བོང་ཚད་ནི། འཕང་དུ་དཔག་ཚད་བཞི་བཅུ་ལ། མིག་ནི། གློག་གི་འོད་བཞིན་ [498A]༄༅། །མཆེ་བ་ནི། རལ་གྲིའི་སྡོང་པོ་དང་འདྲ། སོ་ནི། སྤུ་གྲིས་གཏམས་པའི་རི་དང་མཚུངས། ལྕེ་ནི། ལྕགས་ཀྱི་མཆིལ་བ་བཞིན། སྡེར་མོ་ནི། ལྕགས་ཀྱི་གསལ་ཤིང་དང་ མཚུངས། མཇུག་མ་ནི། ལྕགས་ཀྱི་སྦྲུལ་དང་འདྲ། སྤུའི་བུ་གུ་རེ་རེ་ནས་འབར་བའི་མེ་ཤིན་ཏུ་མཆེད་ཅིང་ཀུན་ཏུ་འབར་རབ་ཏུ་འབར་བ་འབྱུང་སྟེ། དེའི་དུད་པ་མནམ་པ་ནི། འཇིག་ རྟེན་གྱི་རྫས་མནམ་པ་གང་དང་ཡང་བསྐྲུན་དུ་མེད་དོ། །དམྱལ་བ་དེའི་སྒོ་བཞི་ལ་དེའི་སྒོ་རེ་རེ་ན་དམྱལ་བའི་སྲུང་མ་བཅོ་བརྒྱད་འདུག་གོ་མགོ་ནི། སྲིན་པོ་མགོ་ཁ་ནི། སྲིན་པོའི་ཁ་དང་ འདྲ་སྟེ༑ མགོ་ལ་རྭ་བཅོ་བརྒྱད་ཡོད་པ། ལག་ན་ལྕགས་ཀྱི་གསལ་ཤིང་ཐོགས་སོ། །ར་བ་རིམ་པ་བདུན་གྱི་ནང་ལོགས་སུ་ལྕགས་ཀྱི་རྒྱལ་མཚན་གྲངས་མེད་པ་ཞིག་ཡོད་དེ། རྒྱལ་ མཚན་གྱི་མགོར་མེ་བྱུང་བ་ནི། ཆུ་མིག་དང་འདྲ་བར་འབྱུང་ངོ་།ལྕགས་འཇུ་བའི་ཁུ་བ་འབབ་པ་ནི། ཀུན་ཏུ་ཁྱབ་པར་འབབ་སྟེ་དམྱལ་བའི་སྒོ་བཞིར་སྒོ་རེ་རེའི་སྟེང་ན་ཟངས་པོ་ཆེ་བཅོ་ བརྒྱད་ཡོད་པའི་ནང་ན་ལྕགས་ཁོལ་བའི་ཁུ་བ་ཁར་ལུད་ཅིང་སྒོ་བཞིར་བབ་པ། དམྱལ་བའི་ནང་དུ་གང་བར་འབབ་བོ། །ཁང་པ་བར་ཆད་རེ་རེའི་ནང་ནའང་ལྕགས་ཀྱི་སྦྲུལ་ཆེན་པོ་བརྒྱད་ ཁྲི་བཞི་སྟོང་ཡོད་པས་ཁར་བདུག་པའི་མེ་སྐྱུག་ཅིང་རབ་ཀུན་ཏུ་གང་བར་གཏོང་ངོ། །སྦྲུལ་གྱི་སྒྲ་སྒྲོག་པ་ནི། འབྲུག་སྒྲ་ཆེན་པོ་ཟེར་བ་བཞིན་ནོ། །ལྕགས་ཀྱི་ཐུ་ལུམ་ཆེན་པོའི་ཆར་བབ་ [498B] །དེར་སྡུག་བསྔལ་མི་བཟད་པ་ནི། འབུམ་ཕྲག་བརྒྱད་ཁྲིའི་སྡུག་བསྔལ་གྱི་ནང་ན་སྡུག་བསྔལ་མི་བཟོད་པའི་ནང་ན་མི་བཟད་པ་ཀུན་ཀྱང་དེར་འདུས་ཏེ་དཔེ་ ཟླ་མེད་དོ། །མནར་མེད་པའི་དམྱལ་བ་དེའི་སྒོ་བཞིར་སྒོ་རེ་རེའི་ཕྱི་རོལ་ཏུ་འབར་བའི་མེ་ཤིན་ཏུ་མཆེད་ཅིང་འབར་བ་ལྷོ་བྱང་ཤར་ནུབ་བསྣོལ་ཞིང་ཕྱད་པར་རྒྱུའོ། །འབར་བའང་ལྕགས་ཀྱི་ར་བ་ ཁོ་ར་ཁོར་ཡུག་དཔག་ཚད་བརྒྱད་ཁྲི་ནས་སྟེང་ལྕགས་ཀྱི་དྲ་བ་ལ་ཐུག་གི་བར་དུ་ཡར་ཐལ་མར་ཐལ་ཞིང་བླ་འོག་དང། ཕྱོགས་བཞིར་ཀུན་ཏུ་འབར། རབ་ཏུ་འབར་བར་གྱུར་ཏེ། སྡུག་བསྔལ་ གཅིག་ཅར་ལྡང་བ་ནི། གོང་དུ་སྨོས་པ་བཞིན་ནོ། །རྩ་བ་བཞི་དང། སྡོམ་པ་བརྒྱད་འཇིག་པ་དང། མཚམས་མེད་པ་ལྔ་དང། མཉམ་པ་ཉིད་ལ་སྐུར་པ་འདེབས་པ་རྣམས་མདོ་སྡེ་འདི་ ལས་འབྱུང་བ་བཞིན་མཐོལ་ཚངས་མ་བྱས་ན། གནོང་བསྐུར་བའམ་ཁྲེལ་བ་མེད་ན་མི་དེ་ཚེ་འདི་འཕོས་མ་ཐག་ཏུ་སྟོབས་ཚན་པོ་ཆེའི་དཔུང་པ་བརྐྱངས་ཤིང་བསྐུམས་པ་ཙམ་གྱིས་ མནར་མེད་པའི་དམྱལ་བར་ལྟུང་བར་འགྱུར་རོ། །ལུས་ཀྱང་དེའི་ནང་དུ་གང་སྟེ་ཚ་བའི་གཟིར་བས་ཕོངས་ནས་ཁ་གདངས་མིག་བཙུམས་ཀྱང་ཁ་འཐམས་པས་སྨྲ་མ་ནུས་སོ། །དེ་སྡིག་མང་ བའི་ཕྱིར་རལ་གྲིའི་འཁོར་ལོ་གྲངས་མེད་པ་དུ་མ་ཞིག་ནམ་མཁའ་ནས་ཆར་བཞིན་འབབ་སྟེ་ཀླད་པར་ཕོག་ཅིང་རྐང་པར་བྱུང་བའི་སྡུག་བསྔལ་ཐམས་ཅད་ནི། སྔར་གོང་དུ་བཤད་པ་བཞིན་ [499A]༄༅། །བརྒྱ་སྟོང་ཁྲི་ཕྲག་ཏུ་བསྒྱུར་བའོ། །གང་ལ་ལ་རྩ་བ་བཞི་པོ་ཚང་བར་ཞིག་པར་གྱུར་ན་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བ་ནི། བསྐལ་པ་ཆེན་པོ་ལྔ་རྫོགས་ཀྱི་ བར་དུའོ། །སྡོམ་པ་བརྒྱད་འཇིག་པ་ནི། དེ་ལས་འགྱུར་གཅིག་གིས་མང་ངོ། །མཚམས་མེད་པ་ལྔའང་འགྱུར་གཅིག་གིས་མང་ངོ། །མཉམ་པ་ཉིད་ཀྱི་མདོ་སྡེ་ལ་སྐུར་པ་འདེབས་ པའང་འགྱུར་གཅིག་གིས་མང་ངོ། །དཀོན་མཆོག་གསུམ་ལ་མི་མོས་པ་དང། དགེ་འདུན་གྱི་ནོར་བརྐུས་པ་དང། དགེ་སློང་དང། དགེ་སློང་མ་ཚངས་པར་སྤྱད་པ་ལ་དྲི་མ་ཅན་དུ་སྤྱོད་པ་དང་ མཁན་པོ་དང་སློབ་དཔོན་ལ་དབང་ཟ་བ་དང། མ་ལ་གཡེམ་པ་རྣམས་གོང་མ་དག་ལས་ཀྱང་འགྱུར་གཅིག་གིས་བསྐྱེད་དོ། །ལོག་སྤྱོད་ཀྱི་རྣམས་ནི། དགེ་བའི་རྩ་བ་གཏན་ཆད་པས་ ནམ་ཡང་མནར་མེད་པའི་དམྱལ་བ་ནས་མི་ཐར་པ་ནི། དེར་མ་གཏོགས་སོ། །དེ་ལ་སོགས་པའི་སྡིག་ཅན་རྣམས་སྡུག་བསྔལ་ཉམས་སུ་མྱོང་བའི་ཚེ་འབར་བའི་མེ་ཤིན་ཏུ་མཆེད་པ་ ཁོང་དུ་ཞུགས་ཏེ་རྨུགས་ནས་མཆིའོ། །དེ་ནས་སྲིན་པོ་དམྱལ་བའི་སྲུང་མས་ལྕགས་ཀྱི་གསལ་ཤིང་ས་ལ་བརྡབས་ཏེ་སོས་སོས་ཞེས་བོས་པ་དང། བོས་པའི་སྒྲ་བཞིན་དུ་ཡང་ སོས་ཡང་སོས་ནས་ཉིན་མཚན་གཅིག་ལ་ལན་ཁྲི་ནི། འཆི། ལན་ཁྲི་ནི། འཚོ་སྟེ། སྡུག་བསྔལ་མི་བཟད་པ་ཆེན་པོ་ཉམས་སུ་མྱོང་བ་ནི། གོང་དུ་བསྟན་པ་བཞིན་ནོ། །ནམ་ཞིག་ [499B]བཤིག་པ་དང། ཡོན་བདག་དད་པ་ཅན་གྱི་ཡོན་བླངས་པའི་ལས་ཀྱིས་ཡང་དམྱལ་བ་ཆུང་ངུ་རྣམས་ཀྱི་ནང་དུ་འཇུག་སྟེ། དེ་ལ་ དམྱལ་བ་གྲང་སྦྲབས་པ་དང། དམྱལ་བ་མུན་ནག་པ་དང། དམྱལ་བ་རབ་ཏུ་ཚ་བ་དང། དམྱལ་བ་སྤུ་གྲིའི་སོ་གཏམས་པ་དང། དམྱལ་བ་རལ་གྲིའི་འཁོར་ལོ་དང། དམྱལ་བ་མེའི་ཤིང་རྟ་ ཅན་དང། དམྱལ་བ་ཕྱི་སའི་འདམ་དང། དམྱལ་བ་ཆུ་ཚན་དང་དམྱལ་བ་མེ་མུར་ཀླུང་དང། དམྱལ་བ་ནགས་ཚལ་རལ་གྲིའི་ལོ་མ་ཅན་དང། དམྱལ་བ་ལྕགས་ཀྱི་འཁྲུལ་འཁོར་དང་ དམྱལ་བ་ལྕགས་ཀྱི་ཤ་མ་རི་ཀ་བ་ཅན་དང། དམྱལ་བ་ལྕགས་ཀྱི་ཁྲི་ཅན་དང། དམྱལ་བ་ལྕགས་ཀྱི་འཁོར་ལོ་ཅན་དང། དམྱལ་བ་ལྕགས་ཀྱི་ཕུག་དང། དམྱལ་བ་ལྕགས་ཀྱི་ཐུ་ལུམ་ དང། དམྱལ་བ་བསྡུས་འཇོམས་ཐུག་རི་ཅན་དང། དམྱལ་བ་ཟངས་ཁོལ་དང། འདི་རྣམས་སོ་སོར་རེ་རེའི་ནང་དུའང་ལོ་ཁྲི་ཕྲག་བརྒྱད་བརྒྱའི་བར་དུ་ཉོན་མོངས་ནས་གཟོད་ཐར་ཏེ། འོན་ ཀྱང་རྟག་ཏུ་མ་རབས་སུ་སྐྱེས་ལ། ཚེ་རབས་ལྔ་བརྒྱའི་བར་དུ་དཀོན་མཆོག་གསུམ་གྱི་སྒྲ་མི་ཐོས་སོ། །བརྒྱ་ལ་དགེ་བའི་བཤེས་གཉེན་དང་ཕྲད་ན་ནི། བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་སྲིད་ དགེ་བའི་བཤེས་གཉེན་དང་མ་ཕྲད་ན་ནི། སླར་ཡང་དམྱལ་བར་ལྟུང་ངོ། །ཉེས་བྱས་པའི་སྡིག་པ་རྣམས་མ་མཐོལ་མ་བཤགས་ན་དམྱལ་བར་སྡུག་བསྔལ་མྱོང་བའང་རྒྱལ་ཆེན་རིས་བཞིའི་ [500A]༄༅། །ལྷའི་ལོ་གྲངས་ལྟ་བུར་ལོ་ཁྲི་ཕྲག་བརྒྱད་བརྒྱའི་བར་དུ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ལ་ལྟུང་བ་རྣམས་ཀྱི་སྡིག་པ་ནི། དེ་ལས་ཉིས་འགྱུར་དུ་བསྐྱེད་ དོ༑ ༑དགེ་འདུན་གྱི་ལྷག་མའང་དེ་ལས་ཉིས་འགྱུར་དུ་བསྐྱེད་དོ་།སྡིག་ཅན་དེ་དག་གིས་སྡུག་བསྔལ་ཉམས་སུ་མྱོང་བའི་ཚེ་ཚིག་གཞན་མི་ཕྱིན་ཏེ། ཨཱ་བ་པ། ཨཱ་ཏ་ཏ། ཨཱ་ལ་ལ་ ཨཱ་བ་བ་འབའ་ཞིག་ཟེར་ཞིང་འདུག་གོ་དེ་བས་ན་སྡིག་ཅན་རྣམས་རིངས་པར་སོ་སོར་མཐོལ་ཞིང་བཤགས་ལ་དཀོན་མཆོག་གསུམ་གྱི་སྐྱབས་སུ་སོང་བར་གྱིས་ཤིག་འཇམ་ དཔལ༑ ཡང་འདི་ལྟ་སྟེ། སྡིག་པ་མྱུར་དུ་བསལ་ཤིང་འབྱང་བར་འདོད་ན། མདོ་སྡེ་འདིའི་ནང་ནས་འབྱུང་བ་བཞིན་དུ་སོ་སོར་མཐོལ་བཤགས་ཏེ་འགྱོད་ཚངས་བྱོས་ཤིག་ཆོ་ག་ ཉིན་ཞག་བདུན་གྱི་བར་དུ་ཉིན་གཅིག་ཟ་གཅིག་ཏུ་བྱས་ལ་ཡང་དག་པའི་རྟོག་པ་དང། ཡང་དག་པའི་དྲན་པས་དེ་བཞིན་གཤེགས་པ་སངས་རྒྱས་སུ་འགྲུབ་པའི་ཚེ་མི་ཆེན་པོའི་མཚན་ དང། མངོན་པར་འཚང་རྒྱ་བའི་མཚན་དང། མི་གཡོ་བའི་མཚན་དང། རྣམ་པར་གྲོལ་བའི་མཚན་དང། འོད་ཟེར་ཅན་གྱི་མཚན་དང་ཡེ་ཤེས་ཡོངས་སུ་རྒྱས་པའི་མཚན་དང་ ཕ་རོལ་ཏུ་ཕྱིན་པ་རྣམས་དང་ལྡན་པའི་མཚན་དང། དཔའ་བོར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་རྒྱ་མཚོའི་མཚན་རྣམས་བསམ་པར་བྱའོ། །ཡང་གཅིག་ཏུ་ན་བྱང་ཆུབ་སེམས་ [500B]འཛིན་ལས་ལངས་ཏེ་ཡིད་འགོག་པའི་ཏིང་ངེ་འཛིན་དུ་འཇུག་པར་བྱའོ། །ཡིད་འགོག་པའི་ཏིང་ངེ་འཛིན་ལས་ལངས་ཏེ་སླར་ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལས་ལངས་ཏེ་ཤེས་རབ་སྒྲོན་མའི་ཏིང་ངེ་འཛིན་ལ་འཇུག་ཤེས་རབ་སྒྲོན་མ་ལས་ལངས་ཏེ་ ཆོས་རྣམས་ཀྱི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་འཇུག་ཆོས་རྣམས་ཀྱི་མཚན་ཉིད་ལས་ལངས་ཏེ་མཚན་མ་འོད་ཟེར་ཅན་གྱི་ཏིང་ངེ་འཛིན་ལ་འཇུག་མཚན་མ་འོད་ཟེར་ཅན་ལས་ལངས་ཏེ་ སེངྒེའི་ང་རོའི་ཏིང་ངེ་འཛིན་ལ་འཇུག་སེངྒེ་ང་རོའི་ཏིང་ངེ་འཛིན་ལས་ལངས་ཏེ་སེངྒེ་སྤྲུག་པའི་ཏིང་ངེ་འཛིན་ལ་འཇུག་།སེངྒེ་སྤྲུག་པ་ལས་ལངས་ཏེ་རྒྱ་མཚོ་ཡིད་ཀྱི་ཏིང་ངེ་འཛིན་ལ་འཇུག་ རྒྱ་མཚོ་ཡིད་ལས་ལངས་ཏེ་ཀུན་ཏུ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་འཇུག་ཀུན་ཏུ་ཡེ་ཤེས་ལས་ལངས་ཏེ་གཟུངས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་འཇུག་གཟུངས་ཀྱི་ཕྱག་རྒྱ་ལས་ལངས་ཏེ་ཀུན་ ཏུ་སྣང་བའི་ལུས་གཟུགས་ཅན་གྱི་ཏིང་ངེ་འཛིན་ལ་འཇུག་ཀུན་ཏུ་སྣང་བའི་ལུས་གཟུགས་ཅན་ལས་ལངས་ཏེ་ཆོས་ཀྱི་དབྱིངས་ཉིད་ཀྱི་ཏིང་ངེ་འཛིན་ལ་འཇུག་ཆོས་ཀྱི་དབྱིངས་ཉིད་ལས་ ལངས་ཏེ་སེངྒེའི་རྒྱལ་པོའི་ཏིང་ངེ་འཛིན་ལ་འཇུག་སེངྒེའི་རྒྱལ་པོ་ལས་ལངས་ཏེ་ཆོས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན་ལ་འཇུག་།ཆོས་ཀྱི་རྒྱལ་པོ་ལས་ལངས་ཏེ་བདུད་རྣམས་ཀྱི་མཚན་མ་འགོག་ [501A]༄༅། །པའི་ཏིང་ངེ་འཛིན་ལ་འཇུག་བདུད་རྣམས་ཀྱི་མཚན་མ་འགོག་པ་ལས་ལངས་ཏེ་སྟོང་པ་ཉིད་ཀྱི་ཤེས་རབ་ཀྱི་ཏིང་ངེ་འཛིན་ལ་འཇུག་སྟོང་པ་ཉིད་ཀྱི་ཤེས་རབ་ ལས་ལངས་ཏེ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་ཤེས་པའི་ཏིང་ངེ་འཛིན་ལ་འཇུག་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་ཤེས་པ་ལས་ལངས་ཏེ་ཆེན་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཏིང་ངེ་ འཛིན་ལ་འཇུག་ཆེན་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་ལངས་ཏེ་གནས་ཐམས་ཅད་དུ་ཁྱབ་པའི་ལུས་གཟུགས་ཅན་གྱི་ཏིང་ངེ་འཛིན་ལ་འཇུག་གནས་ཐམས་ཅད་དུ་ཁྱབ་པའི་ལུས་ གཟུགས་ཅན་ལས་ལངས་ཏེ་སེམས་ཀྱི་མཚན་ཉིད་ལ་རྣམ་པར་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་སེམས་ཀྱི་མཚན་ཉིད་ལ་རྣམ་པར་རྟོག་པ་ལས་ལངས་ཏེ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྡོ་རྗེའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་འཇུག་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལས་ལངས་ཏེ་རྡོ་རྗེའི་གཙུག་ཏོར་ གྱི་ཏིང་ངེ་འཛིན་ལ་འཇུག་རྡོ་རྗེ་གཙུག་ཏོར་ལས་ལངས་ཏེ་རྒྱ་མཚོ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་འཇུག་རྒྱ་མཚོ་ཐམས་ཅད་ལས་ལངས་ཏེ་གཟུངས་ཐམས་ཅད་ཀྱི་རྒྱ་མཚོའི་ཏིང་ངེ་ འཛིན་ལ་འཇུག་གཟུངས་ཐམས་ཅད་ཀྱི་རྒྱ་མཚོའི་ཏིང་ངེ་འཛིན་ལས་ལངས་ཏེ་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་གྱི་རྒྱ་མཚོའི་ཏིང་ངེ་འཛིན་ལ་འཇུག་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ [501B]པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་རྒྱ་མཚོའི་ཏིང་ངེ་འཛིན་ལ་འཇུག་སངས་རྒྱས་ཐམས་ཅད་ཀྱི་རྣམ་ པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་རྒྱ་མཚོ་ལས་ལངས་ཏེ་གདོད་ཐབས་ཀྱི་ཏིང་ངེ་འཛིན་མཐའ་མེད་མུ་མེད་པའི་རྒྱ་མཚོའི་སྒོར་འཇུག་པར་བྱའོ། །མཐའ་མེད་མུ་མེད་ པའི་རྒྱ་མཚོའི་སྒོ་ནས་ལངས་ཏེ་ཡིད་འགོག་པ་དང་ཞི་བའི་ཏིང་ངེ་འཛིན་ལ་འཇུག་ཡིད་འགོག་པ་དང་ཞི་བ་ལས་ལངས་ཏེ་རྡོ་རྗེ་གདོན་མི་ཟ་བའི་རྣམ་པར་གྲོལ་བ་ཆེན་པོའི་ཏིང་ངེ་འཛིན་ལ་ འཇུག་པར་བྱའོ། །འཇམ་དཔལ། ང་མྱ་ངན་ལས་འདས་པའི་འོག་ཏུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་དད་པ་སྐད་ཅིག་མའི་སེམས་བསྐྱེད་དེ་མདོ་འདི་ཡི་གེར་འབྲི་བའམ། ཀློག་ པའམ༑ ཁ་ཏོན་དུ་སྐད་ཅིག་མར་དྲན་ཏེ་བསམ་པའི་འདུ་ཤེས་དང་དྲན་པའི་འདུ་ཤེས་དང། རྟོགས་པའི་འདུ་ཤེས་སུ་དད་པའི་སེམས་གྲུབ་ན། སྐད་ཅིག་མར་བསྐལ་པ་བྱེ་བ་ཁྲག་ཁྲིག་ འབུམ་ཕྲག་དགུ་བཅུའི་གངྒཱའི་བྱེ་མ་སྙེད་ཀྱི་འཁོར་བའི་སྡིག་ཕྱིར་བསྙིལ་བར་འགྱུར་རོ། །མ་རིག་པའི་སྒྲིབ་པ་ཡང་གཏན་བྲལ་བར་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པ་རྟག་ཏུ་འཚོ་སྐྱོང་ ཞིང་གཞེས་ཏེ་མྱ་ངན་ལས་མི་འདའ་བར་མངོན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཡི་དྭགས་མཐུ་ཆེན་ཐམས་ཅད་དང། །དུད་ [502A]༄༅། །འགྲོ་གླང་པོ་མ་རུངས་དང། །བུད་མེད་གཡེམ་དང་མ་རུངས་ཀླུ། །དཔག་ཏུ་མེད་པའི་མ་རུངས་རྣམས། །བ་སུ་དང་ནི་མ་སྐྱེས་དགྲ་ལྷ་སྦྱིན་དང་ནི་སོར་མོའི་ཕྲེང། །ལས་ དང་སེམས་ཀྱིས་སྡིག་སྤྱད་པས། །དམྱལ་བ་མནར་མེད་ལྟུང་འོས་ཀྱང། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་ལ། །དད་པ་བསྐྱེད་དེ་ཕྱག་འཚལ་ཕྱིར། །ཐུབ་པ་མྱ་ངན་འདའ་བའི་ཁར། །བསྐལ་ པ་གྲངས་མེད་ཕྱིར་བཤོལ་ལོ། །མ་ག་དྷ་ཡི་སྐྱེ་བོ་དག་ཀུན་ཀྱང་བྱང་ཆུབ་སེམས་བསྐྱེད་པ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་ལ། །གུས་པར་ཕྱག་བྱའི་དབང་གིས་སོ། །ཀཽཎྜི་ནྱ་ལ་སོགས་ པ་དང། །ཉན་ཐོས་ལྔ་བརྒྱ་རྣམ་དག་གིས། །མ་འོངས་དུས་སུ་འཚང་རྒྱ་བའང། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་ལ། །གུས་པར་ཕྱག་བྱའི་དབང་གིས་སོ། །མུ་སྟེགས་དང་ནི་བྲམ་ཟེ་དང། ། སྔགས་འཆང་ཆེན་པོ་དྲང་སྲོང་བཅུ། །ད་ལྟར་དགྲ་བཅོམ་གྲུབ་པ་ཡང། །འདས་པའི་ཕྱོགས་བཅུ་དུས་གསུམ་གྱི། །རྒྱལ་བ་རྣམས་ལ་ཕྱག་བྱའི་ཡོན། །དམ་པའི་དོན་ལ་ཆུད་པ་དང། །ཕྱོགས་ བཅུ་རྒྱལ་བའི་ཞིང་རྣམས་ལ། །བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད། །ཚེ་དཔག་མེད་པར་སྐྱེས་པ་ཡང། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་ལ། །གུས་པར་ཕྱག་བྱའི་དབང་གིས་སོ། ། རྒྱལ་བུ་དགེ་མཐོང་འདི་ལྟ་སྟེ། །སྔོན་ང་རྒྱལ་པོར་བྱེད་པའི་ཚེ། །དྲང་སྲོང་ཆེན་པོ་སྦྱིན་ཞེས་བྱ། །དེ་ནི་སངས་རྒྱས་མ་བྱུང་སྟེ། །བྲམ་ཟེ་ལྔ་བརྒྱ་རྣམས་ཤིག་ལ། །ཁ་ཟས་དང་ནི་གོས་རྣམས་ [502B] །ཁང་ཁྱིམ་དང་ནི་མལ་ཆའི་བར། །ལོ་གྲངས་ཉི་ཤུ་ཚང་བར་དུ། །རབ་ཏུ་བྱུང་བའི་མཆོད་པ་ཕུལ། །དེས་ནི་དེ་ཚེ་བསྒོ་བ་ལ། །ཁྱེད་རྣམས་བྱང་ཆུབ་སེམས་བསྐྱེད་ཅིང། །བྲམ་ཟེ་ལྔ་བརྒྱ་དེ་དག་ གིས། །མཆོད་པ་ཕུལ་བ་བླངས་ཀྱིས་ཀྱང། །དཀོན་མཆོག་གསུམ་ལ་མ་དད་པས། །མོད་བཞིན་ང་ལ་སླར་སྨྲས་པ། །འཇིག་རྟེན་ནང་ན་བྱང་ཆུབ་དང། །རྣམ་པར་གྲོལ་བ་མེད་དོ་ཞེས། །དེ་སྐད་སྨྲས་ པར་ངས་ཐོས་ནས། །མཉམ་ཉིད་མདོ་སྡེ་བསྲུང་བའི་ཕྱིར། །བྲམ་ཟེ་ལྔ་བརྒྱའི་སྲོག་བཅད་དོ། །བྲམ་ཟེ་དེ་དག་ཚེ་འཕོས་ནས་།དམྱལ་བ་མནར་མེད་ལྟུང་བར་གྱུར། །སེམས་ཅན་དམྱལ་བར་ལྷུང་ནས་ སུ༑ ༑དྲན་པ་རྣམ་གསུམ་གཡོས་ནས་ཀྱང། །དུས་གསུམ་རྒྱལ་ལ་ཕྱག་བྱས་སོ། །མཉམ་པ་ཉིད་ཀྱི་མདོ་སྡེ་དང། །བྱང་ཆུབ་དགེ་འདུན་དད་བསྐྱེད་དེ། །དྲན་པ་རྣམ་གསུམ་བྱས་ནས་སུ། །མེད་ལ་དམྱལ་ ནས་བྱུང་སྟེ་དོང། །འཇིག་རྟེན་ཟིལ་མངར་རྔ་རུ་སྐྱེས། །ཚེ་ནི་བསྐལ་པ་ཆུང་བཅུ་ཐུབ། །དེ་ཡང་གུས་པའི་སེམས་ཀྱིས་སུ། །ཕྱོགས་བཅུའི་རྒྱལ་ལ་ཕྱག་བྱའི་ཡོན། །བྲམ་ཟེ་དེ་དག་ཐམས་ཅད་ཀྱིས།། ཐོག་མ་སྐུར་བས་དམྱལ་ལྟུང་ཡང། །ཕྱིས་ནི་དད་པས་མོད་ལ་ཐར་།བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ནི། །ཁྲེལ་དང་ལྡན་པ་སྨོས་ཅི་དགོས། །སྡིག་གི་རང་བཞིན་ཐོག་མ་ནས། །མེད་པས་སེམས་ ཅན་རྣམས་ཀྱི་ཕྱིར། །རྩ་བ་བཞི་པོའི་སྡོམ་པ་དང། །མཚམས་མེད་ལྔ་པོའི་སྡིག་རྣམས་དང། །ལོག་སྤྱོད་བར་དུ་མཐོལ་བཤགས་སོ། །སོ་སོའི་སྐྱེ་བོ་ལ་ལ་ཞིག་དེ་ལྟ་བུ་ཡི་སྡིག་བྱས་པ། ། [503A]༄༅། །དེ་བཞིན་མཐོལ་ཚངས་བྱེད་ནུས་ན། །རྩ་བ་བཞི་དང་མཚམས་མེད་ལྔ། །ལོག་སྤྱོད་པར་དུ་སྡིག་འབྱང་སྟེ། །སངས་རྒྱས་འགྲུབ་པའང་གདོན་མི་ཟ། །མ་དད་ པ་ནི་དེར་མ་གཏོགས། །གང་ཞིག་དད་པའི་སེམས་ཤེས་ཏེ། །རྒྱལ་བ་རྣམས་ལ་ཕྱག་བྱས་ན། །ཆོས་ལམ་མི་འགྲུབ་མི་སྲིད་དོ། །དེ་ནས་རྒྱལ་བུད་དགེ་མཐོང་དང། །སུམ་ སྟོང་པོ་ཡི་མི་རྣམས་ཀྱིས། །བཅོམ་ལྡན་འདས་ལ་ཚིག་མཐུན་པར་།འདི་སྐད་གསོལ་ཏེ་བདག་ཅག་རྣམས། །སངས་རྒྱས་གྲུབ་ན་སྐྱེ་ཤི་ལས། །འཁོར་བའི་རྣམ་དག་བསྒྲལ་ བར་སྨོན། །ལྷ་མིའི་ནང་ན་བཙུན་བཞུགས་པས། །བྱེ་བྲག་ཕྱེད་པར་བཤད་དུ་གསོལ། །དེ་ལ་གཟུངས་སུ་བཟུང་བ་དང། །ཡི་གེར་བྲིས་ཤིང་ཀློག་འཆང་བ། །དེ་ཡི་བསོད་ནམས་ཇི་ ཙམ་མཆིས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བྱེ་བྲག་ཕྱེད་པར་ངས་བཤད་ཀྱི། །རྒྱལ་བུ་དགེ་མཐོང་ལེགས་པར་ཉོན། །གང་ཞིག་རིན་ཆེན་སྣ་བདུན་གྱིས། །སྟོང་ཁམས་གང་བའི་སེམས་ ཅན་ལ། །སྦྱིན་པ་བྱས་ཤིང་ཡོན་ཕུལ་ནས། །དེ་ཡི་སྟེང་དུ་ཆོས་བཤད་ཅིང། །དགྲ་བཅོམ་འབྲས་བུ་ཐོབ་བྱས་པས། །ལ་ལ་ཞིག་གིས་རྒྱལ་བའི་མཚན། །ཐོས་ནས་དད་པའི་སེམས་བསྐྱེད་དེ། །སྐད་ ཅིག་དུས་སུ་ཕྱག་བྱས་ན། །དེ་ཡི་བསོད་ནམས་དེ་བས་འདའ། །ཡི་གེ་བྲིས་ཤིང་ཀློག་འཆང་བ། །འདི་[?]བས་ཕྱག་འཚལ་སྨོས་ཅི་དགོས་།དེ་ཡི་བསོད་ནམས་དཔག་ཏུ་མེད། །གང་གིས་ཡི་གེར་བྲིས་པ་དང་།ཀློག་པ་ [503B][?]ན་འདོན་པ་དང། །དུས་སུ་ཕྱག་འཚལ་སེམས་བསྐྱེད་ན་།མཆོད་རྟེན་སྟོང་ཁམས་ཆུབ་པར་དུ། །བརྩིགས་པའི་བསོད་ནམས་བས་ནི་ཆེ། །དེ་ནས་འོད་སྲུང་ཆེན་པོ་དང། །ཤཱ་རིའི་བུ་དང་ཀུན་དགའ་ པོ༑ ༑འཇིག་རྟེན་སྲུང་བ་མཐུ་བོ་ཆེ། །ཚངས་ལྷ་རྣམས་དང་ལྷ་དབང་པོ། །འཁོར་ལོས་བསྒྱུར་དང་རྒྱལ་ཆེན་བཞིས། །བཅོམ་ལྡན་ཞབས་ལ་མགོས་བཏུད་ནས། །མཚིག་མཐུན་པར་ནི་འདི་སྐད་ གསོལ༑ ༑བཅོམ་ལྡན་མྱ་ངན་འདས་སླད་ན། །བདག་ཅག་རྣམས་ཀྱིས་སེམས་ཅན་ལ། །ཁྱབ་པར་སྤེལ་ཞིང་བསྟན་པར་བགྱི། །ལུས་སེམས་རྟག་ཏུ་བདེ་བའི་ཕྱིར། །ཕྱག་འཚལ་རྣམས་ལ་བསྲུང་ བར་བགྱི། །གང་ཞིག་སྡོམ་པ་ཞིག་པ་དང། །མཚམས་མེད་ལྔ་ཡི་སྡིག་པ་དང། །མཉམ་པ་ཉིད་ལ་སྐུར་བ་རྣམས། །སངས་རྒྱས་དེ་དག་མཚན་ཐོས་པས། །རྣམ་དག་ས་རུ་བདེ་བར་གནས། །དཔེར་ ན་རྒྱལ་བུ་དགེ་མཐོང་བཞིན། །ད་དུང་མ་འོངས་ཕྱི་དུས་ལ་།སངས་རྒྱས་རང་བཞིན་མཐོང་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཚོགས་ཆེན་པོ་རྣམས་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ༑ ༑ཁྱེད་རྣམས་ལེགས་པར་ཉོན་ཅིག་ཁྱེད་རྣམས་ལ་སྔོན་བྱུང་བའི་ལས་ཀྱི་རྒྱུ་རྐྱེན་བཤད་པར་བྱའོ། །ང་སྔོན་བསྐལ་པ་དཔག་ཏུ་མེད་པ་འདས་པའི་སྔོན་རོལ་ན་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཛེས་པའི་འོད་ཅེས་བྱ་བ་ལ་ཕྱོགས་བཅུ་དུས་གསུམ་གྱི་སང་རྒྱས་ཀྱི་མཚན་ཐོས་ནས་ཤིན་ཏུ་དགའ་བའི་སེམས་སྐྱེས་ཏེ་ [504A]༄༅། །ཐལ་མོ་སྦྱར་ཅིང་སྤྱི་བོས་བླངས་སོ། །བླངས་ནས་ཀྱང་སེམས་ཅན་གང་ནས་གང་དུ་གནས་པ་དེ་དང་དེར་དཔག་ཏུ་མེད་པ་མཐའ་ཡས་པའི་སེམས་ཅན་རྣམས་ལ་རྒྱ་ཆེར་ སྤེལ་ཞིང་བསྟན་ཏེ་སངས་རྒྱས་ཀྱི་མཚན་ཐོས་པར་བྱས་སོ། །དེའི་ཚེ་དེའི་དུས་ན་ཚོགས་རྣམས་ཀྱི་ནང་དུ་མི་སུམ་སྟོང་ཉི་ཚེ་ཞིག་ངའི་ཆོས་ཀྱི་དོན་དང་མཐུན་ཏེ་དད་པའི་སེམས་དཔག་ཏུ་ མེད་པ་སྐྱེས་ནས་ངའི་ཐད་དུ་སངས་རྒྱས་དེ་རྣམས་ཀྱི་མཚན་ནས་བརྗོད་ཅིང་ཕྱག་བྱས་པས་དེ་ལྟར་ཕྱོགས་བཅུར་སྣང་ཞིང་མངོན་པར་འཚང་རྒྱ་བ་ཡིན་ནོ། །རིགས་ཀྱི་བུ་དག་རྩ་བ་བཞི་དང་ མཚམས་མེད་པའི་སྡིག་ལྕི་པ་དང། མཉམ་པ་ཉིད་ལ་སྐུར་བ་དང་ལོག་སྤྱོད་ཀྱི་བར་དུ་སྡིག་འབྱང་བར་འདོད་ན་དད་པའི་སེམས་ཀྱི་དབང་དུ་འགྲོ་བར་བྱའོ། །རིགས་ཀྱི་བུ། ཡང་འདི་ལྟ་སྟེ་ གང་ལ་ལས་མ་དད་ཅིང་མ་གུས་པས་མདོ་སྡེ་བཅུ་གཉིས་ལ་བསྐུར་ཅིང་དབང་ཟོས་པ་དང། རྡོ་རྗེའི་སྐུ་དང། སྐྱེས་བུ་དམ་པ་འཇམ་དཔལ་དང། ཕྱོགས་བཅུའི་རྒྱལ་བ་རྣམས་ལ་ སྐུར་ཅིང་དབང་ཟ་བ་རྣམས་གདོན་མི་ཟ་བར་སེམས་ཅན་དམྱལ་བར་ལྟུང་སྟེ། རྫུན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་མ་དད་པའི་ཕྱིར་རོ། །དམ་པའི་ཆོས་ལ་སྐུར་བའི་ཕྱིར་རོ། ། བླ་མ་རྣམས་ལ་བརྙས་པའི་ཕྱིར་རོ། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ལ་སྨད་པའི་ཕྱིར་ཏེ། ངེས་པར་དམྱལ་བར་ལྟུང་ངོ་།སངས་རྒྱས་ཀྱི་མཚན་དེ་དག་ལ་དད་ཅིང་ [504B] མི་དགེ་བ་བཅུ་དང། མཚམས་མེད་པ་ལྔ་དང། མཉམ་པ་ཉིད་ལ་སྐུར་བའི་སྡིག་ལྟ་ཞིག་མི་འབྱང་མི་སྲིད་དོ། །མ་དད་པ་དང། མ་གུས་པ་དང། དགེ་ པའི་རྩ་བ་རྒྱུན་ཆད་པ་དང། ལོག་སྤྱོད་རྣམས་ནི། དེར་མ་གཏོགས་སོ། །རིགས་ཀྱི་བུ་དག། ཤཱཀྱ་ཐུབ་པའི་སྐུ་འབུམ་ཕྲག་བརྒྱར་སྤྲུལ་པའང་འཇིག་རྟེན་རེ་རེ་ན་སྟོན་པ་མཛད་ཅིང་བཞུགས་ ཏེ༑ ཐ་མའི་སྐུ་ནི། ང་ཡིན་ནོ། །དེའི་ཚེ་ང་དང་འགྲོགས་པའི་མི་སུམ་སྟོང་པོ་ཀུན་ད་ལྟར་སངས་རྒྱས་སུ་གྲུབ་སྟེ། སྟོང་དང་པོའི་གཙོ་བོ་ནི། སངས་རྒྱས་པདྨའི་འོད་ཅེས་བྱ། སྟོང་པར་མའི་ གཙོ་བོ་ནི། སངས་རྒྱས་རྡོ་རྗེའི་སྐུ་ཞེས་བྱ། སྟོང་ཐ་མའི་གཙོ་བོ་ནི། སངས་རྒྱས་བྱམས་པ་ཞེས་བྱའོ། །དེ་བས་ན་ཁྱེད་རྣམས་ཀྱང་དེ་བཞིན་དུ་ཕྱོགས་བཅུ་དུས་གསུམ་གྱིས་སངས་རྒྱས་ཀྱི་ མཚན་བརྗོད་ཅིང་ཕྱག་འཚལ་བའི་རིགས་སོ། །ཁྱོད་རྣམས་མ་འོངས་པའི་དུས་ན་ཚོགས་མང་པོ་རྣམས་ལ་ཆོས་སྟོན་པ་རྒྱ་ཆེར་བྱེད་ཅིང་མཐའ་མེད་པའི་སེམས་ཅན་རྣམས་ལ་ཕན་གདགས་ ཏེ༑ ཁམས་གསུམ་ནས་བཟླས་ཤིང་ཞི་བ་དང་དབེན་པའི་གནས་སུ་དཀྱིལ་འཁོར་གྱིས་ལ་ང་དང་འདྲ་བར་བྱོས་ཤིག་དེ་ནས་བྱང་ཆུབ་སེམས་དཔའ་གཟུངས་འཛིན་སྟན་ལས་ལངས་ ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཏུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཅིང་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ [505A]༄༅། །འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཇི་ལྟར་གཟུང་བར་བགྱི། ཇི་ལྟར་བསྒོམ་ཞིང་སྤྱད་པར་བགྱི། དེ་སྐད་ ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདིའི་མིང་ནི། སྡོམ་པ་ལྕི་བ་རྣམས་ལ་ཕན་གདགས་པའོ། །ཞེས་བྱ་བར་ཟུངས་ ཤིག་རྡོ་རྗེ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བར་ཟུངས་ཤིག་སྡེ་སྣོད་ཀྱི་སྒོ་དཔག་ཏུ་མེད་པའོ། །ཞེས་བྱ་བར་ཟུངས་ཤིག་ཐམས་ཅད་ཀུན་ཏུ་བསྡུས་པའོ། །ཞེས་བྱ་བར་ཟུངས་ཤིག་རྒྱ་ ཆེན་པོ་དཔེ་ཟླ་མེད་པའོ། །ཞེས་བྱ་བར་ཟུངས་ཤིག་མི་སུམ་སྟོང་སངས་རྒྱས་སུ་གྲུབ་པར་རྣམ་པར་བཀོད་པ་ཞེས་བྱ་བར་ཟུངས་ཤིག་།གྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་བསོད་ནམས་ ཐོབ་པའོ། །ཞེས་བྱ་བར་ཟུངས་ཤིག་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་ཞེས་བྱ་བར་ཟུངས་ཤིག་དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་གཟུངས་འཛིན་གྱིས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པས་བསྟན་པ་ལྟར་ན་ཆོས་ཀྱི་རྣམ་གྲངས་འདི་ནི། སེམས་ཅན་དཔག་ཏུ་མ་མཆིས་པ་རྣམས་ལ་སྨན་པ་དང། བདེ་བ་ཆེན་པོ་ མཛད་པའི་སླད་དུ་སྡིག་སྦྱངས་པ་དང། སངས་རྒྱས་སུ་འགྲུབ་པ་མཛད་པའི་མདོ་འདི་ནི། སངས་རྒྱས་ཐམས་ཅད་ཀྱི་ནི། ཡུམ་མོ་།བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ནི། ལམ་ [505B] ༑ཉན་ཐོས་རྣམས་ཀྱི་ནི། མིག་གོ་ལྷ་དང་མི་རྣམས་ཀྱི་ནི། ཁང་ཁྱིམ་ལགས་ཏེ། དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་དན་དང་ལྡན་པ་བདག་གིས་གཟུངས་སུ་གཟུང་བར་བགྱིའོ། །ལྷ་ དང་མི་གང་ནས་གང་དུ་གནས་པ་དེ་དང་དེར་རྒྱ་ཆེར་སྤེལ་བར་བགྱིའོ། །རྒྱུན་མི་འཆད་ཅིང་ཡུན་དུ་གནས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། །ཁྱོད་ ནི༑ སྐྱེས་བུ་དམ་པ་ཡིན་ཏེ། སྡེ་སྣོད་ཆེན་པོ་དཔག་ཏུ་མེད་པ་ཐམས་ཅད་གཟུངས་སུ་འཛིན་པ་ལགས་ཏེ། ཁྱོད་མ་འོངས་པའི་དུས་ན་ང་འགྲོ་བའི་གནས་སུ་ཁྱོད་འགྲོ་ཞིག་ང་འདུག་པའི་ གནས་སུ་ཁྱོད་འདུག་ཅིག་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཞིག་ཕྱིར་མི་ལྡོག་པ་དང། མི་འགྱུར་པའི་སར་གནས་ སོ༑ ༑ཉན་ཐོས་བརྒྱད་ཁྲི་ཞིག་ཐེག་པ་ཆེན་པོའི་སེམས་བསྐྱེད་དོ་།དགེ་སློང་སྟོང་ཕྲག་བཅུ་ཞིག་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ་།ལྷ་དང་མི་བརྒྱད་ཁྲི་བཞི་སྟོང་ཞིག་ཆོས་ཀྱི་མིག་རྣམ་ པར་དག་པ་ཐོབ་བོ། །སེམས་ཅན་སྟོང་ཕྲག་བརྒྱ་ཞིང་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་བཤད་ཟིན་ནས་ ཤིང་སཱ་ལ་ག་ལ་བ་དེ་ལོགས་སུ་གཤེགས་སོ། །གཤེགས་ནས་གསེར་གྱི་མེ་ཏོག་རིན་པོ་ཆེ་རྫིང་བུ་དང་བཅས་པར་མི་སྣང་བར་གྱུར་ཏེ་དེ་བཞིན་གཤེགས་པའི་འོད་ཀྱང་བསྡུས་ [506A]༄༅། །ནས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་མཐོ་དམའ་དང་གཙང་སེམས་ཡང་སྔོན་བཞིན་ནོ། །མི་རྣམས་ཉེས་བྱས་པའི་ཕྱིར་དམྱལ་བ་ཡང་སྔོན་བཞིན་ནོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང། ལྷ་དང། མི་དང། ལྷ་མ་ཡིན་དང། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་ གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་ཡོངས་སུ་གྲུབ་པ་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་ མདོ་རྫོགས་སོ།། །རྒྱ་ནག་གི་འགྱུར་ཤླཽ་ཀ་བདུན་བརྒྱ་རྩ་བཅུ་གཉིས་ཏེ། བམ་པོ་གཉིས་དང། ཤོ་ལོ་ཀ་བརྒྱ་བཅུ་གཉིས་